རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-10-08   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་སྔོན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་གསར་སྐྲུན་བྱ་འགུལ་སྤེལ་བའི་ཁྲོད་དཔེ་སྟོན་སྡེ་ཚན་ཁག་གཉིས་པའི་མཚན་སྙན་ཐོབ་པའི་མིང་ཐོ་བསྒྲགས་པ་དང་། རང་ཞིང་གི་རྐང་ཚ་རྫོང་དེའི་ནང་དུ་ཚུད་ཡོད་པས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་ཉེར་བཞི་ནང་གི་གཅིག་ཏུ་གྱུར་ལ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་ཁྲོད་མཚོ་སྔོན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པའི་རྫོང་ཁོ་ནའང་རེད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་སྐྲུན་བྱེད་མགོ་བརྩམས་པ་ནས་བཟུང་། རྐང་ཚ་རྫོང་གིས“མགོ་ཁྲིད་པ་དང་པོས”འགན་ཁུར་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། “ཁག་བགོས་ནས་བྱ་བ་སྒྲུབ་ཐབས”ཁྱབ་སྤེལ་བྱས་ཏེ། གསར་སྐྲུན་བྱ་བ་དེ་ཞང་དང་གྲོང་བརྡལ་སོ་སོ་དང་སྡེ་ཁག་སོ་སོའི་ལོ་འཁོར་མོའི་དམིགས་འབེན་ཞིབ་བཤེར་མ་ལག་ནང་དུ་བཞག དྲ་ཐོག་གི་བྱ་བའི་གླེང་མོལ་ཚོགས་པ་གསར་སྐྲུན་དང་བརྙན་འཕྲིན་ཁང་གིས་ཆེད་ཆེད་བསྒྲིགས་ལེ་ཚན་བསྒྲུབས་པ། རྒྱ་བོད་སྐད་གཉིས་ཀྱི་དྲིལ་སྒྲོག་དེབ་ཆུང་པར་སྐྲུན་བྱེད་པ། རིག་རྩལ་འཁྲབ་སྟོན་བྱེད་པ། ཤེས་བྱའི་འཆད་ཁྲིད་གནང་བ་སོགས་བྱེད་ཐབས་མང་པོ་བརྒྱུད་ནས་རྫོང་ཡོངས་སུ“མི་རིགས་མཐུན་སྒྲིལ་བརྩོན་པའི་མེ་ཏོག”དང“རྐང་ཚ་ལ་སེམས་འགུལ་ཐེབས་པའི་མི་སྣ”“དཔལ་ཡོན་དང་ཡིད་ཆེས་པའི་ཁེ་ལས”“སྐར་རིམ་དགོན་པ་དཔྱད་བསྡུར”སོགས་ཀྱི་དཔྱད་འདེམ་བྱ་འགུལ་སྤེལ་བས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གསར་སྐྲུན་བྱེད་པ་དེ་ཁྱིམ་ཚང་དང་མི་ཚང་མར་ཤེས་སུ་བཅུག

“ནོར་སྲིད་ཆུང་ཆུང་གིས་དམངས་འཚོ་བྱ་བ་སྒྲུབ་པ”ཞེས་པའི་གསར་སྐྲུན་བྱ་འགུལ་ཁྲོད། རྐང་ཚ་རྫོང་གིས་སློབ་གསོ་དང་སྨན་བཅོས། ཐོན་སྐྱེད། འགྲིམ་འགྲུལ། སྡོད་གནས་བཅས་ཕྱོགས་ལྔ་ཡི་བདེ་འཇགས་འཛུགས་སྐྲུན་གཙིགས་འཛིན་བྱས་ཏེ། རྒྱུན་ཆད་མེད་པར་དམངས་འཚོ་ཕྱོགས་སུ་གཏོང་བའི་མ་དངུལ་ཇེ་མང་དུ་བཏང་། ༢༠༡༣ལོར་དམངས་འཚོའི་ཕྱོགས་སུ་བཏང་བའི་ནོར་སྲིད་འགྲོ་གྲོན་སྤྱིའི་བརྒྱ་ཆའི་དོན་བརྒྱད་ཟིན། དམངས་འཚོའི་ཕྱོགས་སུ་མ་དངུལ་མང་པོ་བཏང་བ་དེས་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གྱུར་པ་དང་། མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ཆ་ཚང་དུ་བཏང་ཞིང་། རོང་འབྲོག་པ་མང་ཚོགས་ཀྱི་སྐྱིད་སྣང་ཇེ་མཐོར་བཏང་། དུས་མཚུངས་སུ། རྐང་ཚ་རྫོང་གིས་བདེ་འཇགས་རྐང་ཚ་འཛུགས་སྐྲུན་བྱེད་པ་གཏིང་ཟབ་ཏུ་སྤེལ་བ་དེ་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་ནུས་ལྡན་བྱེད་ཐབས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་སྟེགས་བུར་བརྩིས་ནས། “འགལ་བ་དང་རྩོད་གླེང་མཛོད་ཁང་”དང“དཀའ་ཁག་དང་གནད་དོན་མཛོད་ཁང”“བསམ་འཆར་དང་གྲོས་གཞིའི་མཛོད་ཁང”“སྤྱོད་ཚུལ་བཞིའི་གནད་དོན་མཛོད་ཁང”བཅས་བཙུགས། དོན་དག་གཅིག་རེ་རེའུ་མིག་གཅིག་དང་དུས་བཅད་ལྟར་ཐག་གཅོད་བྱེད་པ། འགྱུར་ཚུལ་ལྟར་དོ་དམ། ཐག་གཅོད་པར་ལྟ་སྐུལ་བྱེད་པ་བཅས་ལག་ལེན་བྱས། ལས་ཁུངས་སོ་སོས་མཁོ་བསྟུན་ཐག་གཅོད་ནང་རྐྱེན་ཉེན་བརྡ་གཏོང་བ་དང་། བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་འགན་ཁུར་རྩད་གཅོད་པ། བདེ་འཇགས་དང་འགལ་བ་ཞིབ་གཤེར་བྱེད་པ་བཅས་ནང་རྐྱེན་གསུམ་འཐུས་ཚང་དུ་བཏང་། རྫོང་ཡོངས་སུ“བདེ་འཇགས་ཤང་དང་གྲོང་བརྡལ་དང་སྡེ་བ། དགོན་པ། སྡེ་ཁུལ། སློབ་གྲྭ། སྡེ་ཚན”བཅས་གསར་སྐྲུན་བྱེད་ཚད་བརྒྱ་ཆའི་བརྒྱ་རུ་བསླེབས།

གོང་མ།:null
འོག་མ།:ནག་ཆུ་ས་ཁུལ་གྱིས་ཞབས་ཞུའི་རྣམ་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མ'  
ནག་ཆུ་ས་ཁུལ་གྱིས་ཞབས་ཞུའི་རྣ'  
གངས་ལྗོངས་མཐོ་སྒང་དུ་ཏང་དར་ད'  
ལྷ་ས་གྲོང་ཁྱེར་གྱིས་ཐེངས༢༤པའ'  
མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།