རང་ཞིང་གིས་དོན་དངོས་བཅུ་བསྒྲུབས་ནས་མཁར་གྲོང་གི་སྡོད་དམངས་ལ་ཕན་ཁེ་བསྐྲུན་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-22   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

དམངས་འཚོ་ལ་སྔར་ལས་འགན་སྲུང་དང་ལེགས་བཅོས་བྱེད་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ད་ལོར་དམངས་འཚོའི་ཐད་དོན་དངོས་བཅུ་བསྒྲུབ་རྒྱུ་ཞིབ་འཇུག་བྱས་ནས་གཏན་ཁེལ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དོན་དངོས་དེ་དག་བསྒྲུབ་རྒྱུའི་དམ་བཅའ་ཡང་བཞག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ད་ལོ་ནས་བཟུང་། ཞིང་ཆེན་ནོར་སྲིད་ཀྱིས་ནོར་ཤུགས་བརྒྱ་ཆའི་དོན་ལྔ་ལྷག་བཏང་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཕྱོགས་སུ་གཅིག་བསྡུས་བྱས་ནས་དམངས་འཚོའི་སྐོར་གྱི་དོན་དངོས་བཅུ་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་བསལ་འགན་སྲུང་བྱས། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ཐུན་མོང་འབད་བརྩོན་འོག ཟླ་དྲུག་པའི་ཟླ་མཇུག་བར་དུ། དམངས་འཚོའི་སྐོར་གྱི་དོན་དངོས་བཅུ་ཕྱོགས་ཡོངས་ནས་སྤེལ་ཞིང་། ལས་གཞི་ཁག་ཅིག་སྔོན་ལ་གྲུབ།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁྱིམ་ཚང་མང་པོའི་ལས་ཞུགས་གནད་དོན་ལ་སེམས་ཁུར་བྱས་པ་དང་། ད་ལོར་མུ་མཐུད་དུ་ལས་ཞུགས་སྲིད་ཇུས་སྔར་ལས་ལེགས་པར་ལག་བསྟར་བྱས་ཏེ། སློབ་ཆེན་སློབ་མའི་ལས་ཞུགས་དང་ལས་སྒོ་གསར་གཉེར་ལ་སྐུལ་འདེད་དང་། མཁར་གྲོང་གི་ངལ་རྩོལ་པའི་རྩལ་ནུས་གསོ་སྦྱོང་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་བ་གཞན་ལ་ཞོར་ལས་སུ་འགྲོ་བའི་བྱ་བར་ཤུགས་བསྣན། ལོ་མགོར་ཞིང་ཆེན་ནོར་སྲིད་ཀྱིས་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་བཞི་ལྷག་བཏང་ནས་མཁར་གྲོང་གི་སྡོད་དམངས་ལ་ལས་ཞུགས་དང་ལས་སྒོ་གསར་གཉེར་གྱི་ལམ་འབྱེད་རོགས་རམ་བྱས། མིག་སྔར། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི་གསུམ་དང་སྟོང་ལྔ་ལྷག་གསར་དུ་འཕར་ཡོད་པས། ལོ་ཧྲིལ་བོའི་དམིགས་འབེན་གྱི་བརྒྱ་ཆའི་རེ་གཅིག་ལྷག་གྲུབ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་འབུམ་དགུ་ལྷག་ས་གཞན་དུ་སོང་ནས་ལས་ཞུགས་བྱས་པས། ལོ་ཧྲིལ་བོའི་དམིགས་འབེན་གྱི་བརྒྱ་ཆའི་དགུ་བཅུ་གྲུབ། སློབ་ཆེན་སློབ་མ་སྟོང་དགུ་དང་བདུན་བརྒྱ་ཡིས་ཐོག་མའི་ལས་ཞུགས་ཀྱི་རེ་འདུན་སྐོང་ཐུབ་ཡོད།

ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་མུ་མཐུད་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད། རང་ཞིང་གིས་དམངས་འཚོའི་བཟོ་འགོད་དངུལ་ལོར་ཅན་གྱི་རྣམ་པ་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། དམངས་འཚོའི་དངུལ་གཏོང་གྲུབ་ཚུལ་ཇེ་ལེགས་སུ་བཏང་ཞིང་དམངས་འཚོའི་མ་དངུལ་གྱི་ལས་ཕྱོད་ཇེ་མཐོར་བཏང་། མིག་སྔར་བཅོས་སྒྱུར་དང་འབྲེལ་བའི་རིགས་སྣ་བརྒྱད་ཀྱི་ལས་གཞི་ང་དྲུག་ཕྱོགས་ཡོངས་ནས་ལག་བསྟར་བྱས་པར་མ་ཟད། སྡོད་དམངས་ཀྱི་ཡོང་སྒོའི་ནང་དུ་བརྩིས་ཡོད། དུས་མཚུངས་སུ། སྤྱི་ཚོགས་འགན་སྲུང་གི་ཚད་གཞི་ཇེ་མཐོ་དང་གཞི་ཁྱོན་ཇེ་ཆེར་བཏང་བ་བརྒྱུད། རྒྱུ་ནོར་བདག་གཉེར་གྱི་ཐོན་རྫས་སྣ་ཚོགས་གསར་སྤེལ་བྱས་ཏེ། མཁར་གྲོང་སྡོད་དམངས་ཀྱི་སྤོ་བསྒྱུར་རང་བཞིན་གྱི་ཡོང་སྒོ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་བཏང་།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྡོད་དམངས་ཀྱི་ཚོད་སླེ་དང་འབྲས་ཁུག་ལ་སེམས་ཁུར་བྱས་ཏེ། ནུས་ཤུགས་ཡོད་རྒུས་དངོས་གོང་ཚོད་འཛིན་བྱས། ད་ལོར་ནོར་སྲིད་ཀྱིས་མ་དངུལ་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་ལྔ་ལྷག་བཏང་ནས་དངོས་གོང་ཚོད་འཛིན་བྱེད་ཚད་ཇེ་ཆེར་བཏང་། དུས་མཚུངས་སུ་ཞིང་སྡེའི་རྨོ་འདེབས་ཁ་གསབ་མ་དངུལ་མུའུ་རེར་སྒོར་མོ་བདུན་ཅུ་དོན་ལྔ་ནས་བརྒྱ་རུ་ཇེ་མཐོར་བཏང་། ལོ་མགོ་ནས་བཟུང་། དྲོད་ཁང་སྟོང་ལྔ་དང་བརྒྱ་དང་ཉེར་བརྒྱད་དང་གཞུ་དབྱིབས་སྤྱིལ་བུ་བརྒྱད་བརྒྱ་ལས་མགོ་བརྩམས་ཤིང་། རྣམ་པ་གསར་བའི་གྲོན་ནུས་དྲོད་ཁང་བཞི་བརྒྱ་དང་བདུན་ཅུའི་གཞི་གྱང་རྡུང་ཚར་ཞིང་། དྲོད་ཁང་བརྒྱ་དང་བཞིའི་ལྕགས་སྒྲོམ་ཡང་བསྒྲིགས་ཚར། ཞིང་ཞོར་ཐོན་རྫས་ཀྱི་ཚོང་ཁང་གོ་ལྔ་དང་གོང་བདེ་ཚོང་ར་གསུམ་གསར་དུ་ལས། ཟི་ལིང་གྲོང་ཁྱེར་དུ་སྔོ་ཚལ་ཐད་ཚོང་རླངས་འཁོར་སུམ་ཅུ་བཏང་ཡོད།

རང་ཞིང་གིས་སློབ་གསོའི་རིགས་སྣ་ཚོགས་མཐུན་འགྲིག་ངང་སྤེལ་བར་ཤུགས་བརྒྱབ་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་བ་དང་། རིག་གནས་ཚན་རྩལ་དམངས་ཕན་བཟོ་འགོད་ལག་བསྟར་བྱས་ཤིང་། མཁར་གྲོང་སྡོད་དམངས་ཀྱི་ཁོར་ཡུག་ཆ་རྐྱེན་ཇེ་ལེགས་སུ་བཏང་། ད་ལོར་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་མོ་ཐེར་འབུམ་གཉིས་ལྷག་བཏང་ནས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་ཞག་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ་དང་། དེ་མིན་སློབ་གྲྭ་ཆུང་འབྲིང་ཚད་ལྡན་ཅན་དུ་གཏོང་བ་དང་དགེ་རྒན་གྱི་གནས་སྐབས་སྡོད་ཁང་འཛུགས་སྐྲུན། ཁ་གཏད་རོགས་སྐྱོར། སྐད་གཉིས་དགེ་རྒན་གསོ་སྦྱོང་། མཁར་གྲོང་གི་ལས་བཟོ་བའི་བུ་བུ་མོ་གཞུང་སྒྲུབ་སློབ་གྲྭར་འཇུག་པ་སོགས་ཀྱི་ཕྱོགས་སུ་བཏང་། སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ལྷག་བཏང་ནས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་སྐོར་གྱི་གསོ་སྦྱོང་ལས་གཞི་བརྒྱ་དང་བཅུ་གཅིག་ལག་བསྟར་བྱས་ཏེ། རིམ་པ་སོ་སོ་དང་རིགས་སོ་སོའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་མི་སྣ་ཁྲི་གཉིས་དང་སྟོང་ལྔ་ལྷག་ལ་གསོ་སྦྱོང་བྱས། དེ་དང་ཆབས་ཅིག་ཏུ། ཀྲུང་བོད་གསོ་རིག་གི་སྨན་པའི་ལས་རྐང་བརྗེ་བའི་གསོ་སྦྱོང་སྤེལ་བ་དང་། བྱིས་པ་གཉིས་ཀྱི་འཆར་ལྡན་བུ་སྐྱེའི་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས། མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ལྷག་བཏང་ནས་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཕྱོགས་བསྡུས་རང་བཞིན་གྱིས་རྒྱུན་འཛིན་དང་སློབ་སྦྱོང་ལྟེ་གནས་གསུམ་གྱི་བཟོ་བཀོད་འཛུགས་སྐྲུན་བྱས། དེ་མིན་ཞིང་ཆེན་ཡོངས་ཀྱི་དཔེ་མཛོད་ཁང་དང་ཁང་གསུམ་འཛུགས་སྐྲུན། ནུབ་གསར་བཟོ་འགོད་ལྔ་པའི་ནང་གི་ཨ་མདོ་བོད་སྐད་བསྒྱུར་སྐྲུན་ལྟེ་གནས་སོགས་ལ་སྐུལ་འདེད་བཏང་། མ་དངུལ་སྒོར་མོ་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་ལྷག་བཏང་ནས་ཞིང་སྡེའི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་ཁང་རྙིང་ཞིག་གསོ་དང་བྱ་དགའ་རང་བཞིན་གྱི་སྡོད་ཁང་ཐད་ཀྱི་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། མིག་སྔར་ཁྱིམ་ཚང་ཁྲི་བཞི་ལྷག་གི་སྡོད་ཁང་ལས་མགོ་བརྩམས་ཤིང་། ཨར་ལས་གཞི་ཁྱོན་ལ་མུས་གྲུ་བཞི་མ་ས་ཡ་གསུམ་དང་ཁྲི་ལྔ་ལྷག་ཡོད། མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི་ལྔ་དང་སྟོང་བརྒྱད་ལྷག་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། སྡོད་ཁང་ཁྲི་གསུམ་དང་སྟོང་དྲུག་ལྷག་ཧ་ལམ་འགྲུབ་ཡོད། སྡོད་ཁང་ཁྲི་གཉིས་དང་སྟོང་གཉིས་ཀྱི་ནང་དུ་མི་བསྡད་ཟིན།

མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་དཀའ་ཁག་སེལ་ཆེད། རང་ཞིང་གིས་དྲང་སྙོམས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ཞིང་། ཞིང་ཆེན་ནོར་སྲིད་ཀྱིས་ད་ལོར་མ་དངུལ་སྒོར་མོ་ཐེར་འབུམ་ལྔ་དང་དུང་ཕྱུར་གཅིག་ལྷག་བཏང་ནས་མཁར་གྲོང་སྡོད་དམངས་ཀྱི་སྤྱི་ཚོགས་དང་རྒན་གསོ་འགན་སྲུང་དང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་བའི་མ་མཐའི་རྒན་གསོ་མ་དངུལ་གྱི་ཟླ་རེའི་མི་རེའི་ཆ་སྙོམས་ཚད་གཞི་ཇེ་མཐོར་བཏང་སྟེ། སོ་སོར་སྒོར་མོ་བརྒྱ་དང་བཅུ་དང་། སྒོར་མོ་སྟོང་གཉིས་དང་ལྔ་བརྒྱ་གོ་གསུམ་ལ་བསླེབས། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་མ་དངུལ་བསྡུ་བའི་ཚད་གཞི་གཅིག་གྱུར་གྱིས་སྒོར་མོ་ལྔ་བརྒྱ་དང་བཅུ་ལ་ཇེ་མཐོར་བཏང་། ཆེས་དམའ་བའི་ཟླ་ཕོགས་དང་ལས་ཤིར་འགན་སྲུང་བྱེད་པའི་མ་དངུལ་གྱི་ཆ་སྙོམས་ཚད་གཞི་ཇེ་མཐོར་བཏང་སྟེ། སོ་སོར་སྒོར་མོ་སྟོང་གཅིག་དང་ཉིས་བརྒྱ་ལྔ་བཅུ་དང་སྒོར་མོ་བདུན་བརྒྱ་དང་སུམ་ཅུར་བསླེབས། མཁར་གྲོང་གི་ཟླ་རེའི་མི་རེའི་ཆ་སྙོམས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་སོ་སོར་སྒོར་མོ་ཉི་ཤུ་དང་སྒོར་མོ་བཅུ་ཡིས་ཇེ་མཐོར་བཏང་བས། སྒོར་མོ་སུམ་བརྒྱ་དང་ལྔ་བཅུ་དང་སྒོར་མོ་བརྒྱ་དང་བརྒྱད་ཅུ་ལ་བསླེབས། མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ལྷག་བཏང་ནས་རྒན་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། མིག་སྔར་མཁར་གྲོང་གི་རྒན་གསོ་ཞབས་ཞུ་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་སུམ་བརྒྱ་དང་བདུན་ཅུ་བསྟུད་མར་ལས་མགོ་ཚུགས། ཞིང་ཆེན་ཡོངས་ཀྱི་ལོ་དྲུག་ཅུ་རེ་ལྔ་ཡན་གྱི་རྒན་པའི་ལུས་ཕུང་བརྟག་དཔྱད་བྱེད་པའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་མོ་བརྒྱད་ཅུ་ནས་བརྒྱ་དང་སུམ་ཅུར་ཇེ་མཐོར་བཏང་། ལོ་བདུན་ཅུ་ཡན་གྱི་རྒན་པའི་འཚོ་བའི་ཁ་གསབ་ཚད་གཞི་སྔོན་གྱི་རྨང་གཞིའི་སྟེང་སྒོར་མོ་ཉི་ཤུ་ཇེ་མཐོར་བཏང་། 

གོང་མ།:null
འོག་མ།:གཅིག་སྒྲིལ་རྫོང་ཏང་ཨུས་ཁྱིམ་ཚང་ཕན་ཚུན་བར་རོགས་རམ་བྱེད་པའི་བྱ་བའི་འབྲེལ་འདྲིས་ལམ་ལུགས་ལག་བསྟར་བྱས་ཏེ་མང་ཚོགས་ལ་ཕན་བཏགས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རང་ཞིང་གིས་དོན་དངོས་བཅུ་བསྒྲ'  
གཅིག་སྒྲིལ་རྫོང་ཏང་ཨུས་ཁྱིམ་'  
མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་'  
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།