རྨ་ལྷོས་གནད་ས་འབུར་ཐོན་གྱིས་དངོས་འབེབས་དམ་དུ་བཟུང་བ་དང་མགོ་ལོག་ཁུལ་གྱིས་བྱ་སྤྱོད་ངན་པ་མཐའ་གཅིག་ཏུ་མེད་པར་བཏང་།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-12-17   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྩ་འཛུགས་ཞིབ་མོ་དང་སྐུལ་སྤེལ་ནན་མོ་བྱས་ཏེ། གནད་དོན་འཚོལ་བཤེར་བྱེད་པར་ཁ་ངོར་མི་བལྟ་བ་དང་། དག་ཐེར་བཅོས་བསྒྱུར་བྱེད་པ་རྣམ་པ་ཙམ་མིན་པར། གནད་ས་འབུར་ཐོན་གྱིས་དངོས་འབེབས་དམ་དུ་བཟུང་། མིག་སྔར། སློབ་གསོའི་ལག་ལེན་བྱ་འགུལ་གྱི་རིམ་པ་སོ་སོའི་བྱ་བའི་འགན་ཁུར་ཕལ་ཆེར་ལེགས་འགྲུབ་བྱུང་སྟེ་སྔོན་དཔག་གི་ཕན་ནུས་མངོན་འགྱུར་བྱས།

  ད་ལོ་ནས་བཟུང་། ཁུལ་ཨུ་དང་ཁུལ་ཨུའི་གཞུང་ལས་ཁང་གི་མིང་ཐོག་ནས་བཀྲམ་པའི་ཡིག་ཆའི་སྤྱི་གྲངས་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་བརྒྱད་ཇེ་ཉུང་དུ་སོང་བ་དང་། ཁུལ་སྲིད་གཞུང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་མིང་ཐོག་ནས་བཀྲམ་པའི་ཡིག་ཆའི་སྤྱི་གྲངས་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་ལྔ་ཇེ་ཉུང་དུ་སོང་ཡོད། ཁུལ་ཨུ་དང་ཁུལ་ཨུའི་གཞུང་ལས་ཁང་གི་མིང་ཐོག་ནས་བཙུགས་པའི་མགོ་ཁྲིད་ཚན་ཆུང་གི་སྤྱི་གྲངས་བདུན་ཡིན་ལ། ན་ནིང་ལས་གཉིས་ཇེ་ཉུང་དུ་སོང་ཡོད། ཁུལ་སྲིད་གཞུང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་མིང་ཐོག་ནས་བཙུགས་པའི་མགོ་ཁྲིད་ཚན་ཆུང་གི་སྤྱི་གྲངས་གོ་བཞི་ཡིན་པ་དང་། ཁུལ་ཨུས་ཁུལ་ཡོངས་ཀྱི་ཚོགས་འདུ་ལྔ་བསྡུས་པ་དང་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་སོ་བདུན་དང་གྲངས་ཆུང་ལྔ་ཡིས་ཇེ་ཉུང་དུ་སོང་ཡོད། ཁུལ་སྲིད་གཞུང་གི་ཚོགས་འདུ་སྣ་ཚོགས་དོན་ལྔ་བསྡུས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་བདུན་ཇེ་ཉུང་དུ་སོང་ཡོད།
  ད་ལོར་ཁུལ་ཡོངས་སུ་སྲིད་འཛིན་ཆོག་འཐུས་ལ་ཞིབ་མཆན་བཀོད་པའི་ལས་གཞི་དང་སྲིད་འཛིན་ཆོག་འཐུས་ཞིབ་མཆན་བཀོད་པའི་ལས་གཞི་བཞི་བརྒྱ་ཞེ་བཞི་ཡོད་པར་ནན་ཏན་གྱིས་ཞིབ་བཤེར་བྱས་ཏེ། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་སྲིད་འཛིན་ཆོག་འཐུས་དོན་དག་གི་སྤྱི་བསྡུས་རྩིས་ཐོ་ཆགས་པར་བྱས་པ་སྟེ། སོར་འཇོག་བྱ་རྩིས་ཡོད་པའི་སྲིད་འཛིན་ཆོག་འཐུས་ཞིབ་མཆན་འགོད་པའི་ལས་གཞི་བརྒྱ་དང་གོ་དགུ་དང་། སོར་འཇོག་བྱ་རྩིས་ཡོད་པའི་སྲིད་འཛིན་ཆོག་འཐུས་ཞིབ་མཆན་མ་བཀོད་པའི་ལས་གཞི་བཞི་ཅུ། ཞིབ་མཆན་འགོད་དགོས་པའི་དོན་དག་གཞན་པ་དགུ སོར་འཇོག་བྱ་རྩིས་ཡོད་པའི་ཐོག་མའི་ཞིབ་བཤེར་བྱས་པའི་ལས་གཞི་བཅོ་བརྒྱད། སྲིད་འཛིན་ཆོག་འཐུས་ཞིབ་མཆན་འགོད་པ་རྩིས་མེད་དུ་བཏང་བའི་ལས་གཞི་ང་བཞི། མར་སྤྲད་པའི་སྲིད་འཛིན་ཞིབ་མཆན་བཀོད་པའི་ལས་གཞི་གོ་གཅིག་བཅས་ཡོད། ད་ལོར་ཁུལ་ཡོངས་ཀྱི“གཞུང་གསུམ”གྲོན་དངུལ་གྱི་སྤྱིའི་སྔོན་རྩིས་སྒོར་བྱེ་བ་གཅིག་ས་ཡ་དྲུག་འབུམ་གཉིས་ཁྲི་གཅིག་ཡིན་ལ། ན་ནིང་དང་བསྡུར་ན་སྒོར་ས་ཡ་གཅིག་འབུམ་བདུན་ཁྲི་གསུམ་གྱི་ཇེ་ཉུང་དུ་སོང་ཡོད། དེའི་ནང་གཞུང་དོན་སྣེ་ལེན་གྲོན་དངུལ་གྱི་སྔོན་རྩིས་སྒོར་ས་ཡ་ལྔ་འབུམ་བཞི་བརྒྱད་ཡིན། དེ་ན་ནིང་དང་བསྡུར་ན་སྒོར་ས་ཡ་གཅིག་འབུམ་ལྔ་ཁྲི་གཅིག་གི་ཇེ་ཉུང་དུ་སོང་ཡོད། གཞུང་སྤྱོད་རླངས་འཁོར་སྒྲིག་བཀོད་དང་འཁོར་སྐྱོད་ཀྱི་གྲོན་དངུལ་སྔོན་རྩིས་སྒོར་བྱེ་བ་གཅིག་འབུམ་བདུན་ཁྲི་བཞི་ཡིན་ལ། ན་ནིང་དང་བསྡུར་ན་སྒོར་འབུམ་གཉིས་ཁྲི་གཅིག་གི་ཇེ་ཉུང་དུ་སོང་། གཞུང་དོན་དུ་ཕྱི་རྒྱལ་དུ་འགྲོ་བའི་གྲོན་དངུལ་ནང་དུ་ཚུད་མེད། ཁུལ་ཡོངས་སུ་གཞུང་དོན་ཆེད་དུ་ཕྱི་རྒྱལ་དུ་སོང་བའི་མི་དྲུག་ཡོད་ལ། ན་ནིང་གི་དུས་མཉམ་ལས་མི་བཅུ་བཞིས་ཇེ་ཉུང་དུ་སོང་ཚད་བརྒྱ་ཆའི་བདུན་ཅུའི་ཇེ་ཉུང་དུ་སོང་ཡོད།
 ལས་བྱེད་པས་དུས་ཡུན་རིང་བོར་ལས་གནས་བཟུང་ནས་ལས་རྐང་དུ་མེད་པ་དང“ལས་མེད་ཕོགས་ཟ”དང“ཡུལ་ལ་རྒྱུག་སྤྲོ་བ”སོགས་ཀྱི་གནད་དོན་གནད་སར་བཟུང་ནས་དག་ཐེར་བྱས། རྩེ་ཁོག་རྫོང་གིས་དུས་ཡུན་རིང་བོར་ལས་གནས་བཟུང་ནས་ལས་རྐང་དུ་མེད་པའི་མི་གོ་བརྒྱད་ལ་བབ་བསྟུན་ཐག་གཅོད་བྱས་པ་དང་། ཐུན་རིན་རྫོང་གིས་ལས་གནས་བཟུང་ནས་ལས་རྐང་དུ་མེད་པའི་མི་བརྒྱ་དང་བཅུ་བཞི་རྩད་གཅོད་བྱས། དེའི་ནང་གི་མི་བཅུ་གཅིག་ལ་ཟླ་ཕོགས་འཕྲི་གཅོག་བྱས་པ་དང་མི་གསུམ་ལ་ཟླ་ཕོགས་སྟེར་མཚམས་བཞག ཚད་ལས་བརྒལ་བའི་གཞུང་སྤྱོད་རླངས་འཁོར་བཅུ་གསུམ་ལེགས་སྒྲིག་རྩིས་མེད་དུ་བཏང་། འཕྱི་འབྱོར་དང་སྔ་འགྲོ་བྱེད་པའི་མི་བརྒྱ་དང་བཅུ་གཉིས་ཡོངས་བསྒྲགས་དང་མིང་བཀོད་དེ་སྐྱོན་བརྗོད་བྱས། ལས་ཆོད་མེད་པའི་ལས་ཁུངས་ཀྱི་མགོ་ཁྲིད་པ་དང་པོ་གཉིས་དང་གཞོན་པ་གཅིག་ལ་འགན་འཁྲི་འདྲི་གཅོད་བྱས། སྤྱི་བདེ་དང་ཁྲིམས་ཁང་། ཞིབ་དཔྱོད་སོགས་སྡེ་ཁག་གི་གཞུང་ལས་ཁང་པ་ཚད་ལས་བརྒལ་བར་ཕྱོགས་ཡོངས་ནས་དག་ཐེར་བཅོས་སྐྱོང་བྱས་པ་དང་། ཧི་ནན་རྫོང་གིས་ལས་གནས་བཟུང་ནས་ལས་རྐང་དུ་མེད་པའི་མི་རེ་བཞི་རྩད་བཤེར་བྱས་པར་མ་ཟད་རྩ་འཛུགས་སྟེང་ནས་དགོས་ངེས་ཀྱི་ཐག་གཅོད་བྱས།

མགོ་ལོག་ཁུལ་གྱིས་བྱ་སྤྱོད་ངན་པ་མཐའ་གཅིག་ཏུ་མེད་པར་བཏང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས“སྤྱོད་ཚུལ་བཞི་ཡི”གནད་དོན་ཐག་བཅད་ནས། མང་ཚོགས་ལ་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་རྗེས་ཀྱི་ཏང་སྲོལ་དང་སྲིད་སྲོལ། དམངས་སྲོལ་བཅས་ཀྱི་འགྱུར་ལྡོག་གསར་བ་དང་རྣམ་པ་གསར་བ་མྱོང་དུ་བཅུག བྱ་འགུལ་དེ་དག་ཐེར་བཅོས་བསྒྱུར་དང་དོན་འཁྱོལ་བྱེད་པའི་སྐབས་སུ་བསླེབས་རྗེས། མགོ་ལོག་ཁུལ་གྱི་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་གནད་དོན་གཙོ་བོར་ཆེད་དམིགས་དག་ཐེར་བཅོས་སྐྱོང་བྱས་ཏེ། བྱ་སྤྱོད་ངན་པ་ཐམས་ཅད་ཇེ་ལེགས་སུ་བཏང་། ཏང་སྲོལ་དང་སྲིད་སྲོལ། དམངས་སྲོལ་བཅས་ལེགས་བསྒྱུར་ཡོང་བར་མཐའ་གཅིག་ཏུ་ཡར་སྐུལ་བཏང་བས་གྲུབ་འབྲས་མངོན་གསལ་ཐོབ།
  ད་ལོར་ཁུལ་དང་རྫོང་། ཞང་བཅས་ཀྱིས་གྲོས་ཚོགས་ཐེངས་བཞི་བརྒྱ་ཞེ་ལྔ་ཇེ་ཉུང་དུ་བཏང་བ་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་སོ་དྲུག་གི་ཇེ་ཉུང་དུ་སོང་། ཡིག་ཆ་དང་འཕྲིན་གསར་མི་འདྲ་སྣ་ཚོགས་བརྒྱད་བརྒྱ་ཉེར་གསུམ་ཇེ་ཉུང་དུ་བཏང་ཡོད་པ་དེ། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉེར་གཅིག་གི་ཇེ་ཉུང་དུ་སོང་ཡོད། ཁུལ་ཡོངས་ཀྱི“གཞུང་གསུམ”གྲོན་དངུལ་ན་ནིང་གི་དུས་མཉམ་ལས་སྒོར་ས་ཡ་གཉིས་འབུམ་གཅིག་ཁྲི་བདུན་ལྷག་ཉུང་འཕྲི་བྱས་པས་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དྲུག་ལྷག་གི་ཇེ་ཉུང་དུ་སོང་། ༢༠༡༣ལོར་ཁུལ་ཡོངས་སུ་མི་དོན་བརྒྱད་ཁག་བཞི་རུ་བགོས་ནས་གཞུང་དོན་དུ་ཕྱི་རྒྱལ་ལ་སོང་། ད་ལོར་མི་ལྔ་བཅུ་ཁག་ཉེར་གསུམ་དུ་བགོས་ནས་གཞུང་དོན་སྒྲུབ་ཕྱིར་ཕྱི་རྒྱལ་དུ་སོང་།

ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསྡོམས་པས་ཚད་བསླེབས་དཔྱད་བསྡུར་གཟེངས་བསྟོད་ལས་གཞི་ཉེར་གཉིས་གཙང་བཤེར་བྱས་པ་དེ་ན་ནིང་གི་དུས་མཉམ་ལས་ལས་ཐེངས་བཅུ་བདུན་ཇེ་ཉུང་དུ་བཏང་བ་དང་བརྒྱ་ཆའི་དོན་བདུན་ཇེ་ཉུང་དུ་བཏང་བ་རེད། མིག་སྔའི་བར། མགོ་ཁྲིད་ཚན་ཆུང་དང་གྲོས་དོན་མཐུན་སྦྱོར་སྒྲིག་གཞི་དོན་དགུ་ཇེ་ཉུང་དུ་བཏང་བ་དང་། ཁུལ་ཐད་གཏོགས་སྡེ་ཚན་གྱིས་ལས་གཞི་དོན་དགུའི་སྲིད་འཛིན་ཞིབ་མཆན་འགོད་པའི་དབང་ཆ་མར་བཏང་།

ཁུལ་ཡོངས་སུ་ཚད་ལྡན་མིན་པའི་གཞུང་དོན་རླངས་འཁོར་ཞེ་དྲུག་གཙང་བཤེར་བྱས་པ་དང་། གཞུང་ལས་ཁང་མུས་གྲུ་བཞི་མ་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་ལེགས་སྒྲིག་དང་གཙང་བཤེར་བྱས། ཏང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་ཆེད། མགོ་ལོག་ཁུལ་གྱིས་ཁུལ་ཡོངས་ཀྱི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ཁྲི་གཅིག་སྟོང་དགུ་ལྷག་ཡོད་པ་ཡང་བསྐྱར་ཞིབ་བཤེར་གཏན་འཁེལ་བྱས་ནས། མི་སུམ་སྟོང་ཉིས་བརྒྱ་དོན་གཉིས་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ནང་ནས་ཕྱིར་ཕུད་པ་དེས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་ཞེ་ལྔ་ཟིན། ཆ་རྐྱེན་དང་མཐུན་པའི་མི་སུམ་སྟོང་ལྔ་བརྒྱ་ལྷག་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ནང་བཞག

རྫོང་དང་ཁུལ་སོ་སོའི་ཐད་གཏོགས་ལས་ཁུངས་དང་སྡེ་ཚན་སོ་སོས་སྒྲིག་གཞི་ནང་དུ་ཡོད་ཀྱང་ལས་རྐང་དུ་མེད་པའི་མི་སྣ་བརྒྱ་དང་རེ་བདུན་ལ་རང་སོ་སོའི་གནས་ཚུལ་ལྟར་ནད་ཐོག་ལས་འཁྱུར་ངལ་གསོ་དང་ལས་འཁྱུར་ངལ་གསོ ངལ་གསོ་འགྲོ་ལུགས་སྒྲུབ་པའམ་ཡང་ན་ཕྱིར་ལས་རྐང་དུ་ལོག་པ་བཅས་ཀྱི་འགྲོ་ལུགས་སྒྲུབ་པ་དང་། རྒྱུ་རྐྱེན་མེད་པའམ་དུས་ལས་བརྒལ་ཏེ་ལས་རྐང་དུ་མི་ཡོང་བར་འབྲེལ་ཡོད་ཆོད་དོན་ལྟར་རྩ་འཛུགས་སྟེང་ནས་ཆད་པ་བཅད། དེ་མིན་ད་དུང་ཁུལ་ཡོངས་ནས་ཚད་དང་མི་མཐུན་ཞིང་ནུས་པ་ཤོར་བའི་མཁར་གྲོང་སྡེ་ཁུལ་གྱི་ཏང་གི་རྩ་འཛུགས་གཉིས་དང་སྡེ་བ་རིམ་པའི་ཏང་གི་རྩ་འཛུགས་ཉེར་དགུ་ལ་ཞིབ་བཤེར་བྱས། མིག་སྔར་ནུས་པ་ཤོར་བའི་གཞི་རིམ་རྩ་འཛུགས་ཚང་མར་འགྱུར་ལྡོག་བྱུང་ནས་ཚད་རིམ་ཇེ་མཐོར་བཏང་།

སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བ་ནས་བཟུང་། མགོ་ལོག་ཁུལ་ནས་བསྡོམས་པས་འགལ་བ་དང་རྩོད་གཞི་མི་འདྲ་བ་ལྔ་བརྒྱ་གོ་ལྔ་རྩད་ཆོད་པ་དང་། དེའི་ནང་གི་རྩོད་གཞི་ལྔ་བརྒྱ་ཞེ་བརྒྱད་ཐག་བཅད་པས། འདུམ་སྒྲིག་བྱས་ཚད་བརྒྱ་ཆའི་གོ་གསུམ་ལ་བསླེབས། ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་བསྡོམས་པས་ལམ་ལུགས་གསར་བ་ཉིས་བརྒྱ་ལྔ་བཅུ་བཙུགས་པ་དང་ལམ་ལུགས་ཞེ་བརྒྱད་མེད་པར་བཏང་། ལམ་ལུགས་ཉིས་བརྒྱ་གྱ་གསུམ་བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་བ་རེད། ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོའི་ཆེད་དམིགས་དག་ཐེར་བཅོས་སྐྱོང་ནང་བཞག་པའི་གནད་དོན་བརྒྱད་བརྒྱ་དོན་དྲུག་ཡོད་པའི་ནང་གནད་དོན་དྲུག་བརྒྱ་སོ་གཉིས་དག་ཐེར་བཅོས་སྐྱོང་བྱས་པ་དང་བརྒྱ་ཆའི་དོན་གཉིས་ཟིན་ཡོད།

གོང་མ།:null
འོག་མ།:མཚོ་སྔོན་གྱིས་སྲིད་ཇུས་འཐུས་ཚང་དང་གཟིགས་སྐྱོང་བྱེད་ཐབས་བཏོན་ནས་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྨ་ལྷོས་གནད་ས་འབུར་ཐོན་གྱིས་'  
མཚོ་སྔོན་གྱིས་སྲིད་ཇུས་འཐུས་'  
རྨ་ཆུའི་མགོ་ཁུངས་ནས་འཆམ་མཐུན&  
རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མ'  
ནག་ཆུ་ས་ཁུལ་གྱིས་ཞབས་ཞུའི་རྣ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།