གངས་ལྗོངས་མཐོ་སྒང་དུ་ཏང་དར་དམར་པོ་རླུང་གིས་བསྐྱོད།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-28   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

ཐེངས་གཉིས་པའི“གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལོའི”བྱ་འགུལ་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་བཏང་ནས། སྡེ་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་དང་། ཏང་ཡོན་དང་ཏང་དོན་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་ཐད་བཀོལ་བས། གཞི་རིམ་རྩ་འཛུགས་ཀྱི་མཉེན་ཆས་དང་སྲ་ཆས་ཆ་རྐྱེན་ནུས་ལྡན་སྒོས་ལེགས་བཅོས་ཐོབ། སྡེ་བ་རིམ་པའི་འཁོར་སྐྱོད་གྲོན་དངུལ་ནི་སྡེ་བ་ཆེན་པོར་སྒོར་ཁྲི་བཞི་དང་སྡེ་བ་ཆུང་བར་སྒོར་ཁྲི་གསུམ་སྟོང་ལྔ་རུ་ཇེ་མང་དུ་བཏང་བ་དང་། སྡོད་ཁུལ་དུ་སྒོར་ཁྲི་ལྔ་སྟོང་ལྔ་ལས་ཉུང་མི་ཆོག་པ་བྱས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགན་འཁུར་པ་གཙོ་བོའི་ལོ་འཁོར་གྱི་ཟླ་ཕོགས་ནི་ལོ་སྔོན་མའི་རོང་འབྲོག་པའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བའི་ལྡབ་གཅིག་ལྷག་ཏུ་ཇེ་མཐོར་བཏང་བ་དང་། སྡོད་ཁུལ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིའི་ཟླ་རེའི་ཟླ་ཕོགས་སྒོར་སྟོང་གསུམ་ལྔ་བརྒྱ་རེ་དགུར་ཇེ་མཐོར་བཏང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིའི་ཟླ་ཕོགས་ཀྱི་ཚད་གཞི་ཁྱོན་ཡོངས་ནས་ཇེ་མཐོར་བཏང་། ལྷོད་གཡེང་ནུས་ཞན་གྱི་གཞི་རིམ་ཏང་རྩ་འཛུགས་ལེགས་སྒྲིག་བྱེད་པར་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ནོར་ཤུགས་ལ་དཀའ་ཁག་ཡོད་པའི་གནས་ཚུལ་འོག་སྒོར་དུང་ཕྱུར་གསུམ་བྱེ་བ་གཅིག་ས་ཡ་བདུན་བཏང་ནས་གནད་དོན་ཡོད་པ་དང་དབུལ་ཕོངས་ཡིན་པ། རྗེས་ལུས་ཡིན་པ་བཅས་ཀྱི་སྡེ་བ་དྲུག་བརྒྱ་སོ་བཞིར་སོ་སོར་རོགས་སྐྱོར་མ་དངུལ་སྒོར་འབུམ་ལྔ་རེ་དངོས་འབེབས་བྱས་ཏེ། དངོས་གནས་གཞི་རིམ་ལ་ཕན་ཁེ་སྦྱིན། 

འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ཐེངས་གཉིས་ལ“གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལོའི”བྱ་འགུལ་སྤེལ་བའི་འབྲས་བུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་སྐྲུན་ནུས་པ་དང་གོང་བུ་སྒྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་སྔར་ལས་ཇེ་མཐོར་འགྲོ་བའི་ནུས་ལྡན་གྱི་འགན་སྲུང་ཞིག་ཀྱང་ཡིན། ནང་སྒོས་སུ་ཞིང་ཆེན་ཏང་ཨུས་ཇུས་འགོད་བཀོད་སྒྲིག་བྱས་ཏེ“རྨང་གཞི་གསུམ”གྱི་འཛུགས་སྐྲུན་ལ་ཤུགས་བསྣན་པའི་ཚུན་ལ། གྲོས་ཚོགས་ཀྱི་དགོངས་དོན་ནི་སྦྲང་ཆར་བསིལ་མ་དང་འདྲ་བར་གཞི་རིམ་ཏང་འཛུགས་བྱ་བར་སྐྱེ་སྟོབས་དང་གསོན་ཤུགས་མི་ཉུང་བ་ཞིག་བསྣན། 

མཚོ་སྔོན་ཞིང་ཆེན་ནི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་བསྡུར་ཚད་ཆེས་མཐོ་བའི་ཞིང་ཆེན་ཞིག་ཡིན་ལ། བོད་རིགས་ནི་དེའི་ཁྲོད་ཀྱི་གཙོ་བོ་ཡིན། བོད་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་བཞི་བཞི་ཟིན་ཡོད་པས། བོད་ལྗོངས་ལས་གཞན་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་བོད་མི་འདུས་སྡོད་ས་ཁུལ་ཞིག་ཡིན། གནས་འདིའི་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་མུས་སུམ་སྟོང་ཡན་ཡོད་པ་དང་། དེའི་ནང་གི་བརྒྱ་ཆའི་ལྔ་བཞི་ཡན་གྱི་ས་ཁུལ་གྱི་མཚོ་ངོས་ལས་མཐོ་ཚད་ལ་མུས་བཞི་སྟོང་ཡན་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་འབུམ་གསུམ་ཁྲི་དྲུག་སྟོང་གསུམ་དང་གཞི་རིམ་ཏང་རྩ་འཛུགས་ཁྲི་གཅིག་སྟོང་དགུ་ཆིག་བརྒྱར་ཇེ་མང་དུ་སོང་ཡོད་པས། ཏང་གི་ནུས་ཤུགས་ནི་ཆུང་བ་ནས་ཆེ་བ་དང་ཞན་པ་ནས་ཇེ་དྲག་ཏུ་གྱུར་བས། དཀའ་ངལ་མང་པོ་ཁྱད་དུ་བསད་དེ་འགྱིང་ངེར་ལངས་ཤིང་། བསྲེགས་བཅད་བརྡར་གསུམ་བྱས་པ་བརྒྱུད་དེ་སྔར་ལས་སྟོབས་ལྡན་དུ་གྱུར་ཡོད། 

ཅི་ཞིག་གིས་གངས་ལྗོངས་བོད་ཁུལ་གྱི་ཏང་དར་སྔར་ལས་བཀྲག་མདང་ལྡན་པ་ཞིག་ཏུ་བཏང་བ་ཡིན་ནམ། གསར་འགོད་པ་བོད་ཁུལ་དུ་སོང་བ་དང་། མཚོ་སྔོན་པོའི་འགྲམ་ངོགས་དང་དཔལ་ཐང་རྩྭ་ཐང་། རེབ་གོང་སྒྱུར་རྩལ་གྱི་ཕ་ས་བཅས་སུ་སོང་བ། གུང་ཁྲན་ཏང་ཡོན་དཀྱུས་མ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཉེ་འགྲམ་དུ་བཅར་ཏེ། སྐྱེ་སྟོབས་དང་གསོན་ཤུགས་ཀྱི་ཕག་ཏུ་ཡིབ་པའི་གསང་བ་དེ་རྟོགས་ཐབས་བྱས། 

ཉི་ཟླ་རི་བོ་བརྒྱུད་དེ་གསར་འགོད་པ་འཁོར་དང་བཅས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་གྱི་སྡོང་ངོས་སྡེ་བ་རུ་ཐོན་པ་དང་། སྡོང་ངོས་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་བོད་སྡེ་ཞིག་ཡིན། ཁོད་ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་གྱི་ལམ་མང་པོ་ཕྱོགས་བཞི་མཚམས་བརྒྱད་དུ་སྦྲེལ་ཡོད་ལ། གྲལ་འགྲིག་ཅིང་གྱང་རྩི་དཀར་པོ་བྱུགས་པའི་བོད་ལུགས་ཀྱི་སྡོད་ཁང་རྔམ་བརྗིད་ལྡན་པར་མ་ཟད། གསར་དུ་ལས་པའི་སྡེ་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་ཡངས་ཤིང་གསལ། ད་རུང་མཛེས་སྡུག་ལྡན་པའི་རིག་གནས་ཐང་ཆེན་དང་དང་བྱེད་ནུས་ཆ་ཚང་བའི་རིག་གནས་ལུས་རྩལ་སྒྲིག་ཆས་བཅས་ཡོངས་སུ་འཛོམས་འདུག

ཞིང་ཆེན་ཡོངས་སུ་སྔ་གཞུག་ཏུ“ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱར་མཉམ་འབྲེལ་བྱེད་པ”དང“ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་མཉམ་བསྐྲུན་བྱེད་པ”སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ལས་གཞི་སྟོང་དྲུག་བརྒྱད་བརྒྱ་ལྷག་རྩ་འཛུགས་བྱས་པར། སྤྱིའི་མ་དངུལ་སྒོར་དུང་ཕྱུར་ཆིག་བརྒྱ་བཅུ་གཉིས་ལྷག་བཏང་ཞིང་། ཁེབས་པའི་སྡེ་བ་བདུན་བརྒྱ་དང་སོ་གཅིག་ལ་བསླེབས་པ་དེས་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བའི་སྤྱི་གྲངས་ཀྱི་བརྒྱ་ཆའི་བཅུ་བདུན་ལྷག་ཟིན་ཡོད་པས། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་ལས་སྲ་བརྟན་དང་སྡེ་བའི་རྣམ་པར་སྔར་ལས་ལེགས་བཅོས། གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་སྔར་ལས་ཇེ་དྲག་ཏུ་བཏང་། 

སྡེ་བ་འདིའི་འགྱུར་ལྡོག་དང་འཕེལ་རྒྱས་སྐོར་གླེང་སྐབས། སྡེ་མི་རྣམས་ཀྱིས་མ་གྲོས་རང་མཐུན་སྒོས་ནུས་ཤུགས་ལྡན་པའི་ཏང་ཀྲི་པུའུ་ཚན་ཁག་ཅིག་བདམས་ཡོད་ཟེར། 

གུང་ཧོ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་འབྲུག་རྒྱལ་གྱིས་བཤད་རྒྱུར། སྔོན་ཆད་སྡེ་བ་འདི་ནི་ཉེ་རིང་ཀུན་ཏུ་མིང་དུ་གྲགས་པའི“ཤོ་རྒྱག་སྡེ་བ”དང“ཆང་འཐུང་སྡེ་བ”ཞིག་ཡིན་ལ། ཏང་ཀྲི་པུའུ་ཡི་འཐབ་འཛིང་ནུས་པ་ཞན་ཞིང་། སྡེ་བ་རིམ་པའི་ལས་དོན་དོ་དམ་རྙོག་འཛིང་ཡིན་པར་མ་ཟད། རྩྭ་སའི་རྩོད་གླེང་རྒྱུན་མི་ཆད། འོན་ཀྱང་སྐབས་གསར་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག ཉེ་བའི་ལོ་འགའི་ནང་སྡེ་བ་འདི་ཞན་པ་ནས་དྲག་པོ་དང་དབུལ་བོ་ནས་ཕྱུག་པོར་གྱུར་བ་དང་། རྙོག་འཛིང་ནས་བཅོས་སྐྱོང་བྱས་པས། མྱུར་དུ་རྗེས་ལུས་ནས་སྔོན་ཐོན་གྱི་མིག་དཔེ་རུ་གྱུར། 

ཏང་ཡོན་རེ་རེ་ནི་དར་ཆ་རེ་རེ་དང་འདྲ་ལ། ཀྲི་པུའུ་ནི་དེའི་བཙན་རྫོང་ལྟ་བུ་ཡིན། དུས་རྒྱུན་དང་དཀའ་གནད་ཀྱི་དུས་སྐབས་གང་ཞིག་ཡིན་རུང་ཐོག་མར་ཡར་ལངས་པ་ནི་ཏང་ཡོན་ཡིན་པ་དང་། འགྱིང་ངེར་ལངས་པ་ནི་ཏང་ཀྲི་པུའུ་ཡིན།  སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ལྡན་གྱིས་བཤད་རྒྱུར། “མིག་སྔར། སྡེ་བའི་ནང་དུ་སྔོན་རྩིས་བྱས་ན་མ་དངུལ་སྒོར་ས་ཡ་ལྔ་གཏོང་དགོས་པའི་གནས་སྐོར་སྣེ་ལེན་ཞབས་ཞུ་མཉམ་ལས་ཁང་ཞིག་ལས་རྩིས་བྱེད་ཀྱིན་པའི་སྒང་ཡིན”ཟེར། 

ཉེ་བའི་ལོ་འདི་འགར། མཚོ་ལྷོ་ཁུལ་གྱིས་ཏང་ཡོན་ལ“ཕྱོགས་གཉིས་དོ་དམ”དང“དྲུག་དྲུག་ཏུ་བགར་བའི་དོ་དམ”ཁྱབ་གདལ་གཏིང་ཟབ་ཏུ་བཏང་བ་དང་། ཞང་དང་གྲོང་རྡལ། སྡེ་བ་བཅས་ཀྱི་ཏང་སྲིད་རྩ་འཛུགས་ཀྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་དང་། སྡེ་དམངས་རང་སྐྱོང་ནང་རྐྱེན། གཙོ་གནད་བྱ་བའི་ལྟ་ཞིབ། ཏང་འཛུགས་བྱ་བའི་ཆེད་དམིགས་ལས་འགན་གསལ་ཞུ། “རིམ་པ་གསུམ་གྱིས་མཉམ་དུ་ལས་འགན་གསལ་ཞུ་དང་མཉམ་དུ་དཔྱད་བསྡུར། མཉམ་དུ་དཔྱད་ཞིབ”བྱེད་པ་སོགས་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་བས། རྗེས་ལུས་སྡེ་བ་ང་གཅིག་ལ་འཕེལ་རྒྱས་ཆེན་པོ་བྱུང་། 

དཔྱད་གཞིའི་ཡིག་རིགས་ཤིག་ལས་མངོན་པ་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་རེབ་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ཁྱོན་ཡོངས་ནས་རྩད་གཅོད་དང་ཕྱོགས་བསྡུས་དཔྱད་བསྡུར། ཤན་སྦྱར་དབྱེ་འབྱེད་བཅས་བྱེད་པའི་རྨང་གཞིའི་སྟེང་། རྫོང་ཡོངས་ཀྱི་སྡེ་བ་སོ་གཉིས་ལ་རེ་རེ་བཞིན་རྩད་ཞིབ་བྱས་ཏེ། འགལ་བ་འབུར་ཐོན་དང་རྩ་འཛུགས་ལྷོད་གཡེང་། འཕེལ་རྒྱས་རྗེས་ལུས། དོ་དམ་རྙོག་འཛིང་ཡིན་པའི“རྗེས་ལུས་སྡེ་བ”རྣམས་ལྷོད་གཡེང་ཉམས་ཞན་གྱི་སྡེ་བའི་གྲས་སུ་བཞག་ནས་གཅིག་བསྡུས་སྒོས་ལེགས་སྒྲིག་བྱེད་པའི་གཙོ་གནད་དུ་བཞག་པ་དང་། སྡེ་བའི་ཏང་རྩ་འཛུགས་ཀྱི་སྤྱི་པའི་ཡིད་རྟོན་ནུས་པ་དང་འཐབ་འཛིང་ནུས་པ། གནོད་འགོག་ནུས་པ་བཅས་ཇེ་མཐོར་གཏོང་རྒྱུ་དེ་བྱ་བའི་དམིགས་འབེན་དུ་འཇོག་པ། མགོ་ཁྲིད་ཚན་ཁག་ལེགས་སྒྲིག་བྱེད་པ་དང་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་ཤུགས་སྣོན་དང་། གནད་དོན་དག་ཐེར་བྱེད་པར་དམ་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་པ། སྡེ་བར་བལྟས་ནས་བྱེད་ཐབས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་དང་ཁག་བགོས་ཁྲིད་སྟོན། ནུས་ཤུགས་གཅིག་སྒྲིལ་གྱིས་འགོག་སྲུང་གཏོར་བ་བཅས་ཀྱིས་ལྷོད་གཡེང་ཉམས་ཞན་གྱི་གྲས་སུ་བཞག་པའི་སྡེ་བའི་རྩ་འཛུགས་བཅུ་གཉིས་ལེགས་སྒྲིག་དང་ཇེ་བཟང་དུ་བཏང་། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས“སྡོད་ཁུལ་གྱི་དགོས་མཁོ་དང་སྡོད་དམངས་ཀྱི་སེམས་ཁྲལ། རང་ཉིད་ཀྱི་ནུས་པ” བཅས་དང་བསྟུན་པའི་རྩ་དོན་ལྟར། ལས་གནས་སུ་ཡོད་པའི་ཏང་ཡོན་སྡོད་ཁུལ་དུ་བསྐྱོད་པའི་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་བ་དང་། སྡོད་ཁུལ་གྱིས་ཞབས་ཞུའི་ལས་གནས་བཀོད་སྒྲིག་བྱེད་པ། ལས་ཞོར་གྱི་དུས་ཚོད་བེད་སྤྱད་དེ་ཏང་ཡོན་གྱི་དང་བླངས་ཞབས་ཞུ་བྱ་འགུལ་སྣ་ཚོགས་སྤེལ་བ་བཅས་བྱས། ལས་གནས་སུ་ཡོད་པའི་ཏང་ཡོན་སྟོང་ལྔ་བརྒྱད་བརྒྱ་ལྷག་སྡོད་ཁུལ་དོན་གཅིག་ལ་སོང་ནས་ཏང་ཡོན་གྱི་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ། 

གཞི་རིམ་ཏང་རྩ་འཛུགས་ཁག་བགོས་དང་རིམ་པ་གཏན་འཁེལ་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཁྲི་གཅིག་སྟོང་དྲུག་ཉིས་བརྒྱ་རེ་བདུན་གྱི་ཁྲོད། སྔོན་ཐོན་ཏང་ཀྲི་པུའུ་རུ་དཔྱད་བསྡུར་གཏན་འབེབས་བྱས་པ་སྟོང་བརྒྱད་དང་བཞི་བརྒྱ་དོན་བརྒྱད་ཡོད་པས། སྤྱི་གྲངས་ཀྱི་བརྒྱ་ཆའི་ང་གཉིས་ལྷག་ཟིན་ཡོད། སློབ་གསོའི་ལག་ལེན་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་དང་ཁུལ། རྫོང་ལས་ཁུངས། ཁེ་ལས་བཅས་ཀྱིས་ལས་བྱེད་པ་སྟོང་དགུ་ལྷག་བཀོད་སྒྲིག་བྱས་ཏེ་ལས་བྱེད་པ་མང་པོ་རོང་འབྲོག་ཁུལ་དང་སྡོད་ཁུལ། སློབ་གྲྭ། ཁེ་ལས། དགོན་པ་བཅས་སུ་བསྐྱོད་པའི་ཆེད་དམིགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བས། ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་དང་གཞི་རིམ་ལ་ཞབས་ཞུ་སྒྲུབ་པའི་ནུས་ལྡན་གྱི་ཐེག་བྱད་བསྟུད་མར་གསར་བསྐྲུན་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཆེས་མཇུག་མཐའི་སྤྱི་ལེ་གཅིག་ཤུགས་ཆེན་པོས་བཏོད། སྡེ་བ་རུ་སྡོད་པའི་བྱ་བའི་ཚན་ཆུང་དང་སྡེ་བ་རུ་སྡོད་པའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱས་ཏེ། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བརྒྱ་དང་ཞེ་དགུ་འདེམ་བསྐོ་བྱས་པ་དང་ཕུལ་བྱུང་ལས་བྱེད་པ་ཉིས་བརྒྱ་དང་སོ་གཉིས་མངགས་ཏེ་སྡེ་བའི་ཏང་རྩ་འཛུགས་ཀྱི“ཧྲུའུ་ཅི་དང་པོའི”འགན་འཁུར་དུ་བཅུག མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ལྷོད་གཡེང་ཉམས་ཞན་གྱི་སྡེ་བའི་ཏང་རྩ་འཛུགས་བཞི་བརྒྱ་དང་བཅུ་ལེགས་སྒྲིག་བྱས་པས། ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཚད་བརྒྱ་ཆའི་གོ་གཉིས་ལྷག་ཏུ་བསླེབས་ཡོད། 

གསར་འགོད་པ་རྣམས་ཡང་བསྐྱར་བཀྲ་ཤིས་དར་ཐང་སྡེ་བ་རུ་ཐོན། བཀྲ་ཤིས་དར་ཐང་སྡེ་བ་ནི་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་ཁོངས་གཏོགས་ཀྱི་སྡེ་བ་ཆེན་པོ་ཞིག་ཡིན་ལ། ཡུས་ཧྲུའུ་ས་འགུལ་ཁྲོད་གནོད་འཚེ་ཐེབས་པའི་གཞི་ཁྱོན་ཆེས་ཆེ་ཞིང་གནོད་འཚེ་ཐེབས་ཚད་ཀྱང་ཆེས་མཐོ་བའི་ས་ཁུལ་ནང་གི་གཅིག་ཡིན། གནོད་འཚེ་དང་འཕྲད་སྐབས། སྡེ་བའི་ཏང་ཀྲི་པུའུ་ཡིས“འཐབ་ཕྱོགས་དང་པོའི་བྱ་བ་སྒྲུབ་ཐབས”ལྟར་མྱུར་དུ་བྱ་སྤྱོད་ལངས་ཏེ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་སླར་གསོ་དང་བསྐྱར་འཛུགས་བྱ་བའི་ཁྲོད་ཞུགས་ཤིང་། ནང་སྒོས་སུ་ཡུས་ཧྲུའུ་གནོད་ཤུལ་བསྐྱར་འཛུགས་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ཐུན་མོང་གི་མ་དངུལ་བསྡུ་སྒྲིག་དང་མང་ཚོགས་ཀྱིས་མ་རྐང་འཇོག་པ། དངུལ་ཁང་ནས་དངུལ་བུན་ལེན་པ་སོགས་ཀྱི་བྱེད་ཐབས་ཀྱིས་མ་དངུལ་སྒོར་ས་ཡ་བདུན་འབུམ་གསུམ་ལྷག་བསྡུ་སྒྲིག་བྱས་རྗེས། སྔ་གཞུག་ཏུ་ཚོང་ཁང་བརྒྱ་དང་ཞེ་བརྒྱད་ལས་པ་དང་ཕྱུགས་ལས་ཐོན་རྫས་ཉོ་འཚོང་ཚད་ཡོད་འགན་འཁྲི་ཀུང་ཟི་དང་ཕྱུགས་ལས་ཐོན་རྫས་ཉོང་འཚོང་ཁྲོམ་ར་དང་རྡོ་འཐག་རྩམ་པ་ལས་སྣོན་བཟོ་གྲྭ ཞན་ཧྥུན་ཕྱོགས་བསྡུས་སོ་ཕག་བཟོ་གྲྭ་སོགས་ཀྱི་སྡེ་སྒྲུབ་ཁེ་ལས་མང་པོ་བཙུགས། 

ཚན་ཁག་གི་ཤུགས་ཆེ་མིན་སྣེ་ཁྲིད་པར་རག་ལས་ཡོད་ལ། མང་ཚོགས་ཕྱུག་མིན་ནི་གཙོ་བོ་ཀྲི་པུའུ་ལ་རག་ལས་ཡོད། ཞིང་ཆེན་ཡོངས་འཕེལ་རྒྱས་སུ་གཏོང་བཞིན་པའི་ཞིང་ཕྱུགས་ཁྱད་ལྡན་ཐོན་ལས་ཆེན་པོ་བཅུ་དང་འབྲེལ་ཏེ། སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཏང་རྩ་འཛུགས་ཀྱི་གཅིག་སྒྲིལ་ནུས་པ་དང་གསར་སྐྲུན་ནུས་པ་ཇེ་དྲག་ཏུ་གཏོང་བའི་གནད་འགག་གཙོ་བོ་ཞིག་ཏུ་བརྩི་བ་དང་། སྡེ་བའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པའི་སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྡེ་བ་སྟོང་གཉིས་དགུ་བརྒྱ་ལྔ་གསུམ་ལ་སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་མ་རྩ་དང་ཡོང་སྒོ་ཡོད་ལ། དེའི་ནང་གི་སྡེ་བ་ཞེ་བདུན་གྱི་ཐུན་མོང་དཔལ་འབྱོར་ཡོང་སྒོ་སྒོར་འབུམ་ལྔ་ཡན་ལ་བསླེབས་ཡོད། 

སྡེ་བའི་ལམ་འགྲམ་དུ“གུང་ཁྲན་ཏང་གི་བཀའ་དྲིན་ཡིད་ལ་བཅངས་ནས་ཕྱུག་སྒྱུར་འབྱོར་འབྲིང་གི་ལམ་དུ་བསྐྱོད་དགོས”ཞེས་པའི་ཡིག་འབྲུ་འདི་དག་གསལ་བོར་བྲིས་ཡོད་པའི་རྡོ་རིང་ཞིག་ཉི་འོད་འོག་ཏུ་འོད་འཚེར་འཚེར་དུ་སྣང་ཞིང་། དེས་ལམ་འགྲོ་བ་རྣམས་ལ་སྡེ་དམངས་ཀྱིས་བློ་གཅིག་སེམས་གཅིག་གིས་ཕྱུག་སྒྱུར་བྱེད་པའི་ཆོད་སེམས་བརྟན་པོ་དང་གུང་ཁྲན་ཏང་གི་བཀའ་དྲིན་ལ་རྗེས་སུ་ཡི་རང་བྱེད་པའི་དོན་དངོས་ཀྱི་སེམས་ཁམས་མཚོན་གང་ཐུབ་བྱེད་ཀྱིན་ཡོད། 

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བྲག་ཁང་སྣ་ཁ་སྡེ་བ་འདིར་ད་ལྟ་བདེ་སྐྱིད་དང་འཆམ་མཐུན་གྱི་རྣམ་པ་ཞིག་མངོན་འདུག སྡེ་བ་ཡོངས་སུ་ཁྱིམ་ཚང་ཞེ་བརྒྱད་ཀྱིས“བོད་པའི་སྤྲོ་ཁྱིམ”གཉེར་བཞིན་ཡོད་ལ། ཁྱིམ་ཚང་ཁ་ཤས་ཀྱི“བོད་པའི་སྤྲོ་ཁྱིམ”གཉེར་བའི་ཡོང་སྒོ་ཁོ་ན་སྒོར་ཁྲི་གསུམ་ནས་བཞི་རུ་བསླེབས་ཡོད། 

མིག་སྔའི་བར་དུ། ཁུལ་དང་རྫོང་དུ་རིམ་པ་བགར་ཏེ་ཆ་འཕྲིན་ཞབས་ཞུའི་སྟེགས་བུ་ལྔ་དང་མཐའ་སྣེ་ལྔ་བརྒྱ་དང་ང་བདུན་བཙུགས་ཏེ། ཁུལ་ཡོངས་ཀྱི་སྡེ་བ་ལྔ་བརྒྱ་ང་བདུན་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་འགན་འཁུར་པ་གཙོ་བོ་དང་། ཁུལ་དང་རྫོང་རྩ་འཛུགས་སྡེ་ཁག་གི་དོ་དམ་མི་སྣར་བོད་རྒྱ་ཡིག་རིགས་གཉིས་ཀ་ཡོད་པའི་རིག་ནུས་ལག་ཁྱེར་ཁ་པར་བཀོད་སྒྲིག་བྱས་པ་དང་། མི་རེར་ལོ་རེར་ཆ་འཕྲིན་དྲིལ་བསྒྲགས་གྲོན་དངུལ་སྒོར་དྲུག་བརྒྱ་རེ་ཁ་གསབ་བྱེད་ཀྱིན་ཡོད། རྨ་ཆུའི་འགྲམ་ངོགས་བརྒྱུད་དེ་རེབ་གོང་གསེར་མོ་ལྗོངས་སུ་ཐོན་པ་ན། རེབ་གོང་སྒྱུ་རྩལ་གྱི་སྣང་ཚུལ་སྟུག་པོ་ཞིག་ཁྱབ་འདུག ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་མཁར་གསར་སྡེ་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་ནི་རྔམ་བརྗིད་ལྡན་པ་ཞིག་ཡིན། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཡིན་ཧོང་གིས་དེ་སྟོན་བཞིན་བཤད་རྒྱུར། ན་ནིང་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་གསུམ་ལྷག་བཏང་ནས་མུས་གྲུ་བཞི་མ་བཞི་བརྒྱ་ལྷག་གི་སྡེ་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་ལས་པར་མ་ཟད། ད་རུང་སྡེ་དམངས་ལ་ལྡིང་ཁང་དང་ཁྱམས་ར། མཛེས་ལྗོངས་ལ་བལྟ་བའི་སྟེགས་བུ་དང་ངལ་གསོ་བྱེད་སའི་ཐང་ཆེན་སོགས་ལས་ཡོད་ཟེར། 

༢༠༡༣ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་སུ་ཨར་ལས་རྒྱ་ཁྱོན་མུས་གྲུ་བཞི་མ་སུམ་བརྒྱ་ཡན་ལ་བསླེབས་ཡོད་པའི་སྡོད་ཁུལ་གཞུང་ལས་ཞབས་ཞུ་ཁང་ཉིས་བརྒྱ་ང་གཅིག་ཡོད། ཉེ་བའི་ལོ་གཉིས་ཀྱི་རིང་ལ་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་བཞི་ས་ཡ་དྲུག་འབུམ་གཉིས་བཏང་ཏེ། བཀོད་སྒྲིག་ས་ཚིགས་རིགས་བཞི་ལ་གཞུང་ལས་སྒྲིག་བཀོད་དང་སྒྲིག་ཆས་བཀོད་སྒྲིག་བྱས། 

གུང་ཁྲན་ཏང་ཡོན་རེ་རེ་ནི་དར་ཆ་རེ་རེ་དང་འདྲ་ལ། གཞི་རིམ་གྱི་ཏང་རྩ་འཛུགས་རེ་རེ་ནི་འགྱུར་མེད་ཀྱི་བཙན་རྫོང་རེ་རེ་དང་འདྲ། ཁོ་ཚོས་རང་ཉིད་ཀྱི་ལྷག་བསམ་དང་བརྩེ་སེམས་ལ་བརྟེན་ནས། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གླུ་དབྱངས་ཤིག་བྲིས་ཡོད། 

གོང་མ།:null
འོག་མ།:ལྷ་ས་གྲོང་ཁྱེར་གྱིས་ཐེངས༢༤པའི་མི་རིགས་མཐུན་སྒྲིལ་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
གངས་ལྗོངས་མཐོ་སྒང་དུ་ཏང་དར་ད'  
ལྷ་ས་གྲོང་ཁྱེར་གྱིས་ཐེངས༢༤པའ'  
མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་'  
རང་ཞིང་གིས་དོན་དངོས་བཅུ་བསྒྲ'  
གཅིག་སྒྲིལ་རྫོང་ཏང་ཨུས་ཁྱིམ་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།