ལྷ་ས་གྲོང་ཁྱེར་གྱིས་ཐེངས༢༤པའི་མི་རིགས་མཐུན་སྒྲིལ་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-24   རྩོམ་གྱི་ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།

 བོད་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཟླ་བ་ཐེངས༢༤པ་དང་ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་དུས་ཆེན་ཐེངས་གསུམ་པར་རྟེན་འབྲེལ་ཞུས་ནས། སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད་ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་གྱི་ཆུས་དང་རྫོང་། དེ་བཞིན་ཚན་པ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

 ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་གྱིས་ཇུས་འགོད་ནན་ཏན་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་སྒོ་ར་ཆེ་མོའི་དགའ་བྲོའི་གླུ་དབྱངས་ཞེས་པའི་འཁྲབ་ཚན་དེ། ལྷ་ས་མི་རིགས་རིག་གནས་སྒྱུ་རྩལ་ཕོ་བྲང་དུ་འཁྲབ་སྟོན་བྱེད་འགོ་ཚུགས་པ་དང༌། དགོང་ཚོགས་ཐོག་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་དང་མེས་རྒྱལ་ལ་དགའ་ཞེན་དང་སྨོན་འདུན་བཟང་པོ་ཞུ་ལུགས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་འགྱུར་མེད་དད་སེམས་ལ་བསྟོད་གླུ་ཕུལ་ནས། རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་སེམས་ཤུགས་ཆེས་ཆེར་འཕེལ་ཐུབ་པ་བྱས་པ་རེད།

འདམ་གཞུང་རྫོང་གིས་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་མི་རིགས་མཐུན་སྒྲིལ་ཡར་རྒྱས་དུས་ཆེན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང༌། ད་རེས་ཀྱི་བྱེད་སྒོའི་ལས་ཁུངས༡༩། ལས་བྱེད་ལས་བཟོ༧༣ཞུགས་ཡོད་ཅིང་། ལས་ཁུངས་ཁག་གིས་རྫོང་གནས་ཁུལ་གྱི་མི་རུབ་བསྡུས་ཆེ་སར་མང་ཚོགས་ལ་ཁྲིམས་ལུགས་ཁྲིམས་སྲོལ་དང་གཉིས་ལྡན་དུད་སྦྲེལ་གྱི་ལས་ཀའི་རྒྱུད་རིམ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་གཞི་རྩའི་ཤེས་བྱ་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཁྲིམས་ལུགས་ཤེས་པ་དང་ཁྲིམས་ལུགས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

ཆུ་ཤུར་རྫོང་གིས་ཉིན་ཤས་གོང་རྫོང་གནས་ཡུལ་གྱི་མི་རུབ་བསྡུས་ཆེ་ཁུལ་དང་རྒྱལ་ལམ༣༡༨ཉེ་འགྲམ་དུ་གཅིག་བསྡུས་ཐོག་དུས་བདེའི་བོད་ལྗོངས་ཀྱི་དྲིལ་བསྒྲགས་ཉི་མོ་དང་མི་རིགས་མཐུན་སྒྲིལ་ཟླ་བའི་བྱེད་སྒོ་སྤེལ་བ་དང་། ལས་ཁུངས༣༠ཙམ་བྱེད་སྒོའི་ནང་བཞུགས་ཡོད་པ་རེད། ལས་ཁུངས་ཁག་གིས་འཕྲེད་འགེལ་བྱང་བུ་བཀལ་བ་དང་འགྲེམས་སྟེགས་བཙུགས་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་ཐོག་ནས། རྒྱ་ཆེའི་མང་ཚོགས་ལ་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྲོལ་ཡིག་སོགས་དྲིལ་བསྒྲགས་དང་གཤམ་སྤྲོད་བྱས་པ་རེད།

སྙེ་མོ་རྫོང་གིས་སྤྱི་ལོ༢༠༡༤ལོའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་དཔེ་བཟང་གསར་གཏོད་དཔྱད་འདེམས་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ཚོགས་ནས། ཡར་རྒྱས་དཔེ་བཟང་མཉམ་སྡེབ༡༦དང་སྔོན་ཐོན་མི་སྣ༢༩དང་། མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱས་པའི་དུད་ཚང༡དང་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱས་པའི་སྔོན་ཐོན་མཉམ་སྡེབ༡བཅས་ལ་གཟེངས་སྟོད་བྱས་པ་རེད།  །

གོང་མ།:null
འོག་མ།:མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོ་ཏང་གིས་མི་རིགས་བྱ་བ་སྒྲུབ་པའི་བྱེད་ཐབས་གཙོ་བོ་ཡིན།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
ལྷ་ས་གྲོང་ཁྱེར་གྱིས་ཐེངས༢༤པའ'  
མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་'  
རང་ཞིང་གིས་དོན་དངོས་བཅུ་བསྒྲ'  
གཅིག་སྒྲིལ་རྫོང་ཏང་ཨུས་ཁྱིམ་'  
མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།