མཚོ་བྱང་དང་མཚོ་ནུབ་ཁུལ་གཉིས་ཀྱིས་གཞི་རིམ་བྱ་བ་བསྒྲུབ་པའི་ལམ་ལུགས་ཚད་ལྡན་དུ་བཏང་ནས་ཕན་འབྲས་དངོས་བླངས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-12-17   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་བསྒྲོགས་བརྙན་ཟཕྲིན་ཁང་།

གཅིག མཚོ་བྱང་གི་རོང་འབྲོག་ཁུལ་གྱི་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་གཞུང་དོན་གྲོས་མོལ་དང་ཇུས་ཐག་གཅོད་པའི་ནང་རྐྱེན་ཐད་ཕན་འབྲས་ཐོབ་པ།

ཉེ་བའི་ལོ་ཤས་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རོང་འབྲོག་ཁུལ་གཞི་རིམ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དེ་དཔལ་དང་འབྱོར་སྤྱི་ཚོགས་འཕེལ་རྒྱས་འབྱུང་བའི་བྱ་བ་དང་མཉམ་དུ་བཟུང་སྟེ། རྒྱུན་ཆད་མེད་པར་རོང་འབྲོག་ཁུལ་གྱི་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་གཞུང་དོན་གྲོས་མོལ་དང་ཇུས་ཐག་གཅོད་པའི་ལམ་ལུགས་ཚད་ལྡན་དུ་བཏང་ཞིང་། “གཞུང་དོན་གསུམ”ཡོངས་བསྒྲགས་དང“གྲོས་མོལ་གསུམ”དང“བརྡས་ཐག་གཅོད་པ་གཅིག” “གཞུང་དོན་རེ་རེར་གྲོས་མོལ་བྱེད་པ།” “སྤྱོད་གཙང་ཡིན་མིན་ཕྱོགས་གཉིས་ནས་དཔྱད་འཇོག”སོགས་དམངས་གཙོའི་ལྟ་སྐུལ་བྱེད་ཐབས་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་བས། ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བའི་ལས་དོན་སྣ་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་ནུས་ལྡན་བྱས།

མཚོ་བྱང་ཁུལ་གྱིས་ཁུལ་དང་རྫོང་དུ་སྡེ་ཁག་དང་ལས་ཁུངས་ཉི་ཤུ་ལྷག་ཁོངས་ཞུགས་སྡེ་ཚན་ཡིན་པའི་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ཏེ། འགན་འཁྲི་གཏན་འཁེལ་གསལ་བོ་བྱས་པ་དང་རིམ་པ་བཞིན་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བའི་དམིགས་འབེན་འགན་འཁྲིའི་ཡི་གེ་བཞག་པས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་སྔར་ལས་དངོས་འབེབས་བྱས། ཁུལ་ཡོངས་ཀྱི་རང་བྱུང་སྲིད་འཛིན་སྡེ་བ་ཉིས་བརྒྱ་དང་བཅུ་བཞི་རུ་སྡེ་བ་རིམ་པའི་སྒྲིག་ཁྲིམས་ཞིབ་བཤེར་པ་དང་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་སྡེ་བའི་ལས་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་། དེ་མིན་ནོར་དོན་ཚོགས་འདུའི་སྟེང་ཞིབ་བཤེར་དང་ཇུས་ཐག་གཅོད་པ། “མ་རྩ་གསུམ”གྱི་དོ་དམ་སོགས་ལྟ་སྐུལ་ནང་རྐྱེན་བརྒྱུད་དེ་ཞིང་པ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་སྲུང་སྐྱོང་བྱས་པ་དང་། ཞིང་པ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་འབུར་ཐོན་གནད་དོན་ཡོ་བསྲང་བྱས།

སྡེ་བ་སོ་སོས“གྲོས་མོལ་གསུམ”དང“བརྡས་ཐག་གཅོད་པ་གཅིག” “གཞུང་དོན་རེ་རེར་གྲོས་མོལ་བྱེད་པ།” “གཞུང་དོནགསུམ”ཡོངས་བསྒྲགས་བྱེད་པ་བཅས་བྱེད་ཐབས་སྤྱད་དེ་ཐུན་མོང་གི“མ་རྩ་གསུམ”དོ་དམ་བྱེད་པ་དང་། མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་ཡིན་མིན་གཏན་འཁེལ་བྱེད་པ། འབྲོག་པའི་གཏན་སྡོད། ཉེན་ཁང་བསྒྱུར་བཀོད། གྲངས་འབོར་ཆེ་བའི་མ་དངུལ་བཀོལ་སྤྱོད། ཕྱུགས་འཚོ་མཚམས་བཞག་པའི་ཁ་གསབ་སྤྲོད་པ་སོགས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་ཞིང་འགལ་བ་དང་རྩོད་གླེང་འབྱུང་སྲིད་པའི་གནད་དོན་ཐག་གཅོད་བྱས་པས། མང་ཚོགས་དང་ལས་བྱེད་པའི་བར་ཡིད་མི་ཆེས་པའི་འགལ་བ་སྔར་ལས་ཇེ་ཉུང་དུ་གྱུར་ཏེ། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་གཞུང་དོན་གྲོས་མོལ་དང་ཇུས་ཐག་གཅོད་པ་དེ་སྔར་ལས་ཀྱང་དམངས་གཙོ་ཡིན་པར་གྱུར།

མཚོ་བྱང་ཁུལ་གྱིས་རུལ་སུངས་སྔོན་འགོག་དང་ཉེས་ཆད་གཅོད་པའི་ལྟ་སྐུལ་ནང་རྐྱེན་འཐུས་ཚང་དང་ཚད་ལྡན་དུ་བཏང་སྟེ། «ཞིང་སྡེ་གཞི་རིམ་ལས་བྱེད་པས་སྤྱོད་གཙང་གིས་ལས་འགན་དང་ལེན་བྱེད་པའི་གཏན་འཁེལ་འགའ»དང«ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་གིས་སྲིད་སྐྱོང་བའི་དགོས་ངེས་ལྔ་དང་མི་ཆོག་པ་བཅུ»ནང་གི་གཏན་འཁེལ་སྣ་ཚོགས་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་པ་དང་། གཞི་རིམ་ནས“སྤྱོད་གཙང་ཡིན་མིན་ཕྱོགས་ནས་གསལ་ཞུ་དང་ཕྱོགས་གཉིས་ནས་དཔྱད་འཇོག་བྱེད་པའི”བྱ་བ་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་སྟེ། ཁུལ་ཡོངས་ཀྱི་རང་བྱུང་སྲིད་འཛིན་སྡེ་བ་ཉིས་བརྒྱ་དང་བཅུ་བཞི་རུ་སྡེ་བ་རིམ་པའི་སྒྲིག་ཁྲིམས་ཞིབ་བཤེར་པ་དང་དང་སྡེ་དོན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ནས། ཏང་ཡོན་ལས་བྱེད་པར་སྲིད་གཙང་སྲིད་བརྩོན་ཐད་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་། དུས་མཚུངས་སུ་ཞང་གྲོང་རྡལ་ཞབས་ཞུ་ཚོམས་ཁང་དང་སྡེ་བ་རིམ་པའི་མང་ཚོགས་ལ་སྟབས་བདེ་བཟོ་བའི་ཞབས་ཞུ་ས་ཚིགས་བཙུགས་པ་དང་། “མང་ཚོགས་ལ་སྟབས་བདེ་བཟོ་བའི་ཞབས་ཞུའི་བྱང་བུ”སྤྲོད་པ། ཆ་བསྒྲིགས་ནས་དབུལ་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དེས། རོང་འབྲོག་པས་དོན་དག་བསྒྲུབ་དཀའ་བ་དང་དོན་དག་བསྒྲུབ་ན་ཐག་རིང་ལ་འགྲོ་དགོས་པའི་གནད་དོན་ཐག་བཅད་པར་མ་ཟད། ཚད་ངེས་ཅན་ཞིག་གི་སྟེང་ནས་ཞང་གྲོང་རྡལ་དང་འགན་ནུས་ས་ཚིགས་ཀྱི་ལས་ཆོད་སྔར་ལས་ཇེ་མཐོར་བཏང་བས། གཞི་རིམ་ལས་བྱེད་པའི་སྲིད་གཙང་སྲིད་བརྩོན་གྱི་རང་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་ཞིང་། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་སྔར་ལས་ལེགས་འགྱུར་བྱུང་།

གཉིས། མཚོ་ནུབ་ཀྱི་བྱ་བའི་ལམ་ལུགས་འཐུས་ཚང་དང་ཚད་ལྡན་དུ་བཏང་ནས་གཞི་རིམ་བྱ་བ་བསྒྲུབ་པའི་རྨང་གཞི་ཇེ་བརྟན་དུ་བཏང་བ།

སྐོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ཚུན་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས“དམངས་ཀྱི་ཆེད་དང་དོན་གཉེར། སྤྱོད་གཙང”བཅས་ཀྱི་བླང་བྱ་ལྟར་དང་ཁུལ་ཡོངས་ཀྱི་བླང་བྱ་ལྟར་དང་ཁུལ་ཡོངས་ཀྱི་ཞང་གྲོང་རྡལ་བྱ་བའི་དོན་དངོས་ལ་དམིགས་ནས། སྔ་གཞུག་ཏུ་ཐེངས་གཉིས་ལ་གྲོང་ཁྱེར་དང་རྫོང་། ཞང་གྲོང་རྡལ་བཅས་སུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས། དེ་མིན་ཞང་གྲོང་རྡལ་ཁ་ཤས་ཀྱི་འཐུས་མི་ཞུགས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་ཁུལ་ཡོངས་ཀྱི་ས་གནས་སོ་སོའི་ཞང་གྲོང་རྡལ་གྱི་ལས་རྐང་འགན་འཁྲི་དང་བྱ་བའི་ལམ་ལུགས་ཚད་ལྡན་དུ་བཏང་ཞིང་ཧྲག་སྡེབ་བྱས་རྗེས། ཁུལ་ཡོངས་ཀྱི་ཞང་གྲོང་རྡལ་ནས་ལག་བསྟར་བྱ་ཆོག་པའི«མཚོ་ནུབ་ཁུལ་གྱི་ཞང་གྲོང་རྡལ་བྱ་བའི་ཚད་གཞི»སྒྲིག་བསོ་བྱས་པས། ཞང་གྲོང་རྡལ་བྱ་བའི་ཁྲོད་བྱ་བ་སྒྲུབ་པའི་གོ་རིམ་ཚད་ལྡན་མིན་པ་དང་། ལས་རྐང་གི་འགན་འཁྲི་གསལ་བོ་མིན་པ། ཞབས་ཞུའི་འདུ་ཤེས་མི་དྲག་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས། «ཚད་གཞི»ནང་ལས་ཁུངས་ཀྱི་འགན་འཁྲི་དང་། ལས་རྐང་གི་འགན་འཁྲི། བྱ་བའི་ལམ་ལུགས་བཅས་ཁག་གསུམ་དང་དོན་ཚན་རེ་དགུ་རུ་དབྱེ་བ་དང་། ལས་ཁུངས་ཀྱི་འགན་འཁྲི་དང་ཞང་གྲོང་རྡལ་ཏང་ཨུ་དང་དམངས་ཆེན། སྲིད་གཞུང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཏང་སྲིད་ཕྱོགས་བསྡུས་གཞུང་ལས་ཁང་། སྤྱི་བདེ་མངག་གཏོང་ཁང་སོགས་འགན་ནུས་ལས་ཁུངས་ཀྱི་འགན་འཁྲི་བཅས་འདུས་པ་དང་། ལས་རྐང་གི་འགན་འཁྲི་ནང་ཏང་ཨུའི་ཧྲུའུ་ཅི་དང་དམངས་ཆེན་ཀྲུའུ་རིན། ཞང་གི་མགོ་བ་དང་གྲོང་རྡལ་གྱི་མགོ་བ། དྲག་ཆས་པུའུ། རྩ་འཛུགས་ལས་མི། རྩིས་གཉེར་པ། དངུལ་གཉེར་པ་སོགས་ལས་རྐང་གི་བྱ་བའི་འགན་འཁྲི་བཅས་འདུས། བྱ་བའི་ལམ་ལུགས་ནང་ཞང་གྲོང་རྡལ་ཏང་ཨུའི་གཞུང་དོན་གྲོས་མོལ་དང་། མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་བྱ་བ། ཏང་དོན་གཞུང་དོན་ཡོངས་བསྒྲགས། དམངས་གཙོའི་འཚོ་བའི་ཚོགས་འདུ། སློབ་སྦྱོང་ལམ་ལུགས། ཏང་ཀྲི་པུའུ་ཡི“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”སོགས་ཚན་ཁག་ལ་དམིགས་པའི་ལམ་ལུགས་འདུས།

«ཚད་གཞི»འདིར་སྤྱི་ཡོངས་ཀྱི་ལམ་ལུགས་རང་གཅུན་བྱེད་པའི་ནུས་པ་ལྡན་པར་མ་ཟད། ད་དུང་ཁེར་ཚུགས་ལས་འགན་ལག་བསྟར་བྱེད་ཚུལ་ཚད་ལྡན་དུ་བཏང་བས། ཁུལ་ཡོངས་ཀྱི་ཞང་གྲོང་རྡལ་གྱིས་གཞི་རིམ་བྱ་བསྒྲུབ་པར་ལམ་ལུགས་སྟེང་ནས་འགན་སྲུང་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་ལས་བཟོ་བས་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་སྤུས་ཀ་དང་ལས་ཆོད་ཇེ་མཐོར་གཏོང་བར་ཕན་པར་མ་ཟད། གཞི་རིམ་གྱི་བྱ་བ་ཁྲིམས་ལྟར་དང་གོ་རིམ་ལྡན་པ། ཕན་ནུས་མཐོ་བ་བཅས་ཀྱི་སྒོ་ནས་སྤེལ་བར་སྔར་ལས་སྐུལ་འདེད་བྱས་པ་དང་། ཞང་གྲོང་རྡལ་དང་སྲང་ལམ་གྱི་བྱ་བ་ཚན་རིག་ཅན་དང་ཚད་ལྡན་ཅན། ཞིབ་ཚགས་ཙན་དུ་འགྱུར་བར་ཁག་ཐེག་ནུས་ལྡན་བྱས།

གོང་མ།:null
འོག་མ།:རྨ་ལྷོས་གནད་ས་འབུར་ཐོན་གྱིས་དངོས་འབེབས་དམ་དུ་བཟུང་བ་དང་མགོ་ལོག་ཁུལ་གྱིས་བྱ་སྤྱོད་ངན་པ་མཐའ་གཅིག་ཏུ་མེད་པར་བཏང་།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་བྱང་དང་མཚོ་ནུབ་ཁུལ་གཉིས་'  
རྨ་ལྷོས་གནད་ས་འབུར་ཐོན་གྱིས་'  
མཚོ་སྔོན་གྱིས་སྲིད་ཇུས་འཐུས་'  
རྨ་ཆུའི་མགོ་ཁུངས་ནས་འཆམ་མཐུན&  
རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།