མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་དངོས་ཕན་བསྐྲུན་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

གཅིག ཐུན་རིན་རྫོང་གིས་དམངས་ཕན་བཟོ་བཀོད་བརྒྱད་ལག་བསྟར་ནན་མོ་བྱས་པ།
ཐུན་རིན་རྫོང་གིས་དམངས་འཚོའི་བཟོ་བཀོད་ལག་བསྟར་ནན་མོ་བྱས་ཏེ། མང་ཚོགས་ལ་ཕན་ཐོབ་པར་ཁག་ཐེག་བྱས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་དང་འཆར་འགོད་ལྟར། ད་ལོར་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་པོ་ཡོད་པའི་དམངས་ཕན་བཟོ་བཀོད་བརྒྱད་ལག་བསྟར་ནན་མོ་བྱ་རྒྱུ་རེད།

ཐུན་རིན་རྫོང་གིས་ཚོད་སླེའི་བཟོ་འགོད་གཙོར་བཟུང་སྟེ། ཞིང་ཕྱུགས་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་བྱེ་བ་གཅིག་བཏང་བ་དང་། ཚད་མཐོ་བའི་ཉི་འོད་ནུས་པའི་དྲོད་ཁང་སུམ་བརྒྱ་གསར་སྐྲུན་བྱས་པར་མ་ཟད། ཞོག་ཁོག་མུའུ་ཁྲི་གཉིས་དང་ལོག་དཀར་མུའུ་ཁྲི་གཉིས་དང་སྟོང་བདུན་ལྔ་བརྒྱ། ཚོད་མ་མུའུ་སུམ་བརྒྱ་བཅས་གཅིག་བསྡུས་ཀྱིས་བཏབ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱ་ཆེད། ལོ་འདིའི་ནང་ཕྱུགས་སྤྱིལ་དྲོད་ཁང་སྟོང་གཅིག་གསར་སྐྲུན་དང་། ས་ཞིང་མུའུ་སྟོང་ལྔ་ལ་གཟན་རྩྭ་འདེབས་རྩིས་ཡོད་ལ། དུས་མཚུངས་སུ་སན་ཡོན་བ་གླང་དང་འབྲོག་ལུག་གི་ལོ་གཉིས་ནང་ལུ་གུ་གསུམ་རྩེབ་པའི་ལག་རྩལ་དྲིལ་བསྒྲགས་དང་ཁྱབ་གདལ་དུ་བཏང་ནས་བཀོལ་སྤྱོད་བྱ་རྒྱུ་རེད། ཞོག་ཁོག་ལས་སྣོན་ཟབ་མོར་བྱེད་པའི་ལས་གཞི་འཛུགས་མགོ་བརྩམས་པའི་ཁར། སྔོ་ཚོད་གསར་བ་དང་སྐམ་ལུག་ཤ་འཁྱག་བཟོ། བཤས་ར། གཟན་ཆས་ལས་སྣོན་བཟོ་གྲྭའི་ལས་གཞི་སོགས་གསར་སྐྲུན་བྱས་ཏེ། ཞིང་ཕྱུགས་ལས་ཐད་ལས་ཆོད་འཕར་བའི་བཟོ་འགོད་ལ་སྐུལ་འདེད་བྱ་རྒྱུ་རེད།

ད་ལོར་ད་དུང་རོང་བོ་གྲོང་རྡལ་གྱི་མཁར་གྲོང་གི་ཆུ་འདོན་བཟོ་གྲྭ་དང་ཆུ་གཙང་མའི་སྦུག་དྲའི་རྒྱས་སྐྲུན་བཟོ་འགོད་ལག་བསྟར་བྱ་རྒྱུ་ཡིན་ལ། ལོ་འདིའི་ནང་དུ་ཐོ་རྒྱ་གྲོང་རྡལ་དང་སེར་རྒྱ་སོགས་སྡེ་བ་བཅུ་བདུན་གྱི་མི་གྲངས་སྟོང་དྲུག་བརྒྱད་བརྒྱ་ཞེ་བཞི་དང་ཕྱུགས་ཟོག་ཁྲི་གཉིས་དང་སྟོང་གཅིག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་རྒྱུ་རེད། ཞིང་དྲ་བསྒྱུར་བཀོད་རིམ་འཕར་བཟོ་བཀོད་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྫོང་ཡོངས་ཀྱི་གློག་མེད་པའི་ཁྱིམ་ཚང་སྟོང་གཅིག་དང་ཉིས་བརྒྱ་ཡི་གློག་འཐེན་བཟོ་འགོད་དང་། འབྲོག་པ་གཏན་སྡོད་བྱེད་སའི་གློག་ཤུགས་ཆ་སྡེབ་བཟོ་འགོད། དེ་མིན་མཁར་གྲོང་འགན་སྲུང་རང་བཞིན་གྱི་བདེ་སྡོད་ཁུལ་ཆུང་གི་གློག་ཤུགས་ཆ་སྡེབ་བཟོ་བཀོད་བཅས་ལག་བསྟར་བྱ་རྒྱུ་རེད། མུ་མཐུད་དུ་གྲོང་ཁྱེར་གྱི་དོ་དམ་རྨང་གཞི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། ཧོར་རྒྱ་ས་ཁུལ་ལ་དྲོད་རླངས་གཅིག་བསྡུས་སྒོས་མཁོ་སྤྲོད་བྱེད་པའི་རྒྱ་ཁྱོན་མུས་གྲུ་བཞི་མ་འབུམ་གཉིས་དང་ཁྲི་བཞི་གསར་དུ་འཕར་རྒྱུ་ཡིན་ལ། ལོ་འདིའི་ནང་དུ་གྲོང་ཁྱེར་དོ་དམ་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་ལེགས་འགྲུབ་འབྱུང་རྒྱུ་ཡིན་པར་མ་ཟད་བེད་སྤྱོད་བྱེད་མགོ་རྩོམ་རྒྱུ་རེད།

དུས་མཚུངས་སུ། ཐུན་རིན་རྫོང་གིས་ད་ལོར་རོང་བོ་གྲོང་རྡལ་གྱི་ཧོར་རྒྱ་སྡེ་བའི་བྱིས་བཅོལ་ཁང་སོགས་བེད་མེད་སློབ་གྲྭའི་ཁང་བ་དྲུག་བསྒྱུར་བཀོད་བྱེད་པའི་བཟོ་འགོད་ཡོངས་འགྲུབ་དང་། མགར་རྩེ་ཞང་ཀླུ་ཆུའི་ཞག་སྡོད་སློབ་གྲྭ་སོགས་སློབ་གྲྭ་ཆུང་འབྲིང་གསུམ་གྱི་ཚད་ལྡན་ཅན་གྱི་སློབ་གྲྭའི་ལས་གཞི་དང་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭ་བཞི་ཡི་ཟ་ཁང་བསྒྱུར་བཀོད་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་ལ། སྨད་པའི་འཕྲོད་བསྟེན་ཁང་དང་ཞོ་འོང་དཔྱིས་འཕྲོད་བསྟེན་ཁང་གི་ལས་སྒོའི་ཁང་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ་མ་ཟད། བློན་ཆེན་ཞང་གི་འཕྲོད་བསྟེན་ཁང་ཧྲིལ་བོ་གནས་སྤོར་བའི་ལས་གཞི་དང་ཞང་གྲོང་འཕྲོད་བསྟེན་ཁང་བསྒྱུར་བཀོད་བྱེད་པའི་ལས་གཞི་བརྩོན་ལེན་བཅས་བྱས་ཏེ། ཞང་གྲོང་སྤྱི་སྤྱོད་འཕྲོད་བསྟེན་ཁང་གི་ཞབས་ཞུ་ཆུ་ཚད་བསྟུད་མར་ཇེ་མཐོ་དང་། མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་འབྲས་བུ་ལོངས་སྤྱོད་གང་ལེགས་བྱེད་དུ་འཇུག་རྒྱུ་ཡིན་ལ། དེ་ལས་གཞན་མང་ཚོགས་ཀྱིས་དོ་སྣང་བྱས་དང་བྱེད་བཞིན་པའི་དབུལ་སྐྱོར་གསར་སྤེལ་དང་ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་བྱེད་པ་སོགས་ཀྱི་ལས་གཞིའང་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་རྒྱུ་རེད།

གཉིས། ཕྱོགས་སོ་སོས་རོགས་སྐྱོར་བྱས་ནས་རྨ་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་དངོས་ཕན་བསྐྲུན་པ།
ཉེ་བའི་ལོ་འགའི་རིང་དུ། རང་ཞིང་གི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐེན་ཅིན་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་པུའུ་ཨུ། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཀྲུང་དབྱང་གི་སྤྱི་ཁོག་བཀོད་སྒྲིག་ལྟར། གནད་ས་གཙོར་འཛིན་དང་དངོས་འབེབས་ནན་འཛིན་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི་བྱ་བ་སྣ་ཚོགས་བརྟན་པོའི་ངང་སྐུལ་འདེད་བཏང་བས། རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་མཚོ་སྔོན་རོགས་སྐྱོར་བྱ་བས་བསྩལ་པའི་དངོས་ཕན་མྱོང་ཐུབ་སོང་།

ལོ་ངོ་གསུམ་ལྷག་གི་རིང་དུ། རྨ་ལྷོ་ཁུལ་ལ་ཐེན་ཅིན་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་པུའུ་ཨུ། ཀྲུང་དབྱང་ཁེ་ལས་སོགས་ཕྱོགས་མང་པོའི་རོགས་སྐྱོར་ཐོབ། ཐེན་ཅིན་གྲོང་ཁྱེར་གྱིས་བཏང་བའི་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་དགུ་ལ་ཉེ། དེའི་ཁྲོད་རེབ་གོང་ཐང་ཆེན་དང་རེབ་གོང་སྒྱུ་རྩལ་དངོས་མང་བཤམ་སྟོན་ཁང་། བྱིས་པའི་ཕན་བདེ་ཁང་གི་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་དང་ཆ་སྡེབ་བཟོ་བཀོད་སོགས་གནད་སའི་རོགས་སྐྲུན་ལས་གཞི་ལྔ་བཅུ་ལྷག་ཐེ་ཡོད། འཆར་གཞི་ལྟར་ན་དུས་ཡུན་ལོ་གསུམ་ནས་ལོ་ལྔ་ཡི་རིང་དུ་རྨ་ལྷོ་ཁུལ་གྱི་རིག་ཚན་དགེ་རྒན་ལ་ཆ་ཚང་བའི་གསོ་སྦྱོང་བྱ་རྒྱུ་ཡིན་པ་དང་། མིག་སྔའི་བར་དུ། མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་སྐབས་གཉིས་བསྒྲུབས་པ་དང་། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཉིས་བརྒྱ་གསོ་སྦྱོང་ནང་ཞུགས། རྫོང་དང་ཞང་གི་མགོ་ཁྲིད་ལས་བྱེད་པ་དང་སློབ་གསོ་དང་འཕྲོད་བསྟེན་སོགས་སྡེ་ཁག་གི་ཆེད་ལས་ལག་རྩལ་མི་སྣ་ཐེངས་ཉིས་བརྒྱ་ཐེན་ཅིན་གྲོང་ཁྱེར་དུ་གསོ་སྦྱོང་འཛིན་གྲྭ་དང་ཟབ་སྦྱོང་འཛིན་གྲྭ་སྣ་ཚོགས་ལ་ཞུགས། མིག་སྔར། ཐེན་ཅིན་གྲོང་ཁྱེར་གྱི་གཙོ་གནད་སློབ་འབྲིང“རྨ་ལྷོ་འཛིན་གྲྭའི”བསྡོམས་གྲངས་གསུམ་ལ་བསླེབས་པ་དང་སློབ་མ་བརྒྱ་དང་དྲུག་ཅུ་སྡུད་ལེན་བྱེད་བཞིན་ཡོད།

དེ་དང་མཉམ་དུ་ཐེན་ཅིན་ཅུའུ་ཁྲིན་ཀུང་ཟིས་ཧི་ནན་སོག་རིགས་རང་སྐྱོང་རྫོང་མཐོ་ཡེ་མ་ཞང་དུ་མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་ནས་བསྐྲུན་པའི་ཏུན་ཁྲི་བདུན་དང་སྟོང་གཉིས་ཅན་གྱི་རང་བྱུང་གཏེར་ཆུ་དང་རང་བྱུང་བུལ་རྐྱང་ཆུ་ཐོན་སྐྱེད་བྱེད་ས་ལེགས་འགྲུབ་བྱུང་ནས་ཐོན་སྐྱེད་བྱེད་མགོ་བརྩམས།

དེ་བཞིན་དུ་ཞིང་ལས་པུའུ་ཡིས་ཧི་ནན་རྫོང་ལ་དངུལ་གཏོང་སྒོར་ས་ཡ་གཅིག་ལ་བསླེབས་པའི་ནུས་ལྡན་ཕྱུགས་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་ལས་གཞི་བརྩོན་ལེན་བྱས་པ་དང་། རིག་གནས་པུའུ་ཡིས་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་ལ་མཐུན་སྦྱོར་བྱས་ནས་རིག་གནས་ཐོན་ལས་གསོ་སྦྱོང་མ་དངུལ་སྒོར་འབུམ་གཉིས་དོན་འཁྱོལ་བྱས། དེར་མ་ཟད་ཞིན་ལང་དྲ་རྒྱ་དང་མཐུན་སྦྱོར་བྱས་ནས་ཐུན་རིན་རྫོང་གནས་སྐོར་ཅུས་རེབ་གོང་རིག་གནས་གཞུང་ཕྱོགས་མིང་དངོས་ཟིན་ཕྲན་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་རྩེ་ཁོག་རྫོང་ལ་མཐོ་སྒང་ནོར་གནག་དང་འབྲོག་ལུག་གསོ་སྤེལ་དཔེ་སྟོན་རྟེན་གཞི་ལ་མ་རྩ་སྒོར་ས་ཡ་བདུན་འབུམ་ལྔ་ལ་བསླེབས་པའི་ལས་གཞི་བརྩོན་ལེན་བྱས་ལ། རྒྱ་ཁྱོན་མུའུ་ཁྲི་གསུམ་དང་སྟོང་གཉིས་ལ་བསླེབས་པའི་སྔོ་རྩྭ་སྐམ་པོའི་ཐོན་སྐྱེད་རྟེན་གཞི་བཙུགས་ནས་དོན་འཁྱོལ་བྱུང་བ་དང་། ལས་གཞི་དེར་བསྡོམས་པས་ཚན་རྩལ་དབུལ་སྐྱོར་མ་དངུལ་གཏོང་ཚད་སྒོར་ས་ཡ་དགུ་ལ་བསླེབས་པ་མ་ཟད། ད་དུང་བོད་ཁུལ་མུ་འབྲེལ་གསར་སྤེལ་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་ལྔ་བཀོད་སྒྲིག་བྱས་ཤིང་། “སྦྲང་ཆར་བསིལ་མའི་འཆར་གཞིའི”མ་དངུལ་སྒོར་འབུམ་དགུ་དང་ཁྲི་གཉིས་བཀོད་སྒྲིག་བྱས། ཧྭ་ནིན་ཚོགས་པས་མ་དངུལ་སྒོར་ས་ཡ་དྲུག་རོགས་སྐྱོར་བྱས་ནས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་གི་ལས་གཞི་ལག་བསྟར་བྱས། མ་དངུལ་སྒོར་ས་ཡ་གཉིས་རོགས་སྐྱོར་བྱས་ནས། གཅན་ཚ་རྫོང་མི་དམངས་སྨན་ཁང་ལCTདཔྱད་ཆས་ལས་གཞི་ལག་བསྟར་བྱེད་རོགས་བྱས།

གོང་མ།:null
འོག་མ།:རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་དྲུག་ལ་ཉེ་བ་ཞིག་སྡེ་ཁུལ་དུ་སོང་ནས་དོན་དངོས་བསྒྲུབས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བ'  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
མཚོ་བྱང་ཁུལ་ཆི་ལེན་རྫོང་གིས་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།