མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ཕྱོགས་དྲུག་ནས་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་དུས་སྐབས་སྔོན་མའི་གྲ་སྒྲིག་བྱ་བ་ལེགས་པོ་བསྒྲུབས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

 ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུ་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་དང་། དེ་མིན་མཚོ་ནུབ་ཁུལ་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཚུང་གཞུང་སྒྲུབ་ཁང་གིས་སྤེལ་བའི«སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་ཐོའི»བླང་བྱ་ལྟར། ཐེམ་ཆེན་རྫོང་གིས་མཐོང་ཆེན་ཚད་མཐོན་པོ་དང་བཀོད་སྒྲིག་ཞིབ་རྒྱས། སེམས་ཞིབ་མོས་རྩ་འཛུགས། དམངས་དོན་དུ་དངོས་དོན་གཉེར་བ་བཅས་ཀྱི་བརྗོད་དོན་གཙོ་བོ་དམ་འཛིན་དང་། སྔ་སྒྲུབ་དྲུག་དང་རྨང་འདིང་དྲུག་གནད་སར་བརྩིས་ཏེ། སློབ་སྦྱོང་སློབ་གསོ་དམ་འཛིན་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན། བརྟག་དཔྱད་ཞིབ་འཇུག་ནན་ཏན་སྒོས་སྤེལ་བ། བྱ་འགུལ་ཇུས་གཞི་གཏན་འཁེལ་དང་བྱ་བའི་སྤྱོད་སྟངས་ལེགས་བསྒྱུར། གླེང་ཕྱོགས་དྲིལ་སྒྲོག་ལ་ཤུགས་སྣོན་སོགས་ཕྱོགས་དྲུག་ནས་སློབ་གསོའི་ལག་ལེན་བྱ་འགུལ་བདེ་བླག་ངང་སྤེལ་བར་དུས་སྐབས་སྔོན་མའི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབས། 

སྔ་མོ་ནས་སློབ་སྦྱོང་བྱས་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་ལ་བསམ་བློའི་རྨང་གཞི་བརྟན་པོ་བཏིང་། གཅིག་ནས་རྫོང་ཡོངས་ཀྱི་རྫོང་རིམ་པ་གཞོན་པའི་ཡན་གྱི་མགོ་ཁྲིད་པ་དང་། རྫོང་ཡོངས་ཀྱི་ལས་ཁུངས་སོ་སོའི་འགན་ཁུར་མི་སྣ་གཙོ་བོ་རྩ་འཛུགས་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་དང་པོའི་སློབ་གསོའི་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་སུ་ཞུགས་པ་དང་། གྲོས་ཚོགས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་པའི་གསུང་བཤད་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས། 

གཉིས་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚོགས་འདུ་འཚོགས་པ་དང་།  སློབ་སྦྱོང་དང་ཆེད་དོན་འཆད་ཁྲིད་སྒྲུབ་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ། ཧུར་ཐག་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན། ཀྲུང་དབྱང་གི་གཏན་ཁེལ་བརྒྱད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་ཉེར་གཅིག ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་གཏན་ཁེལ་ཉེར་གཉིས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་གཏན་ཁེལ་ཉེར་གཅིག་སོགས་བྱེད་ཕྱོགས་དང་བྱེད་ཐབས་ལ་སློབ་སྦྱོང་བྱས། 

གསུམ་ནས«ཞི་ཅིན་ཕེན་དང་ལིག་ཡུན་ཧྲན། ཀྲའོ་ལི་ཅི་སོགས་ཀྲུང་དབྱང་གི་མགོ་ཁྲིད་པའི་སྐོར་ཐེངས་དང་པོའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ཕྱོགས་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་སྟེང་གི་གསུང་བཤད»ཀྱི་དགོངས་དོན་དཔར་སྐྲུན་འགྲེམ་སྤེལ་བྱས་ཏེ། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དགོངས་དོན་གྱི་ངོ་བོར་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། སློབ་སྦྱོང་བརྒྱུད་དེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱའི་སྟེང་གཅིག་གྱུར་བྱས་ཏེ། དོན་ངོ་མའི་སྟེང་བསམ་བློ་འདུ་ཤེས་ཇེ་དྲག་དང་མང་ཚོགས་འདུ་ཤེས་ཇེ་དྲག་ཏུ་བཏང་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་རིགས་གཞུང་གི་རྨང་གཞི་བརྟན་པོ་འདིང་དགོས་པའི་རེ་བ་བཏོན།

སྔ་མོ་ནས་གྲ་སྒྲིག་བྱས་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་ལ་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིང་། རྫོང་ཏང་ཨུའི་ཧྲུའུ་ཅི་ཚན་གཙོ་ཡིན་པ་དང་། ཧྲུའུ་ཅི་གཞོན་པ་དང་སྒྲིག་ཁྲིམས་ཞིབ་བཤེར་དང་རྩ་འཛུགས་ལས་ཁུངས་ཀྱི་མགོ་ཁྲིད་པ་གཙོ་བོ་ཚན་གཙོ་གཞོན་པ་ཡིན་པ། ཞང་གྲོང་སོ་སོའི་ཏང་ཨུ་དང་རྫོང་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་གཙོ་བོ་ཁོངས་མི་ཡིན་པའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་མགོ་ཁྲིད་ཚན་ཆུང་བཙུགས། མགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་དེ་ཕྱོགས་བསྡུས་དང་དྲིལ་སྒྲོག འགན་སྲུང་སོགས་ཚན་ཆུང་དག་གིས་གྲུབ་པ་མ་ཟད། རྫོང་ཡོངས་ཀྱི་ལས་ཁུངས་ཁ་ཤས་ནས་ཏང་འཛུགས་བྱ་བ་ཁོང་དུ་ཆུད་པ་དང་།   བྱ་བའི་བརྩོན་སེམས་ཆེ་བ་བཅས་ཀྱི་མི་སྣ་ཉེར་བདུན་སྐོང་འཐེན་བྱས་ཏེ་སློབ་གསོའི་ལག་ལེན་བྱ་འགུལ་གྱི་རྩ་འཛུགས་ལག་བསྟར་ལ་བྱེ་བྲག་ཏུ་འགན་འཁུར་བ་དང་། གཞུང་སྒྲུབ་ཁང་གཏན་ཁེལ་དང་སྒྲིག་ཆས་སྒྲིག་སྦྱོར། གཅིག་བསྡུས་ཀྱིས་བྱ་བ་སྒྲུབ་པའི་དུས་མཚུངས་སུ། མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སྔ་སྣུར་སྒོས་རྫོང་ཡོངས་ཀྱི་སློབ་གསོའི་ལག་ལེན་སྐུལ་སློང་ཚོགས་འདུའི་འབྲེལ་ཡོད་བྱ་བར་གྲ་སྒྲིག་བྱས། རྫོང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྫོང་ཡོངས་ནས་འགན་འཁྲིའི་བསམ་པ་དྲག་པོ་ལྡན་ཞིང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་ཁོང་དུ་ཆུད་པའི་མི་སྣ་བཀོད་སྒྲིག་བྱས་ཏེ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཙུགས། ཞང་གྲོང་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོས་ཀྱང་རྫོང་ཏང་ཨུའི་བཀོད་སྒྲིག་ལྟར། འགོ་ཁྲིད་ལ་ཤུགས་སྣོན་དང་སྒྲིག་གཞི་འཐུས་ཚང་དུ་བཏང་ཏེ། གྲ་སྒྲིག་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་ཤིང་། སློབ་གསོའི་ལག་ལེན་བྱ་འགུལ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས། 

སྔ་མོ་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་། “ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲོས”བཅས་ཀྱི་སྤྱོད་ངན་བཞི་ལ་དམིགས་ཏེ། གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་པའི«སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ཏེ་དོན་ངོ་མའི་ཐོག་ནས་སྤྱོད་ངན་བཞི་ཐག་གཅོད་པའི་སྐོར་གྱི་བརྡ་ཐོ།»དང«མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབ་པར་ཡོངས་ཁྱབ་ཏུ་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་པའི་སྐོར་གྱི་བརྡ་ཐོ།»འགྲེམ་སྤེལ་བྱས་ཤིང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས“དམངས་དོན་དུ་དངོས་དོན་གཉེར་བ་དང་སྤྱོད་གཙང་རང་གཅུན”གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ས་གནས་མཉམ་འབྲེལ་ཞང་གྲོང་གི་སྡེ་བ་དང་ཧྲེ། ལས་བགོས་འགན་གཉེར་སྡེ་ཁག་ཏུ་སོང་ནས་བརྟག་དཔྱད་ཞིབ་འཇུག་དང་། ཡོངས་ཁྱབ་ཏུ་སྤྱོད་ངན་བཞི་ལ་ངོ་རྒོལ་དང་མང་ཚོགས་ལམ་ཕྱོགས་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ཤིང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དང་བསམ་འཆར་ཁོང་དུ་ཆུད་པར་བྱས་ཏེ། ཏང་དང་མང་ཚོགས་དང་མང་ཚོགས་དང་ལས་བྱེད་པའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་། 

སྔ་མོ་ནས་འཆར་འགོད་བྱས་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་ལ་བྱ་བའི་རྨང་བཞི་བཟང་བོ་བཏིང་། བྱ་འགུལ་ལ་གྲུབ་འབྲས་ཐོབ་པར་བྱེད་ཆེད། རྫོང་ཏང་ཨུའི་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་སྔ་མོ་ནས་གྲ་སྒྲིག་བྱས་ཏེ། དུས་སྐབས་སྔོན་མའི་བརྟག་དཔྱད་ཞིབ་འཇུག་གྲུབ་འབྲས་གང་ལེགས་སྒོས་བེད་སྤྱོད་བྱེད་པའི་རྨང་གཞིའི་སྟེང་། ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ཏེ་ཐེམ་ཆེན་རྫོང་གི་དོན་དངོས་དང་མཐུན་པའི་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ལག་བསྟར་ཇུས་གཞི་གཏན་ལ་ཕབ་པའི་དུས་མཚུངས་སུ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བསྟན་པའི་སྤྱོད་ངན་བཞིའི་ཕྱོགས་ཀྱི་གནད་དོན་གཙོ་བོར་ཞིབ་བསྡུར་བྱས་ཏེ་གནས་པའི་གནད་དོན་ཞིབ་བཤེར་དང་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། ཞིབ་བཤེར་བྱས་པའི་གནད་དོན་ལ་གཞིགས་ཏེ། བྱ་བའི་ཇུས་གཞི་སྔར་ལས་འཐུས་ཚང་དུ་བཏང་ཞིང་། གཏན་ལ་ཕབ་པའི་ཇུས་གཞི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་དགོངས་དོན་དང་མཐུན་ལ། རང་ས་གནས་ཀྱི་དོན་དངོས་ཀྱང་གང་ལེགས་སྒོས་མཚོན་པར་བྱས། 

 སྔ་མོ་ནས་འབྲེལ་གཏུག་བྱས་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་ལ་སྤྱོད་ཚུལ་གྱི་རྨང་གཞི་ལེགས་པོ་བཏིང་། ཐེམ་ཆེན་རྫོང་གིས་ལས་ཁུངས་ལས་བྱེད་པས་མང་ཚོགས་དང་འབྲེལ་འདྲིས་བྱས་ཏེ་གཞི་རིམ་ལ་ཞབས་ཞུ་སྒྲུབ་པའི་བྱ་བ་དེ་ལས་ཁུངས་ལས་བྱེད་པའི་ཞབས་ཞུ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བྱ་བའི་སྤྱོད་སྟངས་བསྒྱུར་བ། ཞབས་ཞུའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། ལས་ཁུངས་ཀྱི་བྱ་བར་སྐུལ་འདེད་བྱེད་པ། མང་ཚོགས་བྱ་བར་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཤིག་ཏུ་བརྩིས་ཏེ། 《རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་འབྲེལ་གཏུག་བྱེད་ས་འཛུགས་པའི་སྐོར་གྱི་བརྡ་ཐོ》གཏན་ཁེལ་འགྲེམ་སྤེལ་བྱས་ཤིང་། རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རེ་རེས་ཞང་གྲོང་གཅིག་དང་སྡེ་བ་གཉིས་ནས་གསུམ་ལ་འབྲེལ་གཏུག་བྱེད་དགོས་པ་མ་ཟད། རང་སོ་སོའི་ལས་བགོས་འགན་གཉེར་སྡེ་ཁག་ལ་འབྲེལ་གཏུག་བྱེད་དགོས་པའི་རེ་བ་བཏོན། བྱ་འགུལ་སྤེལ་སྐབས་རྫོང་ཡོངས་ཀྱི་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ་ཉེར་བདུན་དང་རྫོང་རིམ་པ་མན་གྱི་མགོ་ཁྲིད་ལས་བྱེད་པ་ཉིས་བརྒྱ་སུམ་ཅུ་ཡིས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལྔ་བརྒྱ་བཞི་ཅུ་ལྷག་དང་འབྲེལ་གཏུག་ཁྱིམ་ཚང་གི་འབྲེལ་བ་འཛུགས་པ་མ་ཟད། དམངས་ཀྱི་གནས་ཚུལ་རྒྱུས་ལོན་བྱང་བུ་དང་དམངས་ལ་ཞབས་ཞུ་སྒྲུབ་པའི་བྱང་བུ་འགྲེམ་གཏོང་བྱས་ཏེ། སྲིད་ཇུས་དང་འཕྲིན་གསར། མ་དངུལ། ལག་རྩལ། འཇོན་མི་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་ཅི་ཐུབ་བྱེད་པ་དང་། དོན་ངོ་མའི་ཐོག་ནས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་དོན་དངོས་དང་དོན་བཟང་མི་ཉུང་བ་ཞིག་སྒྲུབ་དགོས་པའི་རེ་བ་བཏོན།  

སྔ་མོ་ནས་དྲིལ་སྒྲོག་བྱས་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་ལ་གླེང་ཕྱོགས་ཀྱི་རྨང་གཞི་བཏིང་། རྫོང་བརྙན་འཕྲིན་ཁང་བརྒྱུད་དེ། ཤུགས་ཆེན་པོས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ལེགས་པོར་སྤེལ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་ས་གནས་སོ་སོས་བྱ་བ་སྤེལ་བའི་ཉམས་མྱོང་དང་བྱེད་ཐབས་དྲིལ་བསྒྲགས་བྱས། འཕྲེད་བྱང་འགེལ་བ་དང་སྦྱར་ཡིག་སྦྱོར་བ། བཞུགས་མོལ་གྲོས་སྡུར་སོགས་ཀྱི་བྱེད་སྟངས་སྣ་མང་བརྒྱུད་དེ། ཧུར་ཐག་གིས་དྲིལ་སྒྲོག་བྱ་བ་ལེགས་སྒྲུབ་བྱས་པ་དང་། དོན་ངོ་མའི་ཐོག་ནས་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱིས་བྱ་འགུལ་ལ་དོ་ཁུར་དང་བྱ་འགུལ་དུ་ཞུགས་པའི་བརྩོན་སེམས་དང་རང་རྟོག་གི་བསམ་པ་སྐུལ་སྤེལ་བྱས་ཤིང་། མི་ཚང་མས་སློབ་གསོའི་ལག་ལེན་བྱ་འགུལ་ལ་ཞུགས་པ་དང་དེ་ལ་དོ་སྣང་བྱེད་པའི་རྣམ་པ་བཟང་པོ་བསྐྲུན། 

གོང་མ།:null
འོག་མ།:མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ལས་ཁུངས་ཀྱི་ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་དང་གཞི་རིམ་ལ་ཞབས་ཞུ་བྱེད་པའི་བྱ་བར་སྐུལ་འདེད་བཏང་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།