མཚོ་སྔོན་གྱིས་སྲིད་ཇུས་འཐུས་ཚང་དང་གཟིགས་སྐྱོང་བྱེད་ཐབས་བཏོན་ནས་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-10-08   རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 གྲོང་རྡལ་གྱི་སྤྱི་བའི་རྨང་གཞི་སྒྲིག་ཆས་གསར་འཛུགས་དང་འཛུགས་སྐྲུན་དུས་ཡུན་ནང་གྲོང་རྡལ་གྱི་ས་ཞིང་བེད་སྤྱོད་ཁྲལ་རིགས་མེད་པར་གཏོང་བ། སྤྱི་ཚོགས་དང་དམངས་ཁྲོད་མ་དངུལ་འབྲེལ་ཡོད་ལས་གཞིའི་དངུལ་གཏོང་འཁོར་སྐྱོད་ལ་ཞུགས་ཆོག་པ་སོགས་ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་འཐུས་ཚང་ཏུ་བཏང་བ་དང་། མ་དངུལ་གཏོང་བ་དང་ལམ་ལུགས་བཅོས་སྒྱུར་སོགས་ཀྱི་ཐད་ནས་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བའི་ཐད་ནས། མཚོ་སྔོན་གྱིས་རིམ་པ་སོ་སོའི་སྲིད་གཞུང་གིས་ལོ་རེའི་ལོ་འགོར་སྔོན་རྩིས་ཁྲོད་ནས་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མ་དངུལ་ངེས་ཅན་ཞིག་བླངས་ཏེ། གྲོང་ཁྱེར་འཛུགས་སྐྲུན་སྲུང་སྐྱོང་ཁྲལ་རིགས་ཚང་མ་གྲོང་རྡལ་གྱི་སྲུང་སྐྱོང་འཛུགས་སྐྲུན་ཐད་བཀོལ་བ་དང་། ས་ཁོངས་སྤོ་བསྒྱུར་ཕན་འབྲས་ཁྲོད་བསྡུར་ཚད་ངེས་ཅན་ལྟར་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་བཀོལ་སྤྱོད་བྱེད་པ་དང་། གྲོང་རྡལ་གྱི་ཆུ་འདོན་དང་དྲོད་ལེན་དབུགས་འདོན། བཙོག་ཆུ་གད་རྙིགས་ཐག་གཅོད་སོགས་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་སྲིད་དོན་གྱི་སྤྱི་བའི་ལས་དོན་ཞབས་ཞུའི་རིན་གོང་དང་ལེགས་བཅོས། ཁ་གསབ་ལམ་ལུགས་གསལ་བོར་བཏོན་ཡོད། ལམ་ལུགས་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་ཐད་ལ། མཚོ་སྔོན་གྱིས་སྤྱི་ཚོགས་དང་དམངས་ཁྲོད་མ་དངུལ་དམིགས་བསལ་བདག་གཉེར་དང་དངུལ་གཏོང་ཁ་གསབ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། འོས་འཚམ་གྱི་ཡོང་སྒོ་ཡོད་པ་དང་མ་དངུལ་བསྡུ་ལེན་ནུས་པ་ཡོད་པའི་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་ལས་གཞི་ལ་མ་དངུལ་གཏོང་བ་དང་འཛུགས་སྐྲུན་བྱེད་པ། བདག་གཉེར་བྱེད་ཆོག་པ་གསལ་བོར་གཏན་འཁེལ་བྱས་ཡོད། སྤྱི་བའི་རྨང་གཞི་སྒྲིག་ཆས་ལས་གཞིའི་ཁེ་ལས་ཁྲལ་རིགས་གཟིགས་སྐྱོང་བྱེད་པའི་མིང་ཐོའི་གཏན་འཁེལ་ལྟར་ན། ཁེ་ལས་གྱིས་རྒྱལ་ཁབ་རིམ་པའི་གཙོ་གནད་རོགས་སྐྱོར་གྱི་སྤྱི་བའི་རྨང་གཞི་སྒྲིག་ཆས་ལས་གཞི་གཉེར་བའི་དངུལ་གཏོང་བདག་གཉེར་ཁྲལ་རིགས་དེ་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་གཟིགས་སྐྱོང་སྲིད་ཇུས་གཏན་འཁེལ་ལྟར་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཁེ་ལས་ཀྱི་ཁྲལ་རིགས་ཀྱི༡༥%མེད་པར་གཏོང་རྒྱུ་རེད། གྲོང་རྡལ་གྱི་སྤྱི་བའི་རྨང་གཞི་སྒྲིག་ཆས་གསར་དུ་འཛུགས་པར་འཛུགས་སྐྲུན་དུས་ཡུན་ནང་གྲོང་རྡལ་གྱི་ས་ཞིང་བེད་སྤྱོད་ཁྲལ་རིགས་མེད་པར་གཏོང་རྒྱུ་ཡིན་པ་དང་། མ་དངུལ་བཏང་རྗེས་ཀྱི་ཉིན་དེ་ནས་བཟུང་རྗེས་ཕྱོགས་ཀྱི་ལོ༥རིང་སྡོད་ཁང་ཐོན་ཁུངས་ཁྲལ་རིགས་མེད་པར་གཏོང་རྒྱུ་རེད།  །

གོང་མ།:null
འོག་མ།:རྨ་ཆུའི་མགོ་ཁུངས་ནས་འཆམ་མཐུན་རོལ་མོ་དཀྲོལ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་གྱིས་སྲིད་ཇུས་འཐུས་'  
རྨ་ཆུའི་མགོ་ཁུངས་ནས་འཆམ་མཐུན&  
རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མ'  
ནག་ཆུ་ས་ཁུལ་གྱིས་ཞབས་ཞུའི་རྣ'  
གངས་ལྗོངས་མཐོ་སྒང་དུ་ཏང་དར་ད'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།