རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བསྒྱུར་བ་དང་དམངས་འཚོ་དམ་འཛིན། མཐུན་སྒྲིལ་ཡར་སྐུལ། བརྟན་འཇགས་སྲུང་སྐྱོང་བཅས་བྱས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ཚུན་དུ། རྩེ་ཁོག་རྫོང་གིས་རྫོང་གི་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་ཏེ། དམིགས་སའི་རང་བཞིན་དྲག་པའི་བྱ་འགུལ་ལག་བསྟར་བྱེད་སྟངས་ཞིབ་འཇུག་དང་གཏན་འཁེལ་བྱས་ལ། ལྷག་པར“སྤྱོད་ཚུལ་བཞིའི”གནད་དོན་དང་། ལས་བྱེད་པའི་ཡིད་ཆེས་དང་ལངས་ཕྱོགས་ཀྱི་གནད་དོན་འཚོབ་ཞིབ་དང་ཐག་བཅད་དེ། མང་ཚོགས་ཀྱི་དཀའ་ཁག་སོགས་གནད་དོན་སེལ།

ཕུགས་འདུན་དང་ཡིད་ཆེས་བརྟན་པོ་མིན་པ་དང་། རྩ་འཛུགས་ཀྱི་འདུ་ཤེས་ཞན་པ། ཆབ་སྲིད་ཀྱི་འདུ་ཤེས་དྲག་པོ་མིན་པ་བཅས་ནི་ཏང་ཡོན་ལས་བྱེད་པ་རང་གིས་ཞིབ་དཔྱད་བྱས་པའི་གནད་དོན་བཅུ་བཞི་ནང་གི་གཅིག་རེད། དུས་མཚུངས་སུ་ད་དུང་སློབ་གྲྭ་ཁ་ཤས་ཀྱི་དྲོད་ལེན་སྒྲིག་ཆས་ཐབས་ཆག་ཡིན་པ་དང་། ཟ་ཁང་གི་གཙང་སྦྲ་ཞན་པ། འབྲོག་པའི་གཏན་སྡོད་བཟོ་འགོད་ཀྱི་རང་གྲབས་མ་དངུལ་དོ་དམ་བྱེད་པ་ཚད་ལྡན་མིན་པ་དང་། མི་སྒེར་གྱིས་རྩྭ་ཐང་གཏོར་བརླག་གཏོང་བའི་སྣང་ཚུལ་ཚབས་ཆེན་ཡིན་པ། མི་ཕྱུགས་ཀྱི་འཐུང་ཆུ་བཟོ་འགོད་འཛུགས་སྐྲུན་དུས་ཐོག་མིན་པ་དང་། སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ། སྒྲིག་ཁྲིམས་ལས་འགལ་བའི་བཟོ་བཀོད་ཚབས་ཆེན་ཡིན་པ་དང་། སྡེ་བ་རིམ་པའི་བགྲོད་ལམ་བསྒྱུར་བཀོད་བཟོ་འགོད་ཀྱི་འཕེལ་ཚད་དལ་བ། གླ་གཏོང་རླངས་འཁོར་གཏོང་བ་དང་རྫོང་མཁར་གྱི་འགྲིམ་འགྲུལ། ཉོ་ཚོང་ཚོང་ར་སོགས་ལ་དོ་དམ་བྱེད་པ་ཚད་ལྡན་མིན་པ་སོགས་མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་གལ་ཆེན་བཅུ་གསུམ་རྩད་ཞིབ་བྱས། གནད་དོན་རྩད་ཞིབ་བྱེད་པའི་ཐད་ནས་མགོ་ཚུགས་ས་རྙེད་པས། མིག་སྔར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིབ་འཇུག་བྱས་ནས་མཉམ་དུ་དག་ཐེར་དང་ལེགས་བཅོས་བྱེད་པའི་བྱེད་ཐབས་བཏོན།

རྡོ་དཀར་མོ་ཞང་གིས་ཞིང་སྡེའི་ལས་བྱེད་པའི་སྤྱོད་ཚུལ་བཟང་པོ་ཟབ་སྤེལ་བྱས་ཏེ། བྱ་བའི་ཧུར་བརྩོན་རང་བཞིན་ཞན་པ་དང་འགན་འཁྲིའི་འདུ་ཤེས་ཞན་པ། ལག་བསྟར་ནུས་པ་དྲག་པོ་མིན་པའི་གནད་དོན་ཐག་བཅད་པའི་ཁར། ཤུགས་ཡོད་ཚད་ཀྱིས་འགལ་བ་སྣ་ཚོགས་རྩད་ཞིབ་བྱས་ཏེ། འབྲེལ་གཏུག་བྱ་ཡུལ་གཙོ་བོར་རོགས་སྐྱོར་དང་སློབ་གསོའི་བྱེད་ཐབས་དངོས་འབེབས་ནན་མོ་བྱས་ནས། ཁྲིམས་འགལ་གྱོད་གཞི་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་བྱས་པ་དང་། སྤྱི་ཚོགས་ཀྱི་དར་སྲོལ་གཙང་དག་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཇེ་མཐོར་བཏང་།

ཧོར་ཞང་གིས་སྐྱེས་ཁམས་ཁོར་ཡུག་བཅོས་སྐྱོང་དང་། རིག་གནས་གནས་སྐོར་ཐོན་ལས་གོང་སྤེལ། བདེ་འཇགས་སྲུང་སྐྱོང་ཐད་ཀྱི་རྙོག་འཛིང་ཆེ་སར་དག་ཐེར་བཅོས་སྐྱོང་བྱེད་པ་བཅས་སློབ་གསོའི་ལག་ལེན་བྱ་འགུལ་དང་ཟུང་དུ་སྦྲེལ་ཏེ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་ཟབ་མོར་སྤེལ་ཏེ། “འཆལ་རྒྱན་དུག་གསུམ”རྡུང་རྡེག་ནན་མོ་བྱས་པ་དང་། རིག་གནས་ཚོང་རར་དག་ཐེར་བྱས་ནས། ཁྲིམས་ལུགས་དང་མི་མཐུན་པའི་སྤྱི་ཚོགས་རྩ་འཛུགས་མེད་པར་བཏང་བ་དང་། «ཧོར་ཞང་གི་གཞི་གཅིག་ཅན་གྱི་འཆར་འགོད»མྱུར་དུ་གཏན་འཁེལ་བྱས་ཏེ། གང་འདོད་དུ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་སྤྱོད་བཀག་འགོག་དང་། བྱ་སྤྱོད་དངོས་ཀྱི་བྱ་འགུལ་ལ་ཕན་པ་ཐོབ་པར་ཁག་ཐེག་བྱས།

མེ་ཤུལ་གྲོང་རྡལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་བསྐྲུན་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་ལུགས་འཛུགས་སྐྲུན་དང་ཁོར་ཡུག་ལེགས་སྒྱུར་གོང་དུ་སྤེལ་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་སོགས“རང་འདེམ་སྤྱོད་སྟངས”ཀྱིས་སློབ་གསོའི་ལག་ལེན་བྱ་འགུལ་ཕུན་སུམ་ཚོགས་པོ་སྤེལ་ཏེ། བོད་འབྲེལ་གྱི་བརྟན་འཇགས་སྲུང་སྐྱོང་དྲིལ་བསྒྲགས་དང་སློབ་གསོར་སྣེ་ཁྲིད་པ་གཏིང་མི་ཟབ་པ་དང་ཞིབ་མོ་མིན་པ། ཤུགས་མི་འདོན་པ་དང་ལས་བྱེད་པའི་བྱ་བའི་སྤྱོད་ཚུལ་ཕྱི་ཚུལ་ཙམ་ཡིན་པ། སྡེ་བའི་རྩ་འཛུགས་ནུས་མེད་ལྷོད་གཡེང་ཡིན་པ་སོགས་གནད་དོན་ཐག་བཅད་དེ། ས་མཚམས་ཀྱི་འགལ་བ་དང་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་འགལ་བ་གཅིག་བསྡུས་སྒོས་ཐག་བཅད་དེ། སྤྱི་ཚོགས་བདེ་འཇགས་མིན་པའི་རྒྱུ་རྐྱེན་རྩ་བ་ནས་མེད་པར་བཏང་བ་དང་། དུས་མཚུངས་སུ་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་རྒྱ་བསྐྱེད་དེ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱས་ནས། མང་ཚོགས་ལ་དངོས་གནས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་བཅུག

གོང་མ།:null
འོག་མ།:མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་བརྩོན་སྒོས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་བསྐྲུན།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
མི་རིགས་རིག་གནས་བརྗེ་རེས་ཀྱི&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བ'  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
མཚོ་བྱང་ཁུལ་ཆི་ལེན་རྫོང་གིས་'  
མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཁྲིམ'  
ཏུའུ་ལན་རྫོང་གི་བྱ་བའི་ལས་གཞ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།