མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་ཤུགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

ཟླ་གཉིས་པའི་ཚེས་ཉིན་ཤུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་དང་འབྲིང་རིམ་ཁྱབ་ཁོངས་དང་རིག་ཚན་ཆེད་ལས་སྒྲིག་གཞི་ལེགས་སྒྲིག་དང་སྙོམས་སྒྲིག་བྱེད་པའི་བྱ་བའི་ཆེད་དོན་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས«སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོའི་ཁྱབ་ཁོངས་དང་རིག་ཚན་ཆེད་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་སྐོར་གྱི་བསམ་འཆར»བཏོན་ནས། མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་སློབ་གྲྭ་དཀྱུས་མ་གསུམ་གྱི་སློབ་སྒྲུབ་ཁ་ཕྱོགས་དང་ལས་རིགས་སློབ་གསོའི་སྒྲིག་ལུགས་ཇི་ལྟར་འཛུགས་པའི་སྐོར་བསྟན་པར་མ་ཟད། མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོའི་མཐུན་སྦྱོར་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ཡར་སྐུལ་བྱས་ནས། སློབ་མའི་ལས་ཞུགས་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཕྱོགས་ཡོངས་ནས་མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་རེད །

«བསམ་འཆར»ལས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གླིང་གི་སློབ་སྒྲུབ་ཀྱི་ལོ་རྒྱུས་དང་ས་ཁུལ་གྱི་ཁྱད་སྟོབས། དེ་མིན་ཐོན་ཁུངས་ཀྱི་ཁྱད་སྟོབས་སོགས་ལ་གཞིགས་ནས་མཐོ་རིམ་སློབ་གྲྭ་ཆེན་མོ་དཀྱུས་མ་གསུམ་གྱི་སློབ་སྒྲུབ་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་། མཚོ་སྔོན་སློབ་ཆེན་གྱི༢༡༡བཟོ་སྐྲུན་ཇེ་མགྱོགས་སུ་གཏོང་བ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་འོས་སློབ་གསོའི་གཞི་ཁྱོན་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ནས་རྨང་གཞི་སློབ་གསོའི་དགེ་རྒན་གྱི་ཐོན་ཁུངས་གསོ་སྐྱོང་བྱས་ཏེ། དགེ་རྒན་གྱི་རྒྱུན་བསྲིང་སློབ་གསོ་དང་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་གྱི་ཐོན་ཁུངས་གསོ་སྦྱོང་བྱེད་པར་ཤུགས་སྣོན་བྱེད་པ་དང་མཉམ་དུ། རིག་ཚན་ཆེད་ལས་སྒྲིག་གཞི་སྙོམས་སྒྲིག་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོའི་བཀོལ་སྤྱོད་རང་བཞིན་གྱི་རིག་ཚན་ཆེད་ལས་འཕེལ་རྒྱས་སུ་གཏོང་བ། ཉིས་སྟོང་བཅུ་དྲུག་ལོར་སློབ་ཁུལ་གསར་བའི་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་མཚོ་སྔོན་གྱི་བཀོལ་སྤྱོད་རང་བཞིན་གྱི་ཕྱོགས་བསྡུས་སློབ་ཆེན་འཛུགས་སྐྲུན་བྱེད་རྒྱུ་རེད། མཚོ་སྔོན་མི་རིགས་སློབ་ཆེན་དང་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སློབ་ཆེན་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་བརྩིས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་ཚན་ཆེད་ལས་བཟང་བོར་བསྒྲུབ་པའི་རྨང་གཞིའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་རིག་ཚན་ཆེད་ལས་ཀྱི་ཁ་ཕྱོགས་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱས་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཐད་དགོས་གལ་ཆེ་བའི་བཟོ་སྐྲུན་དང་ལྷག་པར་དུ་བཟོ་ལས་རིགས་སོགས་བཀོལ་སྤྱོད་རང་བཞིན་ལྡན་པའི་རིག་ཚན་ཆེད་ལས་འཕེལ་རྒྱས་སུ་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་པའི་དགོས་གལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། 
 

«བསམ་འཆར»ལས་འདི་ལྟར་གཏན་ལ་ཕབ་ཡོད་པ་སྟེ། ཉིས་སྟོང་བཅོ་ལྔ་ལོར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲྭ་གསར་བ་འཛུགས་སྐྲུན་བྱེད་པའི་ལས་འགན་ཕལ་ཆེར་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་སྤྱིར་བཏང་གི་དངོས་གཞིའི་སློབ་ཆེན་གསུམ་དུ་དངོས་འབྲེལ་དྲ་བའི་བཟོ་སྐྲུན་སོགས་ཆེད་ལས་གསར་བ་བཅུ་བཞི་གསར་དུ་ཁ་སྣོན་བྱེད་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་འཚོང་སོགས་ཆེད་ལས་ཉེར་གཉིས་ཀྱི་སློབ་མ་བསྡུ་མཚམས་འཇོག་རྒྱུ། སྤྱི་ཚོགས་རིག་པ་སོགས་ཆེད་ལས་བཅུ་གཉིས་ཀྱི་སློབ་བསྡུ་ཚོད་འཛིན་བྱེད་རྒྱུ་ཡིན་པ། ཁྲིམས་རིག་པ་སོགས་ཆེད་ལས་ཉེར་བཞི་ཡིས་ལོ་གཅིག་རེ་རྗེས་ནས་སློབ་མ་བསྡུ་བ། སློབ་གསོ་ལག་རྩལ་སོགས་ཆེད་ལས་བཅུ་དགུའི་སློབ་མ་བསྡུ་མཚམས་འཇོག་རྒྱུ་ཡིན་པ། མཚོ་སྔོན་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བཟོ་སྐྲུན་རིགས་སོགས་བཀོལ་སྤྱོད་རང་བཞིན་གྱི་ཆེད་ལས་ཀྱིས་སོ་སོར་སློབ་གྲྭ་རང་གི་ཆེད་ལས་སྒྲིག་འཛུགས་ཀྱི་སྤྱིའི་གྲངས་ཀའི་བརྒྱ་ཆའི་ལྔ་བཅུ་དང་། རྒྱ་ཆའི་བཞི་བཅུ། བརྒྱ་ཆའི་བཞི་བཅུ་བཅས་ཟིན་པར་བྱེད་རྒྱུ་རེད།

«བསམ་འཆར»ལས་རང་ཞིང་གི་ཁྱད་སྟོབས་དང་ཐོན་ལས་གསར་བ། ཐོན་སྐྱེད་འཚོ་བའི་རང་བཞིན་ཅན་གྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་དང་བཟོ་ལས“བརྒྱ་གཉིས”ཀྱི་བཟོ་སྐྲུན་གྱི་དགོས་མཁོ་ལྟར། གཙོ་བོ་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་ཁྱབ་ཁོངས་ལེགས་བསྒྱུར་བྱས་ནས་མཐོ་རིམ་ལས་རིགས་སློབ་གསོའི་སློབ་སྒྲུབ་ཀྱི་གཞི་ཁྱོན་རྒྱ་བསྐྱེད་རྒྱུ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་བཅས་སུ་ད་ལྟ་འབྲིང་རིམ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཡོད་པའི་རྨང་གཞིའི་སྟེང་སློབ་སྒྲུབ་ཀྱི་གཞི་ཁྱོན་རྒྱ་བསྐྱེད་པ་དང་སློབ་སྒྲུབ་ཀྱི་རིམ་པ་ཇེ་མཐོར་འཏང་སྟེ། སློབ་གྲྭ་རེ་རེར་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་ལག་རྩལ་གྱི་སློབ་གྲྭ་རེ་འཛུགས་རྒྱུ་ཡིན་པ་དང་། འབྲིང་རིམ་ལས་རིགས་ལག་རྩལ་དང་མཐོ་རིམ་ལས་རིགས་ག་རྩལ་གྱི་ཆེད་ལས་གཉིས་འབྲེལ་མཐུད་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་ནས་འབྲིང་རིམ་ལས་རིགས་ལག་རྩལ་ལ་ཁ་ཕྱོགས་ཏེ་མཐོ་རིམ་ལས་རིག་ལག་རྩལ་སློབ་གྲྭར་སློབ་མ་བསྡུ་བའི་འཆར་གཞི་རྒྱ་བསྐྱེད་པ། ཉིས་སྟོང་བཅོ་ལྔ་ལོར་ཐོན་དུས་མཐོ་རིམ་ལས་རིགས་ལག་རྩལ་གྱི་སློབ་གསོའི་གཞི་ཁྱོན་གྱིས་མཐོ་རིམ་སློབ་གསོའི་གཞི་ཁྱོན་གྱི་བརྒྱ་ཆའི་ཞེ་ལྔ་ཟིན་པ་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོའི་གཞི་ཁྱོན་གྱིས་མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོའི་བརྒྱ་ཆའི་ལྔ་བཅུའི་ཡས་མས་ཟིན་པ། ཉིས་སྟོང་བཅུ་བདུན་ལོར་ཐོན་དུས་མཐོ་རིམ་ལས་རིགས་ལག་རྩལ་སློབ་གསོའི་གཞི་ཁྱོན་གྱིས་མཐོ་རིམ་སློབ་གསོའི་གཞི་ཁྱོན་གྱི་བརྒྱ་ཆའི་ལྔ་བཅུ་ཟིན་པ། ཉིས་སྟོང་ཉི་ཤུ་ལོར་ཐོན་དུས། ལས་རིགས་སློབ་གསོའི་ཐོན་ཁུངས་སྒྲིག་ལུགས་དེ་སྔར་ལས་ལུགས་དང་མཐུན་པ་དང་ཁྱད་ཆོས་ཅན་དང་གཞི་ཁྱོན་ཅན། ཕྱོགས་བསྡུས་ཅན་བཅས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་གཏན་ལ་ཕབ།

«བསམ་འཆར»ལས་མཐོ་རིམ་ལས་རིགས་སློབ་གསོས་ཉིས་སྟོང་བཅོ་ལྔ་ལོར་ཐོན་དུས་གཟན་རྩྭ་དང་སྲོག་ཆགས་ཀྱི་འཚོ་བཅུད་སོགས་ཆེད་ལས་གསར་དུ་བཙུགས་ནས་གཙོ་བོ་ཞིང་ཕྱུགས་ཆེད་ཐོན་གྱི་ལས་སྣོན་བྱེད་པ་སོགས་ཆེད་ལས་སུམ་ཅུ་འཛུགས་སྐྲུན་བྱེད་པ། ཕྱུགས་ལས་སྨན་པ་སོགས་ཆེད་ལས་བཅུ་གསར་དུ་བཙུགས་ནས་སློབ་མ་བསྡུ་ལེན་བྱེད་པ། དྲུང་ཡིག་སོགས་ཆེད་ལས་བཞི་ཡིས་སློབ་མ་བསྡུ་མཚམས་འཇོག་པ། སྤྱི་པའི་འཕྲོད་བསྟེན་དོ་དམ་སོགས་ཆེད་ལས་ཉེར་གསུམ་གྱིས་ལོ་གཅིག་རེའི་རྗེས་ནས་སློབ་མ་བསྡུ་བ། ལམ་སྲིད་དོ་དམ་སོགས་ཆེད་ལས་བཅུ་ཡིས་སློབ་མ་བསྡུ་མཚམས་འཇོག་རྒྱུ་ཡིན་པ། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོ་དེ་ཉིས་སྟོང་བཅོ་ལྔ་ལོར་ཐོན་ཚེ། ཐོན་ཁུངས་ལེགས་སྒྲིག་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ་བརྒྱུད་ནས། འབྲིང་རིམ་ལས་རིགས་སློབ་གསོའི་གཞི་ཁྱོན་ཅན་གྱི་སློབ་སྒྲུབ་ལ་ཡར་སྐུལ་བྱས་ནས་སློབ་སྒྲུབ་ཀྱི་ཕན་འབྲས་ཇེ་མཐོར་གཏང་བ་དང་། དེ་དང་མཉམ་དུ་ད་ཡོད་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་དང་མཐོ་རིམ་ལས་རིགས་སློབ་གསོའི་སློབ་གྲྭ་དྲུག་ཡོད་པའི་རྨང་གཞིའི་སྟེང་སྔར་ལས་ལྷག་པར་ཆེད་ལས་འབྲེལ་ལམ་རྒྱ་བསྐྱེད་རྒྱུ་ཡིན་པ་དང་། འབྲིང་རིམ་ལས་རིགས་སློབ་གསོ་དང་མཐོ་རིམ་ལས་རིགས་སློབ་གསོའི་ཆེད་ལས་ཉི་ཤུ་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱེད་པ་མངོན་འགྱུར་བྱས་ཏེ། འབྲིང་རིམ་དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གསོ་མཐུན་སྦྱོར་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ནས། ཉིས་སྟོང་ཉི་ཤུ་ལོར་ཐོན་དུས་དེང་རབས་ལས་རིགས་སློབ་གསོའི་མ་ལག་ཕལ་ཆེར་འཛུགས་ཐུབ་པར་བྱེད་རྒྱུ་རེད།

དེ་ལས་གཞན། བོད་ཁུལ་གྱི་ལས་རིགས་སློབ་གསོའི་ཕྱོགས་ནས་མཚོ་སྔོན་ཞིང་ཆེན་གྱིས་ད་ཡོད་ཀྱི་སྲོལ་རྒྱུན་ཆེད་ལས་ཀྱི་རྨང་གཞིའི་སྟེང་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་ལས་རིགས་སློབ་གསོའི་མཉམ་ལས་སྒྲིག་གཞི་ལ་རོགས་སྐྱོར་བྱེད་པར་ཡར་སྐུལ་བྱས་ནས་ས་ཆ་གཞན་ནས་སློབ་གྲྭ་བསྒྲུབ་པའི་གཞི་ཁྱོན་རྒྱ་བསྐྱེད་དེ། ཉིས་སྟོང་བཅོ་ལྔ་ལོར་ཐོན་དུས། ས་ཆ་གཞན་དུ་སློབ་གྲྭ་བསྒྲུབ་པའི་གཞི་ཁྱོན་དེས་རང་ཞིང་གི་འབྲིང་རིམ་ལས་རིགས་སློབ་གསོའི་བརྒྱ་ཆའི་ཉི་ཤུ་ཟིན་དུ་འཇུག་རྒྱུ་དང་། སྔར་ལས་མང་པོའི་བོད་ཁུལ་གྱི་དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མས་སྤུས་ལེགས་ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ་མྱོང་ཐུབ་པ་བྱེད་རྒྱུ་གཏན་འཁེལ་བྱས་ཡོད། 

གོང་མ།:null
འོག་མ།:མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ཕྱོགས་དྲུག་ནས་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་དུས་སྐབས་སྔོན་མའི་གྲ་སྒྲིག་བྱ་བ་ལེགས་པོ་བསྒྲུབས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།