རྨ་ཆུའི་མགོ་ཁུངས་ནས་འཆམ་མཐུན་རོལ་མོ་དཀྲོལ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-10-08   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ན་ནིང་དགུན་ལྟར་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་རྨ་ལ་བཞི་སྡེ་བའི་འབྲོག་པས་རུ་སྤར་ནས་རྨ་ཆུ་བརྒལ་སྐབས་དར་བརྡིབས་ཏེ་ནོར་ནག་ཆུ་ནང་དུ་ལྷུང་བར་གྲོང་རྡལ་དེའི་ཏང་ཡོན་དྲུག་ཅུ་རེ་བདུན་མགྱོགས་མྱུར་ངང་ཆག་སྒོ་བྱུང་སའི་ཡུལ་དངོས་སུ་ཕྱིན་ཏེ། ཉེན་ཁར་མ་འཛེམས་པར་དུས་ཚོད་བཅུ་བདུན་གྱི་རིང་མྱུར་སྐྱོབ་བྱས་པས་ཆུ་ནང་དུ་ལྷུང་བའི་ནོར་ནག་བརྒྱ་དང་སོ་གཉིས་ཚང་མ་བསྐྱབས་པ་རེད།

རྨ་སྟོད་རྫོང་གི་ཏང་ཡོན་ལས་བྱེད་པས་མཚོ་ངོས་ལས་མཐོ་ཚད་ལ་མུས་བཞི་སྟོང་ལྔ་བརྒྱ་ཡོད་པའི་མཐོ་སྒང་དུ། “དཀའ་ཚེགས་ཆེ་ཡང་སྡུག་ལ་མི་སྐྲག་ཅིང་། དབྱང་དབུགས་དཀོན་ཡང་སྙིང་སྟོབས་མི་ཉམས་པའི”སྤོབས་སེམས་བསྐྱེད་ཅིང་། སེམས་ཁོང་དུ་འབྲོག་པ་མང་ཚོགས་བཅངས་ཏེ་རྨ་ཆུའི་མགོ་ཁུངས་སུ་མི་རིགས་མཐུན་སྒྲིལ་རོགས་རེས་དང་འཆམ་མཐུན་གྱི་གསོན་ཤུགས་འབར་བའི་རི་མོ་ཞིག་བྲིས་པ་རེད།

རྨ་སྟོད་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་ཆགས་ཤིང་། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་སྟོང་གསུམ་ལྔ་བརྒྱ་དང་། སྤྱིའི་མི་འབོར་ལ་ཁྲི་གཅིག་སྟོང་བཞི་ཡོད་ཅིང་། བོད་རིགས་དང་ཧོས་རིགས། ཧོར་རིགས། ཟ་ལར་རིགས། སོག་རིགས། ཏུང་ཞང་རིགས་དང་དབྱི་རིགས་སོགས་གྲངས་ཉུང་མི་རིགས་འདུས་ཡོད། རྨ་སྟོད་རྫོང་ནི་རང་ཞིང་གི་ས་བབ་ཆེས་མཐོ་ཞིང་མཁའ་དབུགས་ཆེས་ཞན་པའི་རྫོང་ཞིག་རེད།

རྨ་སྟོད་རྫོང་གིས་མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་འགུལ་ཁྲོད། ཐོག་མཐའ་བར་གསུམ་དུ་དམངས་འཚོ་བཅོས་བསྒྱུར་བྱེད་པ་དེ་མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་དུ་བཞག་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་དམ་པོར་བཟུང་ཞིང་། སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་དང་མ་དངུལ་སྤྱད་ནས་ཤུགས་ཆེན་པོས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཐད་གནས་པའི་དཀའ་ཁག་ལེགས་སྒྱུར་བྱས། ༢༠༡༢ལོ་དང་༢༠༡༣ལོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་གཉིས་བྱེ་བ་བཞི་གྲབས་གསོག་བྱས་ཏེ། ཁྱོན་ཡོངས་ནས་དམངས་དོན་སྒྲུབ་པའི་ལས་གཞི་ཉེར་བརྒྱད་དངོས་འབེབས་བྱས། ད་ལོར་ཡང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ལྷག་བཏང་ནས་མང་ཚོགས་ལ་དོན་དངོས་ཉི་ཤུ་བསྒྲུབས་པ་དང་། རིམ་པ་ལྟར་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་སྨན་བཅོས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། ལས་ཞུགས་དང་སྡོད་ཁང་། འགྲིམ་འགྲུལ་སོགས་གནད་དོན་ཐག་བཅད་པ་རེད། དེ་མ་ཟད་དམངས་འཚོ་དང་འབྲེལ་ཞིང་མ་འོངས་པའི་ཐོན་ལས་གོང་དུ་སྤེལ་བར་རོགས་འདེགས་ཐོབ་པའི་ལས་གཞི་སྐོར་ཞིག་ལ་འཕྲོ་རིམ་འཕྲོར་ཕན་འབྲས་ཐོབ།

ད་ལོར། རྨ་སྟོད་རྫོང་གི་དམངས་དོན་དུ་དོན་དངོས་སྒྲུབ་པའི་ལས་གཞི་ནི་རྫོང་སྨན་ཁང་དང་མཛོ་རྒན་རྭ་བར་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་བོད་སྨན་ཚན་ཁག མཛོ་རྒན་རྭ་བར་གྲོང་རྡལ། རྨ་ཆུ་ཞང་། མགོ་ལོག་སྡེ་གསར། འབྲོང་ལུང་སྡེ་བའི་བྱིས་སྙོར་ཁང་སོགས་བཟོ་སྐྲུན་རྣམས་ཡོངས་སུ་གྲུབ། རྨ་ཁྲ་ལི་གྲོང་རྡལ་གྱི་ཁམ་ཆེན་ནས་མཚོ་སྐྱ་རེངས་ཞང་གི་ཀླུ་ནག་སྡེ་བ་དང་། རྨ་ཆུ་ཞང་ཐང་སྐར་མའི་དགུན་སའི་རྩྭ་ར་སོགས་ཀྱི་སྤྱི་ལེ་ཞེ་བརྒྱད་ཀྱི་ཞང་སྡེ་གཞུང་ལམ་བཟོ་འགོད་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཡོངས་སུ་གྲུབ།

༢༠༡༠ལོ་ནས་བསྟུད་མར་ལོ་གསུམ་ལ“རྨ་ཆུའི་མགོ་ཁུངས་ཀྱི་དབྱར་ཁ”ཞེས་པའི་རིག་གནས་ཐང་ཆེན་ཟླ་བའི་བྱ་འགུལ་སྤེལ་བ་དང་། འབྲོག་པའི་ལུས་རྩལ་འགྲན་ཚོགས་ཐེངས་གཉིས་དང་། “རབ་མཛེས་མཚོ་སྔོན་གྱི་མཛེས་པ་རྨ་སྟོད་དུ་གནས”ཞེས་པའི་པར་ལེན་འགྲེམ་སྟོན་དང་རིག་གནས་གནས་སྐོར་སྐུལ་སྤེལ་བྱ་འགུལ་བཅས་བསྡུས་པར་མ་ཟད། “དག་ཞིང་གི་རྨ་སྟོད”ཅེས་པའི་གླུ་གར་ཆེན་མོ་ཞིག་བསྒྲིགས་ཤིང་སྐོར་འཁྲབ་བགྱིས་ཏེ། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོང་བྱས་པ་རེད། དེ་མིན«གེ་སར་ཟློས་གར»དང«མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་ངག་རྒྱུན»ཞེས་པ་གཉིས་ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ནང་རེ་ཞུ་བྱས།

རྨ་སྟོད་རྫོང་གིས་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཁྲོད་དུ“དགུན་ཁར་ངལ་གསོ་བ”དེ“དགུན་ཁར་སློབ་སྦྱོང་བྱེད་པའི”བྱ་འགུལ་དུ་བསྒྱུར་ཏེ། དགུན་གྱི་ནམ་ཟླ་ཤིན་ཏུ་འཁྱགས་པའི་དུས་དང་བསྟུན་ཏེ་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་ཕྱིན་ནས་དམངས་ཀྱི་སེམས་དོན་ལ་རྒྱུས་ལོན་དང་དོན་དངོས་སྒྲུབ་པ། འཆམ་མཐུན་ལ་སྐུལ་བ་བཅས་ཀྱི་བྱ་འགུལ་སྤེལ། ཏང་ཡོན་ལས་བྱེད་པས་ཁྱོན་ཡོངས་ནས་གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། དཀའ་ཁག་ཆེ་ཆུང་ལྟར་རང་ནུས་ཅི་ལྕོགས་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་བཅད་པ་དང་། དབུལ་ཕོངས་ཁྱིམ་ཚང་དང་ལྔ་སྐྱོང་ཁྱིམ་ཚང་། དབུལ་ཕོངས་ཏང་ཡོན། དབུལ་ཕོངས་གྲྭ་བཙུན་བཅས་ཀྱི་མི་ལྔ་བརྒྱ་བརྒྱད་བཅུ་ལྷག་ལ་འཚམས་འདྲིའི་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་ལྔ་སྟོང་བཞི་བྱིན་པ་རེད།

གོང་མ།:null
འོག་མ།:རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྨ་ཆུའི་མགོ་ཁུངས་ནས་འཆམ་མཐུན&  
རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མ'  
ནག་ཆུ་ས་ཁུལ་གྱིས་ཞབས་ཞུའི་རྣ'  
གངས་ལྗོངས་མཐོ་སྒང་དུ་ཏང་དར་ད'  
ལྷ་ས་གྲོང་ཁྱེར་གྱིས་ཐེངས༢༤པའ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།