ནག་ཆུ་ས་ཁུལ་གྱིས་ཞབས་ཞུའི་རྣམ་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་བྱས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-29   རྩོམ་གྱི་ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།

 ཉེ་བའི་ལོའི་ཚུན་དུ་བོད་ལྗོངས་ནག་ཆུ་ས་ཁུལ་གྱིས་ཞབས་ཞུའི་རྣམ་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། མང་ཚོགས་ལ་ཞབས་ཞུ་བྱེད་རྒྱུ་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་གལ་ཆེན་ཞིག་ལ་བཞག་སྟེ། ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་ཐུབ་པ་བྱས་ཐོག སྤྱི་ཚོགས་དོ་དམ་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་དམག་འཐབ་མཁར་རྫོང་ལྟ་བུའི་ནུས་པ་དང་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་པས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་མ་ཐེབས་པ་མ་ཟད། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་རེད།

ནག་ཆུ་ས་ཁུལ་གྱིས་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་པ་དང་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཏང་རྩ་འཛུགས་དང་ཏང་གི་ལས་དོན་སྤྱི་ཚོགས་ཡོངས་སུ་སྤྱིར་ན་ཁྱབ་ཐུབ་པ་བྱས་པ་མ་ཟད། མང་ཚོགས་ལ་དགོས་མཁོ་གང་ཡོད་ཚེ་ཏང་ཡོན་གྱིས་ཞབས་ཞུ་བྱེད་པ་སོགས་བྱས་ཏེ་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་རྒྱ་ཆེར་བཏང་བ་རེད། སྤྱི་ལོ༢༠༡༢ལོའི་ལོ་མཇུག་བར་ས་ཁུལ་དེ་ཡོངས་སུ་ཏང་གི་གཞི་རིམ་རྩ་འཛུགས༢༠༢༥ཡོད་པ་རེད། ནག་ཆུ་ས་ཁུལ་གྱིས་ད་དུང་མང་ཚོགས་ལ་འཐུས་སྒོ་ཚང་བའི་ཞབས་ཞུ་བྱེད་པའི་ལས་ཀའི་སྒྲིག་གཞི་བཙུགས་ཏེ། མང་ཚོགས་ཀྱི་བྱ་བ་ཆུང་ཆུང་ལ་ཡང་དོ་དམ་བྱེད་མཁན་ཡོད་པ་བྱས་པ་དང་ཆབས་ཅིག རིགས་ཁག་གི་ཞབས་ཞུའི་ཐོན་ཁུངས་གཅིག་སྒྲིལ་བྱས་ནས་ལས་ཀའི་མཉམ་ཤུགས་ཞིག་གྲུབ་པ་བྱས་ཏེ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱེད་པའི་སྤུས་ཚད་དང་ཕན་ནུས་མཐོ་རུ་བཏང་བ་རེད།

ད་ལོ་ནག་ཆུ་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི་ཚོ༧༠༨༠བཏང་ནས་ས་ཁུལ་དེ་ཡོངས་ཀྱི་ཤང་གྲོང་རྡལ༡༡༤ལ་ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་བཙུགས་པ་དང་། མ་དངུལ་སྒོར་ཁྲི་ཚོ༡༢༠༠ཙམ་བཏང་ནས་ས་ཁུལ་དེ་ཡོངས་ཀྱི་ཤང་གྲོང༡༡༤ལ་ཁྱོན་ཡོངས་ནས་གཅིག་མཐུད་རྣམ་པའི་དམངས་ཕན་ཞབས་ཞུ་ལྟེ་གནས་བཙུགས་པས་མང་ཚོགས་ལ་བྱ་བ་སྒྲུབ་རྒྱུར་སྟབས་བདེ་སྐྲུན་པ་རེད།  །

གོང་མ།:null
འོག་མ།:གངས་ལྗོངས་མཐོ་སྒང་དུ་ཏང་དར་དམར་པོ་རླུང་གིས་བསྐྱོད།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
ནག་ཆུ་ས་ཁུལ་གྱིས་ཞབས་ཞུའི་རྣ'  
གངས་ལྗོངས་མཐོ་སྒང་དུ་ཏང་དར་ད'  
ལྷ་ས་གྲོང་ཁྱེར་གྱིས་ཐེངས༢༤པའ'  
མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་'  
རང་ཞིང་གིས་དོན་དངོས་བཅུ་བསྒྲ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།