མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ལས་ཁུངས་ཀྱི་ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་དང་གཞི་རིམ་ལ་ཞབས་ཞུ་བྱེད་པའི་བྱ་བར་སྐུལ་འདེད་བཏང་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མཚོ་ནུབ་ཁུལ་གྱིས་ལས་ཁུངས་ཀྱི་ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་དང་གཞི་རིམ་ལ་ཞབས་ཞུ་བྱེད་པའི་བྱ་བ་དེ་ལས་ཁུངས་ཀྱི་ལས་བྱེད་པའི་ཞབས་ཞུའི་འདུ་ཤེས་ཇེ་བཟང་དུ་གཏོང་བ་དང་ཞབས་ཞུའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ལས་ཁུངས་ཀྱི་བྱ་བར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་བྱ་བར་ཕན་འབྲས་ལེན་པར་འགན་སྲུང་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། བྱེད་ཐབས་སྣ་མང་སྤྱད་དེ་ལས་ཁུངས་ཀྱི་ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་དང་གཞི་རིམ་ལ་ཞབས་ཞུ་བྱེད་པའི་བྱ་བར་སྐུལ་འདེད་ནན་མོ་བྱས། མིག་སྔར། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད།

གཅིག འབྲེལ་གཏུག་ས་ཚིགས་བཙུགས་པ་དང་། འབྲེལ་གཏུག་གི་བྱ་བ་ཡོངས་སུ་འགན་ལེན་བྱས་པ།

ཁུལ་དང་རྫོང་། ཞང་རིམ་པ་གསུམ་གྱི་ལས་ཁུངས་ཀྱི་ལས་བྱེད་པ་ཚང་མ་ཞུགས་ཏེ། ཡུན་རིང་བོར་འབྲེལ་གཏུག་བྱེད་སའི་ས་ཚིགས་འཛུགས་པའི་བྱེད་སྟངས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་དང་སྡེ་ཁུལ། སློབ་གྲྭ རྒྱལ་དབང་ཁེ་ལས་དང་དོན་ལས་སྡེ་ཚན། དེ་མིན་སྦྱི་དབང་ལམ་ལུགས་མ་ཡིན་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་གསར་བ་སོགས་ལས་རིགས་སོ་སོའི་གཞི་རིམ་སྡེ་ཚན་ནས་འབྲེལ་གཏུག་ས་ཚིགས་བཙུགས། དེའི་ནང་དུ། ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་ཞེ་གཅིག་གིས་ཞང་གྲོང་གཅིག་ལ་འབྲེལ་གཏུག་བྱེད་པའི་མཉམ་དུ། འབྲེལ་གཏུག་ས་ཚིགས་ཀྱི་ཞང་གྲོང་ས་ཁོངས་ཀྱི་སྡེ་བ་དང་སྡེ་ཁུལ། ཁེ་ལས། སློབ་གྲྭ སྨན་ཁང་སོགས་གཞི་རིམ་སྡེ་ཚན་ཁྲོད་འབྲེལ་གཏུག་ས་ཚིགས་གསུམ་གཏན་འཁེལ་བྱས་པར་མ་ཟད། ད་དུང་འབྲེལ་གཏུག་བྱེད་སའི་གཞི་རིམ་སྡེ་ཚན་རེ་རེ་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གཅིག་དང་དབུལ་ཕོངས་ཁྱིམ་ཚང་གཅིག་རེ་འབྲེལ་གཏུག་ཁྱིམ་ཚང་ལ་གཏན་འཁེལ་བྱས། བསྡོམས་པས་འབྲེལ་གཏུག་ས་ཚིགས་བརྒྱ་དང་ཉེར་གསུམ་དང་འབྲེལ་གཏུག་ཁྱིམ་ཚང་བརྒྱ་དང་སོ་ལྔ་བཙུགས་པ་རེད། རྫོང་རིམ་པའི་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པ་བཞི་བརྒྱ་རེ་བཞི་ཡིས་ཐད་ཀར་སྡེ་བ་དང་སྡེ་ཁུལ། ཁེ་ལས། སློབ་གྲྭ་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་གསར་བ་སོགས་གཞི་རིམ་སྡེ་ཚན་ལ་འབྲེལ་གཏུག་བྱས་ཏེ། འབྲེལ་གཏུག་ས་ཚིགས་རེ་རེ་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་འཐུས་མི་བཞི་འབྲེལ་གཏུག་ཁྱིམ་ཚང་ལ་གཏན་འཁེལ་བྱས། བསྡོམས་པས་འབྲེལ་གཏུག་ས་ཚིགས་བདུན་བརྒྱ་ང་གཉིས་དང་འབྲེལ་གཏུག་ཁྱིམ་ཚང་སྟོང་གཅིག་དང་ཉིས་བརྒྱ་བཅུ་བཙུགས། ཁུལ་དང་རྫོང་གི་ཐད་གཏོགས་ལས་ཁུངས་ཀྱི་སྤྱིར་བཏང་གི་ལས་བྱེད་པ་སྟོང་བཞི་དང་ང་དྲུག་གིས་རང་རེའི་ལས་ཁུངས་ཀྱིས་འབྲེལ་གཏུག་བྱས་པའི“ཏང་སྲིད་དམག་ཁེ་བཞི་ཡིས་མཉམ་དུ་དཔེ་སྟོན་སྡེ་བ་བསྐྲུན་པ”དང“ཁེ་དོན་ལས་ལས་ཁུངས་ཀྱིས་གཏན་འཁེལ་བྱས་པའི་དབུལ་སྐྱོར་སྡེ་བ།”“གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་གི་རྩ་འཛུགས་ཀྱི་ཆ་བསྒྲིགས་མཉམ་སྐྲུན་སྡེ་བ”བཅས་ཀྱི་ཁྲོད་འབྲེལ་གཏུག་ས་ཚིགས་སྟོང་གསུམ་དང་བཞི་བརྒྱ་ཉེར་གཅིག་དང་འབྲེལ་གཏུག་ཁྱིམ་ཚང་སྟོང་དྲུག་ཉིས་བརྒྱ་བཅོ་ལྔ་བཙུགས། ཞང་གྲོང་དང་སྲང་ལམ་དེ་གཞི་རིམ་གྱི་ལས་ཁུངས་ལ་བརྩིས་ཏེ། ལས་བྱེད་པས་སྡེ་བ་འགན་ལེན་དང་ཁྱིམ་ཚང་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱས། དུས་བཅད་ལྟར་འགན་ལེན་སྡེ་བ་དང་འབྲེལ་གཏུག་ཁྱིམ་ཚང་ལ་འབྲེལ་གཏུག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་ཚོད་དང་སེམས་ཤུགས་གཙོ་བོ་སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་རྒྱུས་ལོན་བྱེད་པ་དང་། མང་ཚོགས་དང་བསམ་ཚུལ་བརྗེ་རེས་བྱེད་པ། བློ་གཅིག་སེམས་གཅིག་གིས་ཞབས་ཞུ་བྱེད་པ་བཅས་ཀྱི་ཕྱོགས་སུ་བཞག

གཉིས། གཞི་རིམ་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ།

རིམ་པ་སོ་སོའི་ལས་ཁུངས་ཀྱི་ལས་བྱེད་པས་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ། རིམ་པ་མང་པོ་དང་ཕྱོགས་རྒྱ་ཆེ་བ། ཐབས་ལམ་མང་པོ་བཅས་ཀྱིས་གཞི་རིམ་གྱི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱས། གཅིག་ནི་རིམ་པ་མང་པོའི་ལས་བྱེད་པ་གཞི་རིམ་ལ་སོང་ནས་གནས་ཚུལ་རྟོག་ཞིབ་བྱས། ཁུལ་ཡོངས་ཀྱིས་ཁུལ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཞང་གྲོང་ཉེར་གཉིས་དང་འབྲེལ་གཏུག་ས་ཚིགས་ཞེ་གཉིས། འབྲེལ་གཏུག་ཁྱིམ་ཚང་གྱ་དགུ་བཅས་སུ་སོང་ནས་འབྲེལ་གཏུག་བཅར་འདྲི་བྱས། རྫོང་རིམ་པའི་ལས་བྱེད་པ་ཚང་མ་སྡེ་བ་དང་ས་ཚིགས་སུ་བསྡད་དེ་གནས་ཚུལ་ཚོད་འཛིན་དང་གནད་དོན་རྒྱུས་ལོན་བྱས། སྤྱིར་བཏང་གི་ཏང་ཡོན་ལས་བྱེད་པས་ཡོངས་ཁྱབ་ཏུ་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་ཁེ་ལས་ལ་ཞབས་ཞུ་དང་གཅིག་གཏད་གཅིག་གིས་ཞིང་ཁྱིམ་ལ་འབྲེལ་གཏུག་བྱེད་ཐབས་ལག་ལེན་བྱས་ཏེ། ཆ་བསྒྲིགས་ཁེ་ལས་དང་དབུལ་ཕོངས་མང་ཚོགས་སྟོང་གཅིག་ལྷག་ལ་བཅར་འདྲི་བྱས། གཉིས་ནི་ཕྱོགས་མང་པོ་ནས་མི་དམངས་ཀྱི་གནས་ཚུལ་རྟོག་ཞིབ་བྱས། ཁུལ་ཡོངས་ཀྱི་བྱ་བ་གཙོ་བོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་ཚན་ཁག་བཙུགས་ཏེ། གཏན་སྡོད་ཀྱིས་བརྟག་དཔྱད་ཞིབ་འཇུག་དང་དངོས་སུ་སོང་ནས་བཅར་འདྲི་བྱེད་པ། སྡེ་སྡོད་དང་ཁྱིམ་འགྲོ་སོགས་བྱ་འགུལ་སྤེལ་དུས་གཞི་རིམ་གྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་རྒྱུས་ལོན་བྱས། དེ་མིན་ད་དུང“གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིར་བཅར་འདྲི་བྱས་ནས་འཕེལ་རྒྱས་ཀྱི་བྱེད་ཐབས་ལེགས་པོ་རྒྱུས་ལོན་དང་། བཟོ་སྐྲུན་མཁས་པ་དང་ཕྱུག་བསྒྱུར་མཁས་པར་བཅར་འདྲི་བྱས་ནས་ཕྱུག་བསྒྱུར་གྱི་ཉམས་མྱོང་རྒྱུས་ལོན་བྱེད་པ། གོང་གཏུག་ཞུ་བའི་ཁྱིམ་ཚང་དང་བསམ་འཆར་ཡོད་པའི་ཁྱིམ་ཚང་ལ་བཅར་འདྲི་བྱས་ནས་གནད་དོན་བྱུང་བའི་རྒྱུ་རྐྱེན་རྒྱུས་ལོན་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་དང་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་ལ་བཅར་འདྲི་བྱས་ནས་མང་ཚོགས་ཀྱི་དཀའ་ངལ་འདྲི་བ། ཞབས་ཞུ་བྱ་ཡུལ་དང་དོ་དམ་བྱ་ཡུལ་ལ་བཅར་འདྲི་བྱས་ནས་ཁོ་ཚོའི་རེ་བ་དང་དགོས་མཁོ་རྒྱུས་ལོན་བྱེད་པའི”བཅར་འདྲི་ལྔ་དང་རྒྱུས་ལོན་ལྔ་བརྒྱུད་དེ། མང་ཚོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་། བྱ་བ་བསྒྲུབས་པ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་དང་སྡེ་ཚན་གྱི་ལས་བྱེད་པ་སྟོང་བཞི་དང་ཉིས་བརྒྱ་གཉིས་གཞི་རིམ་ལ་ཐེངས་སྟོང་དྲུག་དང་བདུན་བརྒྱ་དོན་དགུ་སོང་ནས་ཆུ་གློག་ལམ་གསུམ་དང་སློབ་གྲྭའི་རླངས་འཁོར་སོགས་དམངས་འཚོའི་གནད་དོན་བདུན་བརྒྱ་ལྷག་ཐག་གཅོད་བྱས།

གསུམ། དོན་དངོས་བསྒྲུབས་པ་དང་མི་དམངས་ཀྱི་དཀའ་ངལ་བསལ་བ།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་ཀྱིས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཅིག་གྱུར་སོགས་ལས་འགན་གཙོ་བོར་དམིགས་ཏེ། འབྲེལ་གཏུག་ས་ཚིགས་ནས་ཧུར་བརྩོན་གྱིས་གཞི་རིམ་རྩ་འཛུགས་ཀྱི་འབྲེལ་གཏུག་འཛུགས་སྐྲུན་སྤེལ་ཏེ། ནུས་ཤུགས་ཡོད་དགུས་སྲིད་ཇུས་དང་ཆ་འཕྲིན། མ་དངུལ། ལག་རྩལ། འཇོན་མི་སོགས་ཕྱོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས། དེ་བས་ཐོན་ཁུངས་མཉམ་རོལ་དང་གནས་བབ་ཡག་པོ་ཕན་ཚུན་ལ་ཁ་གསབ་བྱེད་པ་མངོན་འགྱུར་བྱུང་། ཧུར་བརྩོན་གྱིས་གཞི་རིམ་དང་མང་ཚོགས་ཀྱིས་མཐོང་བ་དང་རེག་ཐུབ་པའི་དོན་བཟང་དང་དོན་དངོས་ཁག་ཅིག་བསྒྲུབས། མཚོ་ནུབ་ཁུལ་གྱིས་གྲོང་གསེབ་ཀྱི་ངལ་རྩོལ་པ་ས་ཆ་གཞན་ནས་ལས་ཞུགས་དང་ངལ་རྩོལ་ནུས་རྩལ་གསོ་སྦྱོང་། ལས་ཞུགས་ལས་སྐྲུན་ནུས་པ་ཇེ་མཐོར་གཏོང་བ། སྤྱི་ཕན་རང་བཞིན་གྱི་ལས་གནས་འདོན་སྤྲོད་དང་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་སོགས་བྱེད་ཐབས་སྤྱད་དེ། དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་དང་ལས་སྐྲུན་ནུས་པ་དངོས་སུ་ཇེ་མཐོར་བཏང་། ལོ་ཧྲིལ་བོར་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་ངལ་རྩོལ་པ་མི་ཐེངས་ཁྲི་གཅིག་དང་སྟོང་གསུམ་བརྒྱ་དང་ང་བདུན་རྩ་འཛུགས་ཁྲིད་སྟོན་བྱས་ཏེ་ལས་ཞུགས་བྱས་པ་དང་ཡོང་སྒོ་སྒོར་བྱེ་བ་དྲུག་དང་ས་ཡ་གསུམ་ཁྲི་བདུན་མངོན་འགྱུར་བྱུང་། རོང་འབྲོག་ཁུལ་དུ་སོང་ནས་སྐོར་སྐྱོད་སྨན་བཅོས་ཞབས་ཞུ་ཐེངས་ཉི་ཤུ་ལྷག་སྤེལ་ཏེ། མང་ཚོགས་མི་ཐེངས་སྟོང་ལྔ་ལྷག་ལ་འོས་འགན་སྒོས་སྨན་བཅོས་བྱས་པ་དང་། མི་ཐེངས་སྟོང་ལྔ་བརྒྱ་དང་སུམ་ཅུ་ལ་རིན་མ་བླངས་པར་ལུས་པོར་ཞིབ་བཤེར་བྱས། རིན་མ་བླངས་པར་རིན་གོང་སྒོར་ཁྲི་གཉིས་དང་སྟོང་བཞི་ཡི་སྨན་རྫས་བསྐྱལ། འབྲེལ་གཏུག་ས་ཚིགས་ཀྱི་ཝུའུ་ཐུའུ་མེ་རིན་ཞང་པའེ་ལི་ཆི་ཨར་སྡེ་བའི་འབྲོག་པ་མང་ཚོགས་ལ་རིན་གོང་སྒོར་སྟོང་བཞི་ལྷག་གི་འཚོ་བའི་མཁོ་ཆས་བྱིན།

མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་ཀྱིས་བསྡོམས་པས་མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་ལྔ་བརྒྱ་དགུ་ཐག་བཅད་པ་དང་། གྱོད་དོན་ལྔ་བརྒྱ་ཞེ་གསུམ་བརྟག་དཔྱད་ཐག་གཅོད་བྱས། འགལ་བ་བརྒྱད་བརྒྱ་དོན་གཉིས་ཐག་བཅད། དོན་དངོས་དང་དོན་བཟང་སྟོང་དྲུག་དང་དྲུག་བརྒྱ་ཉེར་དགུ་བསྒྲུབས་པ་དང་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་ལྔ་དོན་འཁྱོལ་བྱས།

གོང་མ།:null
འོག་མ།:མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་དངོས་ཕན་བསྐྲུན་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བ'  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།