རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་དྲུག་ལ་ཉེ་བ་ཞིག་སྡེ་ཁུལ་དུ་སོང་ནས་དོན་དངོས་བསྒྲུབས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་བྱ་འགུལ་སྤེལ་བའི་ཁྲོད་དུ། རང་ཞིང་གི་ལས་ཐོག་ཏང་ཡོན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་དཔེ་སྟོན་སྣེ་ཁྲིད་འོག སྡེ་ཁུལ་དུ་སོང་ནས་མིང་ཐོ་བཀོད་པ་དང་མང་ཚོགས་དང་གྲོགས་བསྒྲིགས་ནས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབས་པ་དང་། ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་སོང་ནས་མིང་ཐོ་བཀོད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ཕན་ནུས་ལྡན་པའི་སྒོ་ནས་སྤེལ། ཟླ་དྲུག་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་སུམ་སྟོང་དགུ་བརྒྱ་ལྔ་བཅུ་ཙམ་གྱི་ལས་ཐོག་ཏང་ཡོན་ཁྲི་ལྔ་སྟོང་དགུ་སྡེ་ཁུལ་དུ་སོང་ནས་མིང་ཐོ་བཀོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་ལས་ཐོག་ཏང་ཡོན་སྤྱི་གྲངས་ཀྱི་བརྒྱ་ཆའི་སོ་བརྒྱད་ཚེག་བདུན་ཟིན་ཞིང་། ཞབས་ཞུ་ལས་གནས་ཁྲི་གཉིས་སྟོང་བདུན་དང་ལེན་བྱས། སྔ་གཞུག་ཏུ་མ་དངུལ་ས་ཡ་བཞི་དང་འབུམ་དྲུག་ཁྲི་ལྔ་སྟོང་གཉིས་བཏང་ནས་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྟོང་གཅིག་སུམ་བརྒྱ་སོ་དགུ་བསྒྲུབས་པ་དང་འགལ་ཟླ་རྩོད་གཞི་ཆིག་སྟོང་བཞི་བརྒྱ་བཞི་ཞི་འདུམ་བྱས།

མཚོ་སྔོན་གྱི་དོན་དངོས་ལ་རྐང་བཙུགས་ནས། ཐོག་མར་ཚོད་ལྟ་བྱེད་གནས་དང་ཉམས་མྱོང་སྤྱི་སྡོམ། ཁྱོན་ཡོངས་སྐུལ་སྤེལ་གྱི་བྱ་བའི་རིག་ལམ་གཏན་འཁེལ་བྱས་པ་རེད། ས་ཁུལ་གྱི་ངོས་ནས། ཟི་ལིང་དང་མཚོ་ནུབ་ཐོག་མར་བདམས་ཏེ་ཚོད་ལྟ་བྱས་པ་དང་། ས་ཁུལ་གཉིས་ནས་སོ་སོར་ལས་ཐོག་ཏང་ཡོན་ཁྲི་གཉིས་སྟོང་གཉིས་དང་། སྟོང་བརྒྱད་དང་བརྒྱ་དང་དོན་གཅིག་རྩ་འཛུགས་བྱས་ཏེ་སྡེ་ཁུལ་དུ་སོང་ནས་ཞབས་ཞུ་སྤེལ། དེས་ས་དེ་གའི་ལས་ཐོག་ཏང་ཡོན་སྤྱི་གྲངས་ཀྱི་བརྒྱ་ཆའི་དགུ་བཅུ་ཡས་མས་ཟིན། རིམ་པའི་ངོས་ནས། སྐོར་དང་པོའི་སློབ་གསོའི་ལག་ལེན་བྱ་འགུལ་ལས་ཁུངས་ཀྱིས་དག་ཐེར་བྱ་བ་དང་སྦྲེལ་ཏེ་ཐོག་མར་འགུལ་སྐྱོད་བྱེད་པ་དང་། གོང་འོག་ཀུན་ཏུ་སྤེལ་དགོས་པའི་བླང་བྱ་བཏོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་དོན་བཞི་ཡི་ལས་ཐོག་ཏང་ཡོན་སྟོང་གཅིག་དང་སུམ་བརྒྱ་བརྒྱད་བཅུ་ཡིས་རང་འགུལ་གྱིས་སྡོད་སའི་སྡེ་ཁུལ་དུ་མིང་ཐོ་བཀོད། མ་ལག་གི་སྟེང་ནས། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་མ་ལག་གིས་རང་དཔེ་གཞན་སྟོན་གྱིས་རྩ་འཛུགས་བྱ་བའི་ལས་བྱེད་སྟོང་ལ་ཉེ་བ་སྡེ་ཁུལ་སུམ་བརྒྱ་ལྷག་ལ་ཕྱིན་ནས་མིང་ཐོ་བཀོད། རིམ་གསུམ་ཚན་ཁག་གི་ཚན་གཙོས་སྣེ་ཁྲིད་དེ་དངོས་སུ་སྡེ་ཁུལ་ལ་ཕྱིན་པ་དང་མང་ཚོགས་ལ་བཅར་འདྲི་བྱས། གནས་རྐྱང་དང་ཆ་སྒྲིག ཆེད་དམིགས། ཚན་ཆུང་བཅས་ཀྱི་བྱེད་སྟངས་བཞི་ཡིས་ཞབས་ཞུ་སྤེལ། མངའ་ཁོངས་ནང་དངོས་སུ་ཕྱིན་ནས་དབང་བོ་སྐྱོན་ཅན་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་སོགས་དཀའ་ཁག་ཆེ་བའི་མང་ཚོགས་ཁྲོད་དུ། ཕྱོགས་ཡོངས་ནས་དོན་དངོས་ཀྱི་དཀའ་ཁག་དང་རེ་འདུན་ཐག་གཅོད་དགོས་པའི་དོན་དག་གང་མཆིས་རྒྱུས་ལོན་པར་བྱས་ཤིང་། རིམ་པ་དང་རིགས་བཀར་ནས་ཐོ་འགོད་བྱས་པ་དང་། “རེ་སྨོན་ལྗོན་པ་དང་རེ་སྨོན་མཁར་གྱང”བཅས་བཙུགས། ལས་ཐོག་ཏང་ཡོན་གྱིས་རང་གི་འདོད་མོས་དང་ནུས་པ་ལྟར་དང་ལེན་བྱས། མགོ་ལོག་གིས་ལས་ཐོག་ཏང་ཡོན་གཅིག་སྟོང་ཉིས་བརྒྱ་ལྷག་རྩ་འཛུགས་བྱས་ནས་རྟ་བོ་གྲོང་རྡལ་གྱི་སྡེ་ཁུལ་དྲུག་ལ་མིང་ཐོ་བཀོད་ཅིང་། གཅིག་གཏད་གཅིག་དང་མང་གཏད་གཅིག་གི་བྱེད་སྟངས་སྤྱད་ནས། ལས་ཐོག་ཏང་ཡོན་གྱིས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་དཔུང་ཡ་བསྒྲིགས་ཏེ་རོགས་སྐྱོར་ཆ་ཡ་བརྟན་པོ་བཙུགས་པ་དང་། ཐེངས་གཅིག་ལ་རོགས་བྱེད་པ་ནས་ནམ་ཡང་རོགས་བྱེད་པར་འགྱུར་བ་བྱུང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་ཡོངས་ཀྱིས་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་མཁན་བཟང་པོ་ཞིག་བྱེད་པའི་དུས་མཚུངས་སུ། རང་འགུལ་གྱིས་སྡེ་ཁུལ་སློབ་གསོའི་ལག་ལེན་བྱ་འགུལ་གྱི་མཛུབ་སྟོན་པ་བཟང་པོ་བྱས་ཏེ། སྡེ་ཁུལ་ལ་རོགས་རམ་བྱས་ནས། བྱ་འགུལ་གྱི་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། རང་འགུལ་གྱིས་སྡེ་ཁུལ་ན་ཡོད་པའི་ཏང་ཡོན་ལ་ཏང་གི་སློབ་ཁྲིད་ཉུང་ཙམ་བྱས། ན་གོར་མོ་སྤྱི་བདེ་ཅུས་ཏང་ཨུས་ལས་ཐོག་ཏང་ཡོན་རྩ་འཛུགས་བྱས་ཏེ། དམངས་གཅེས་བྱ་བའི་བྱ་འགུལ་སྤེལ་བ་དང་། སྡོད་སའི་སྡེ་ཁུལ་དུ་ཕྱིན་ཏེ་འོས་འགན་ངལ་རྩོལ་ནང་མི་ཐེངས་སུམ་བརྒྱ་ཉི་ཤུ་ཞུགས་པ་རེད།།

གོང་མ།:null
འོག་མ།:རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བསྒྱུར་བ་དང་དམངས་འཚོ་དམ་འཛིན། མཐུན་སྒྲིལ་ཡར་སྐུལ། བརྟན་འཇགས་སྲུང་སྐྱོང་བཅས་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བ'  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
མཚོ་བྱང་ཁུལ་ཆི་ལེན་རྫོང་གིས་'  
མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཁྲིམ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།