མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་བརྩོན་སྒོས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་བསྐྲུན།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྩྭ་ཐང་གི་གི་ཆེས་མཛེས་པའི་དུས་ཚིགས་ཡང་བསྐྱར་བསླེབས་འོངས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མཚོ་སྔོན་པོ་ཞང་བདེ་སྐྱིད་སྡེ་བའི་བོད་རིགས་འབྲོག་པ་བརྩོན་འགྲུས་ཀྱིས་རང་གིས་བརྐོས་པའི་རྡོ་བརྐོས་མ་ཎི་དང་ལྷ་སྐུ་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་དག་ཉེ་འགྲམ་གྱི་ལྗོངས་རྒྱུའི་གནས་ཀྱི་ཧོས་རིགས་དང་རྒྱ་རིགས་ཚོང་གཉེར་བའི་ལག་ཏུ་བཞག་ན། ལོ་རེར་ཁོའི་ཁྱིམ་ཚང་ལ་སྒོར་ཁྲི་གསུམ་གྱི་ཡོང་སྒོ་ཡོད་པ་རེད།

ལོ་མང་པོའི་རིང་ལ། མཚོ་བྱང་ཁུལ་དང་དེའི་རྫོང་ཁག་སོ་སོས། ནོར་ཤུགས་སྟེང་ཁུར་བོ་ཅུང་ཙམ་ལྕི་ཞིང་། ཆ་སྡེབས་མ་དངུལ་སྟེང་སྒོར་མོ་མང་ཙམ་གཏོང་དགོས་བྱུང་ནའང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་བརྩོན་ལེན་བྱས་པ་བརྒྱུད་ནས། རིགས་སོ་སོའི་མང་ཚོགས་ལ་བདེ་སྡོད་དང་སྨན་བཅོས། སློབ་ཞུགས། ཕྱུག་སྒྱུར། འཕེལ་རྒྱས་སོགས་ལོངས་སུ་སྤྱོད་དུ་བཅུག

ཉིས་སྟོང་བཅུ་གསུམ་ལོར། ཞིང་ཆེན་ཏང་ཨུ་ཡིས«མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་སྐྲུན་པའི་ལག་བསྟར་རྩ་གནད»བཏོན་པ་རེད། ལོ་དེར། མཚོ་བྱང་ཁུལ་ནི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་སྐོར་དང་པོའི་རྒྱལ་ཡོངས་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཅུ་སུམ་སྐྲུན་པའི་ནང་གཏན་འཁེལ་བྱས།

ལོ་གཅིག་གི་རིང་ལ། གསར་སྐྲུན་བྱེད་པའི་གོ་རིམ་ཁྲོད་དུ། ཁུལ་ཡོངས་ཀྱིས་མགོ་ཁྲིད་པ་དང་པོའི་ནུས་པ་འདོན་སྤེལ་བྱས་ནས། བསམ་བློ་གཞི་གཅིག་ཏུ་སྦྲེལ་བའི་འདུ་ཤེས་བཙུགས་པ་དང་། རྩ་གནད་གཅིག་གིས་སྣེ་འཁྲིད་པར་ཤུགས་བསྣན་པ། ལོ་གཅིག་གི་ལས་ཀའི་གནད་ས་འབུར་དུ་བཏོན་པ་བཅས་བྱས་ཏེ། དོན་དག་བསྒྲུབ་པའི་དཔུང་སྡེ་ཞིག་གསོ་སྐྱོང་བྱས་པ་དང་། གོ་ཆོད་པའི་ནང་རྐྱེན་ཆ་གཅིག་བཙུགས་པ་བཅས་ཀྱིས་གསར་སྐྲུན་བྱ་འགུལ་ལ་རྨང་གཞི་བརྟན་པོ་ཞིག་བཏིངས།

ལོ་གཅིག་གི་རིང་ལ། “ལོ་གཅིག་ལ་རྨང་གཞིར་ཤུགས་སྣོན་པ་དང་། ལོ་གཉིས་ལ་དཔེ་སྟོན་སྐྲུན་པ། ལོ་ལྔ་ལ་རིམ་པ་སྤར་བ་”བཅས་དམིགས་འབེན་དུ་བཟུང་ནས། ཁུལ་ཡོངས་ཀྱིས་“སྔོན་ཐོན་བརྒྱད”ལ་སྐུལ་འདེད་བྱས་པ་ནས་བཟུང་སྟེ། “གཅིག་ཅན་བཅུ”སྤེལ་བའི་བར་དུ། མཚོ་བྱང་གི་དོན་དངོས་དང་མཐུན་ལ་མང་ཚོགས་ཀྱི་རེ་འབོད་དང་བསྟུན་པ། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་གསར་སྐྲུན་བྱེད་ཐབས་རབས་དང་རིམ་པ་སྤྱད་དེ། མི་རིགས་མཐུན་སྒྲིལ་གྱི་སྤྱོད་བཟང་མཚོ་བྱང་ས་གཞི་ཆེན་མོར་བཙུགས།

གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་ཆེད། ཁུལ་ཡོངས་ཀྱིས་ད་རུང་སྲིད་འཛིན་སྡེ་བའི་ལས་བྱེད་པ་ཉིས་བརྒྱ་དང་བཅུ་བཞི་གསོ་སྦྱོང་བྱས་པ་དང་། དགོན་པ་སོ་སོར་ལོ་རེའི་གཞུང་སྒྲུབ་གྲོན་དངུལ་དང་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་ཕོགས་དངུལ་ཐག་གཅོད་བྱས། དེར་མ་ཟད་ཁུལ་དང་རྫོང་། ཞང་དང་སྡེ་ཁུལ། སྡེ་བ་བཅས་སུ་སོ་སོར་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་བྱེད་པའི་ཆེད་སྤྱོད་གྲོན་དངུལ་བཙུགས་ནས་ཁུལ་དང་རྫོང་གི་ནོར་སྲིད་སྔོན་རྩིས་ནང་བཞག

ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་དམངས་ཆེན་གྱིས་ཆོག་ཆེན་བཀོད་པ་བརྒྱུད་དེ། «མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག»ཞེས་པ་ཁྱབ་བསྒྲགས་དང་ལག་བསྟར་བྱེད་འགོ་བརྩམས། དེ་ནི་ཞིང་ཆེན་ཡོངས་སུ་ཐོག་མར་ཁྲིམས་བཙུགས་པའི་རྣམ་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བཞག་གཏན་འབེབས་བྱས་པ་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་ལ་ཁྲིམས་འཛུགས་པའི་སྲོལ་བཏོད་པ་རེད།

གོང་མ།:null
འོག་མ།:མཚོ་བྱང་ཁུལ་ཆི་ལེན་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ཤེས་བྱ་འགྲན་སྡུར་བྱ་འགུལ་སྤེལ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
མི་རིགས་རིག་གནས་བརྗེ་རེས་ཀྱི&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
མཚོ་བྱང་ཁུལ་ཆི་ལེན་རྫོང་གིས་'  
མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཁྲིམ'  
ཏུའུ་ལན་རྫོང་གི་བྱ་བའི་ལས་གཞ'  
རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།