ཏུའུ་ལན་རྫོང་གི་བྱ་བའི་ལས་གཞི་ལྔ་ཡིས་དམངས་འཚོའི་འགན་སྲུང་ཆུ་ཚད་མཐོར་འདེགས་བཏང་།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-14   རྩོམ་གྱི་ཡོང་ཁུངས།

ད་ལོ་ནས་བཟུང་། ཏུའུ་ལན་རྫོང་གིས“དམངས་གཙོ་བོར་བཟུང་སྟེ། དམངས་ཀྱི་དཀའ་ངལ་སེལ་བ་དང་། དམངས་ལ་ཞབས་ཞུ་བསྒྲུབ་པའི་”དམངས་འཚོའི་བྱ་བཞག་སྤྱིའི་བྱེད་ཕྱོགས་ལྟར། དམངས་ཀྱི་དཀའ་ངལ་སེལ་བའི་གླེང་གཞི་འབུར་ཐོན་སྒོས། སྒྲིག་གཞི་འཐུས་ཚང་དང་། ལས་དོན་དངོས་འབེབ། དམངས་འཚོ་འགན་ལེན་སོགས་བྱ་བ་རེ་རེ་བརྟན་འཇགས་ཀྱིས་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱས།

གཅིག མཁར་གྲོང་གི་མ་མཐའི་འགན་སྲུང་ལམ་ལུགས་འཐུས་ཚང་དང་། མང་ཚོགས་ཀྱི་འཚོ་བར་དབུལ་སྐྱོར་འགན་ལེན་བྱས། གོམ་གང་མདུན་སྤོས་ཀྱིས་མ་མཐའི་འཚོ་བའི་འགན་སྲུང་འཐུས་ཚང་སྒོས་དམིགས་ཚད་ཆ་རྐྱེན་གཏན་འཁེལ་དང་། ཞིབ་བཤེར་མཆོག་མཆན་གོ་རིམ་ཚད་ལྡན། དོ་དམ་གྱི་རྣམ་པ་ཇེ་དྲག ལྟ་སྐུལ་སྒྲིག་གཞི་ལེགས་སྒྱུར། ཞུ་གཏུག་ཞིབ་བཤེར་ལམ་ལུགས་འཛུགས་པ། མཁར་གྲོང་གི་མ་མཐའི་འགན་སྲུང་བྱ་བ་སྔར་ལས་ཚད་ལྡན་དང་ཕན་འབྲས་ཇེ་མཐོར་གཏོང་བ། མཁར་གྲོང་གི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་དཔལ་འབྱོར་གནས་བབ་དེ་སྒྲིག་གཞི་དང་ཞིབ་བསྡུར་བྱེད་པ་འཛུགས་སྐྲུན་བྱས་ནས། ཏུའུ་ལན་རྫོང་གི་མཁར་གྲོང་གི་སྡོད་དམངས་ཁྱིམ་ཚང་དཔལ་འབྱོར་གནས་བབ་ཞིབ་བསྡུར་ལྟེ་གནས་ཚུགས་ཏེ། «ཏུའུ་ལན་རྫོང་མཁར་གྲོང་གི་སྡོད་དམངས་ཁྱིམ་ཚང་དཔལ་འབྱོར་གནས་བབ་ཞིབ་བསྡུར་ཐབས་ཤེས།»དངོས་སུ་བཀྲམས། གོམ་གང་མདུན་སྤོས་ཀྱིས་མཁར་གྲོང་གི་མ་མཐའི་འགན་སྲུང་ཚད་གཞི་དང་རོགས་སྐྱོར་ཆུ་ཚད་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་སུ་གཏོང་བ། མཁར་གྲོང་གི་མ་མཐའི་འགན་སྲུང་ཟླ་རེའི་འགན་ལེན་བྱས་ཚད་སྒོར་སུམ་བརྒྱ་སོ་གསུམ་ལ་བསླེབས། ཞིང་སྡེ་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ལོ་རེར་སྒོར་སྟོང་གཉིས་དང་བརྒྱ་ལ་བསླེབས། མིག་སྔར་རྫོང་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དམིགས་ཚད་བསྡོམས་པས་ཁྱིམ་ཚང་ཆིག་སྟོང་བཞི་བརྒྱ་བཅོ་བརྒྱད་དང་མི་འབོར་ཉིས་སྟོང་དགུ་བརྒྱ་གཉིས་ཡོད་ལ། མ་མཐའི་འཚོ་བའི་འགན་སྲུང་ཐད་བཏང་བའི་སྒོར་མོ་ས་ཡ་གསུམ་དང་འབུམ་ལྔ་ཁྲི་ལྔ་བདུན་སྟོང་བདུན་བརྒྱ་ལ་བསླེབས།

གཉིས། ཞིང་སྡེ་ལྔ་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ལྔ་སྐྱོང་སྲི་ཞུའི་ཆུ་ཚད་མཐོར་འདེགས་བཏང་། གཟབ་ནན་གྱིས་«ཞིང་སྡེའི་ལྔ་སྐྱོང་སྲི་ཞུའི་ལས་དོན་ཁྲིམས་སྲོལ།»དང་«མཚོ་སྔོན་ཞིང་ཆེན་ཞིང་སྡེ་འབྲོག་ཁུལ་ལྔ་སྐྱོང་སྲི་ཞུའི་བྱ་བའི་ཐབས་ཤེས།»ལག་ལེན་མཐར་ཕྱིན་གྱིས་ལྔ་སྐྱོང་དམིགས་ཚད་ཞིབ་བཤེར་དང་དོ་དམ་བྱ་བ་ལེགས་པོར་བསྒྲུབ་ནས། རྫོང་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་ལྔ་སྐྱོང་སྲི་ཞུའི་ཚད་གཞི་རིམ་པ་དེ་གཅིག་བསྡུས་ཀྱིས་མི་རེར་ལོ་རེར་སྒོར་ལྔ་སྟོང་བདུན་བརྒྱ་ཡོད་པ་རེད། དེ་དང་མཉམ་དུ་གོམ་གང་མདུན་སྤོས་ཀྱིས་རྫོང་གི་རྒན་གསོ་མ་དངུལ་འཛུགས་བསྐྲུན་དང་དོ་དམ་ལ་ཤུགས་བསྣན་ནས། འཚོ་བའི་སྒྲིག་ཆས་དང་སྲི་ཞུའི་ཆ་རྐྱེན་ལེགས་སྒྱུར་བྱས་ནས། ཆ་རྐྱེན་ལོངས་བའི་ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་རྫོང་གི་རྒན་གསོ་ཁང་དུ་བསྐྱལ་ཏེ་གཅིག་བསྡུས་སྒོས་སྲི་ཞུ་སྒྲུབ་པ་མངོན་འགྱུར་བྱུང་།

གསུམ། གནས་སྐབས་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་ནས། གློ་བུར་རང་བཞིན་གྱི་དཀའ་ངལ་སེལ་རོགས་བྱས། གོ་རིམ་གཟབ་ནན་དང་། དོ་དམ་ཚད་ལྡན་དུ་བཏང་བའི་རྨང་གཞིའི་སྟེང་། གློར་བྱུང་ཆག་སྒོ་དང་གནས་སྐབས་རང་བཞིན་གྱིས་བཟོས་པའི་གཞི་རྩའི་འཚོ་བའི་གནས་སྐབས་དཀའ་ཁག་སེལ་རོགས་ལ་ཐེངས་གཅིག་ཅན་གྱི་རོགས་དངུལ་ཁ་གསབ་བྱས། མིག་སྔའི་བར་དུ། རྫོང་ཡོངས་སུ་སྡེབ་རྩིས་ཀྱི་མི་ཐེངས་ཉིས་བརྒྱ་སོ་དགུ་ལ་གནས་སྐབས་རོགས་སྐྱོར་སྒོར་མོ་འབུམ་གསུམ་དང་ལྔ་ཁྲི་ལྔ་སྟོང་བརྒྱ་བཏང་། དེའི་ནང་དུ་ཞིང་སྡེའི་མི་ཐེངས་ཉིས་བརྒྱ་ལྔ་དང་ཡོད་པ་དང་། སྒོར་འབུམ་གཉིས་ཁྲི་དགུ་སྟོང་གསུམ་དང་བདུན་བརྒྱ་བཏང་། མཁར་གྲོང་གི་མི་ཐེངས་སོ་བཞི་ཡོད་པ་དང་། སྒོར་ཁྲི་དྲུག་དང་སྟོང་གཅིག་བཞི་བརྒྱ་བཏང་། གནས་སྐབས་རོགས་སྐྱོར་ལམ་ལུགས་བཙུགས་ཤིང་ལག་ལེན་དུ་བསྟར་བ་བརྒྱུད། མཁར་གྲོང་གི་སྤྱི་ཚོགས་རོགས་སྐྱོར་མ་ལག་འཐུས་ཚང་དང་། དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་འཚོ་བར་ཁག་ཐེག་བྱེད་པ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་བཅས་ལ་སྐུལ་འདེད་གཏང་བར་ཕན་འབྲས་ཆེན་པོ་འདོན་སྤེལ་བྱས།

བཞི། མཁར་གྲོང་གི་སྨན་བཅོས་རོགས་སྐྱོར་ཚད་ལྡན་དུ་བཏང་སྟེ། གནས་གཅིག་གི་རྩིས་ཞུ་ལས་སྒོ་སྤེལ། རྫོང་ཡོངས་ཀྱི་སྨན་བཅོས་སྡེ་ཁག་བཅུ་གསུམ་གྱིས་དམངས་སྲིད་ཀྱི་རིགས་བཞིའི་སྨན་བཅོས་རོགས་སྐྱོར་ལ་གནས་གཅིག་ནས་རྩིས་ཞུ་བྱེད་པའི་ལས་སྒོ་ཕྱོགས་ཡོངས་ནས་སྤེལ་ཏེ། རོགས་སྐྱོར་བྱ་ཡུལ་གྱི་སྨན་བཅོས་འགྲོ་གྲོན་དེ་སྨན་ཁང་ལས་འབུད་སྐབས་སྨན་བཅོས་སྡེ་ཁག་གིས་ནད་པའི་ཚབ་ཏུ་རྩིས་བརྒྱབ་པས། སྨན་རིན་རྩིས་ཞུ་བྱེད་པར་འགྲོ་ལུགས་མང་བ་དང་ཞབས་ཞུ་སྒྲུབ་མཁན་ཉུང་བའི་གནད་དོན་ཕན་འབྲས་ལྡན་པའི་སྒོ་ནས་ཐག་བཅད། དུས་མཚུངས་སུ་སྨན་བཅོས་རོགས་སྐྱོར་ཡོད་ཚད་རྩིས་འཁོར་དོ་དམ་མ་ལག་གིས་སྒྲུབ་པ་མངོན་འགྱུར་བྱུང་ནས། རྩིས་འཁོར་མ་ལག་གིས་རྩིས་རྒྱག་པ་དེ་ཡིས་སྔུན་གྱི་ལག་པའི་སྨན་རིན་རྩིས་རྒྱག་པའི་ཚབ་བྱས་ནས། མིས་བཟོས་རྒྱུ་རྐྱེན་གྱིས་བཟོས་པའི་ནོར་འཁྲུལ་གྱི་ཐོ་འགོད་དང་ནོར་འཁྲུལ་གྱི་རྩིས་རྒྱག་སོགས་གནད་དོན་ལས་གཡོལ་བ་རེད། ཟླ་ལྔ་བའི་ཟླ་མཇུག་བར་དུ། རིམ་བསགས་བྱས་ན་རྫོང་ཡོངས་ནས་མཁར་གྲོང་གི་རོགས་སྐྱོར་བྱ་ཡུལ་གྱི་མི་ཐེངས་བརྒྱད་སྟོང་བཞི་བརྒྱ་གོ་དགུ་ལ་ཉེན་ཚབ་དང་མཉམ་ལས་སྨན་བཅོས་འགྲོ་གྲོན་སྤྲད་པ་དང་སྤྲད་པའི་དངུལ་འབོར་འབུམ་ལྔ་དང་སྟོང་བརྒྱད་བདུན་བརྒྱར་བསླེབས། སྨན་ཁང་དུ་སྡོད་བཅོས་བྱས་པའི་ནད་པ་མི་ཐེངས་དྲུག་བརྒྱ་ལྔ་གསུམ་ལ་རོགས་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་དང་བརྒྱད་སྟོང་བདུན་བརྒྱས་རོགས་སྐྱོར་བྱས། དེའི་ཁྲོད་རྫོང་ནང་ཁུལ་གྱི་སྨན་བཅོས་སྡེ་ཁག་གིས་མི་ཐེངས་ཉིས་བརྒྱ་དང་བཅུ་ལ་སྨན་རིན་སྔོན་རྩིས་བརྒྱབ་སྟེ་སྨན་རིན་སྒོར་མོ་འབུམ་གཅིག་ཁྲི་བརྒྱད་སུམ་སྟོང་བདུན་བརྒྱས་རོགས་སྐྱོར་བྱས།

ལྔ་། སྤྱི་ཚོགས་ལས་དོན་བྱ་བར་གཅིག་གྱུར་འཆར་འགོད་བྱས་ཏེ། སྤྱི་ཚོགས་འགན་སྲུང་ནུས་པ་མཐོར་འདེགས་སུ་བཏང་། གཉེན་སྒྲིག་ཐོ་འགོད་དང་། གསོས་བུའི་ཐོ་འགོད་དོ་དམ་གཟབ་ནན་བྱས་ཤིང་། “ཆིག་ཁྲི་བཞི་ཅན”གྱི་ལས་གཞི་བརྒྱུད་དེ་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་བཞི་བཅུ་ཞེ་གཅིག་ལ་རོགས་སྐྱོར་བྱས་ཏེ། སྒོར་ཁྲི་དྲུག་སྟོང་དགུ་བཞི་བརྒྱ་བཏང་། གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབ་བྱས་ཏེ། གཟིགས་སྐྱོང་བྱ་ཡུལ་གྱི་རོགས་དངུལ་ཁ་གསབ་ཚད་གཞི་རང་བཞིན་གྱིས་འཕར་བའི་སྒྲིག་གཞི་བཙུགས་ཤིང་། གྲོན་དངུལ་གཏོང་ཚད་སྔར་ལས་ཇེ་མང་དུ་བཏང་བ་དང་། གཟིགས་སྐྱོང་ཚད་གཞི་སྔར་ལས་ཇེ་མཐོར་འདེགས་བྱས། ལོ་སྟོད་དུ་མི་གསུམ་རེར་ཐེངས་གཅིག་ཅན་གྱི་འཚོ་ཐབས་རོགས་དངུལ་ཁྲི་བརྒྱད་དང་ཉིས་བརྒྱ་བཏང་།

གོང་མ།:null
འོག་མ།:རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བསྒྱུར་བ་དང་དམངས་འཚོ་དམ་འཛིན། མཐུན་སྒྲིལ་ཡར་སྐུལ། བརྟན་འཇགས་སྲུང་སྐྱོང་བཅས་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
མི་རིགས་རིག་གནས་བརྗེ་རེས་ཀྱི&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
ཏུའུ་ལན་རྫོང་གི་བྱ་བའི་ལས་གཞ'  
རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བ'  
མཚོ་བྱང་ཁུལ་གྱིས་མང་ཚོགས་ལ་འ'  
མཚོ་སྔོན་ཞིང་ཆེན་གྱིས་མི་རིག'  
མཚོ་སྔོན་ཞིང་ཆེན་གྱིས་མི་རིག'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།