སྤོབས་པ་ཆེན་པོས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་བཏོད་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-14   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་དང་སྒོས་སུ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ཚུན་དུ། ཟི་ལོང་གྲོང་ཁྱེར་ཏང་ཨུས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག “ཟི་ལིང་སྟོབས་ལྡན་དུ་གཏོང་བ་དང་ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུ་བའི”སྤྱིའི་བླང་བྱར་རྐང་བཙུགས་པ་དང་། འཕེལ་རྒྱས་དང་འཆམ་མཐུན་ཡོང་བའི་བརྗོད་བྱ་གཙོ་བོ་དེ་དམ་དུ་བཟུང་བས། ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་བཅས་ཐད་ནས་གྲུབ་འབྲས་གསར་བ་གང་མང་བླངས་ཏེ། “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”འཆར་འགོད་ཀྱི་དམིགས་འབེན་བདེ་བླག་ངང་འགྲུབ་པ་དང་ཟི་ལིང་གི་ལོ་རྒྱུས་སྟེང་དཔལ་འབྱོར་འཕེལ་ཚད་མགྱོགས་ཤིང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡིན་པ། མི་དམངས་མང་ཚོགས་ལ་ཕན་ཁེ་ཐོབ་པ་ཆེས་མང་བའི་དུས་སྐབས་ཤིག་ཏུ་བསླེབས།

ཕྱོགས་བསྡུས་སྟོབས་ཤུགས་ཐད་ནས་ཐོལ་བརྒལ་ཅན་གྱི་འཕེལ་རྒྱས་བླངས་བ།

དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམ་བསགས་བྱས་ན་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དགུ་བཏང་སྟེ། མི་འབུམ་བཞི་དང་ཁྲི་བཞི་ཡི་དབུལ་ཐར་གནད་དོན་ཐག་བཅད། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྔ་གཞུག་ཏུ་སྡེ་བ་རིམ་པའི་འཆར་འགོད་བཞི་བརྒྱ་དགུ་བཅུ་འགྲུབ་པ་དང་། སྡེ་བ་སོ་གཉིས་ནས་ཞིང་སྡེ་གསར་བའི་འཛུགས་སྐྲུན་དང་སྡེ་བ་རེ་གཉིས་ནས“གཅིག་བསྡུས་གསུམ”གྱི་ཚོད་ལྟ་བྱས་ཏེ། ཁོར་ཡུག་མཛེས་པའི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་རིམ་བཞིན་མངོན་དུ་བསྒྱུར།

“བཟོ་ལས་ལ་བརྟེན་ནས་གྲོང་ཁྱེར་འཕེལ་རྒྱས་སུ་གཏོང་བའི”འཐབ་ཇུས་རྒྱུན་འཁྱོངས་བྱས་ཤིང་། བཟོ་ལས་ཅན་གསར་བའི་བགྲོད་ལམ་དུ་བསྐྱོད་ཅི་ཐུབ་བྱས་ཏེ་རྒྱུན་ཆད་མེད་པར་བཟོ་ལས་ར་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། ནུས་ཤུགས་གང་ཡོད་བཏོན་ནས་བཟོ་ལས་ར་བའི་དཔལ་འབྱོར་ཧྲག་སྡེབ་དང་མཐོར་འདེགས། འཕེལ་རྒྱས་བཅས་བྱས་པས། བཟོ་ལས་ར་བའི་ཕྱོགས་བསྡུས་ཆ་སྡེབ་དང་ཞབས་ཞུའི་ནུས་པ་སྔར་ལས་ཇེ་ཆེར་བཏང་། རྒྱུན་ཆད་མེད་པར་བཟོ་ལས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལག་རྩལ་འདུས་ཚད་མཐོ་ལ་ལས་ཞུགས་མི་གྲངས་མང་བའི་བཟོ་ལས་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱས། ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཅི་ཐུབ་བྱས་ཤིང་རྐང་བྱེད་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་པས། གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤུས་ཀ་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་སྟེ་འདེགས་སྐྱོར་གྱི་ནུས་པ་སྔར་ལས་ཇེ་ཆེར་གྱུར།

སྲོལ་རྒྱུན་ཞབས་ཞུ་ལས་རིགས་བསྒྱུར་བཀོད་དང་ཇེ་མཐོར་བཏང་ཞིང་དེང་རབས་ཞབས་ཞུ་ལས་རིགས་གསོ་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བས། ཐོན་ལས་གསུམ་པའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། འཛད་སྤྱོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ཞིང་དེང་རབས་དངོས་རྫས་འཁོར་རྒྱུག་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་། ཁྱད་ཆོས་ལྡན་པའི་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྤུས་ཀ་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཞིང་། འགྲེམ་སྟོན་དཔལ་འབྱོར་ཐད་གྲུབ་འབྲས་མངོན་གསལ་ཐོབ་སྟེ། གཅིག་རྗེས་གཉིས་མཐུད་དུ“མཚོ་སྔོན་དཔལ་འབྱོར་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ”དང“དབྱི་སི་ལན་ཟས་རིགས་བཤམས་སྟོན་ཚོགས་འདུ།”“བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ”སོགས་འགྲེམ་སྟོན་ཆེ་གྲས་བསྡུས་ཤིང་འགྲེམ་སྟོན་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་།

ཧེ་ཧུའུ་ཁུལ་གསར་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་ཏེ། སྐྱེ་ཁམས་བཟང་ཞིང་མིའི་འཚོ་སྡོད་ལ་འཚམ་པ། དུས་རབས་ཀྱི་ཁྱད་ཆོས་ལྡན་པ། མི་ཆོས་སྣང་ཚུལ་གྱིས་ཁེངས་པ་བཅས་ཀྱི་ཁུལ་གསར་ཞིག་ཚང་མའི་མིག་ལམ་དུ་ངོམ། གྲོང་ཁྱེར་གྱི་བགྲོད་ལམ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་བགྲོད་ལམ་གང་མང་གསར་དུ་ལས་པ་དང་གྲོང་ཁྱེར་དོ་དམ་སྒྲིག་བཀོད་འཛུགས་སྐྲུན་ཐད་སྔར་ལས་ཀྱང་ཤུགས་བསྣན། སྔ་གཞུག་ཏུ་ཁང་བ་རྙིང་བ་དང་ཉེན་ཁ་ཡོད་པའི་ཁང་བ་རྒྱ་ཁྱོན་མུས་གྲུ་བཞི་མ་ས་ཡ་བདུན་དང་འབུམ་གཉིས་ཁྲི་བཞི་བཤིག་པ་དང་། ཁང་གཞིས་གསར་སྤེལ་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། ཁོར་ཡུག་མཛེས་ལ་སྒྲིག་བཀོད་ཀྱང་ཆ་ཚང་ཡིན་པའི་སྡོད་ཁུལ་ཆུང་བ་སྐོར་ཞིག་ལས་ནས་འགྲུབ།

དམངས་འཚོའི་ཐད་མ་དངུལ་གཏང་ཤུགས་ཉིན་ལྟར་ཆེ་རུ་གྱུར་བ།

ཟི་ལིང་གྲོང་ཁྱེར་གྱིས“ནོར་སྲིད་ཆུང་བས་དམངས་འཚོ་ཆེན་པོར”འདེགས་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུ་ཐད་བཏང་བའི་མ་དངུལ་དེས་ནོར་སྲིད་སྤྱིའི་འགྲོ་སྒོའི་བརྒྱ་ཆའི་བརྒྱད་ཅུ་ཡན་ཟིན། རིགས་སོ་སོའི་སློབ་གྲྭའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་བ་དང་ཁྱབ་སྟངས་ཉིན་རེ་བཞིན་ལུགས་དང་མཐུན་པར་གྱུར། “ཕལ་ཆེར་གཉིས”ཀྱི་གྲུབ་འབྲས་སྔར་ལས་ཀྱང་སྲ་བརྟན་དུ་བཏང་། རྒྱང་བསྒྲགས་དང་བརྙན་འཕྲིན“སྡེ་བ་རེ་རེར་འཐེན་པའི”བཟོ་འགོད་ཕྱོགས་ཡོངས་ནས་འགྲུབ་པ་དང་། “ཞང་རེ་རེར་རིག་གནས་ས་ཚིགས་ཡོད་པའི”དམིགས་འབེན་མངོན་དུ་བསྒྱུར། སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ཞིང་། མཁར་གྲོང་གི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་དང་སྨན་བཅོས་ཆ་རྐྱེན་སྔར་ལས་ལེགས་བཅོས་མངོན་གསལ་བྱུང་།

རིག་གནས་དང་གནས་སྐོར་ལས་དོན་ལ་དར་རྒྱས་གོང་འཕེལ་བྱུང་བ།

ཟི་ལིང་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ལོ་རྒྱུས་དང་རིག་གནས། གནས་སྐོར་བཅས་ཀྱི་ཐོན་ཁུངས་ལ་བརྟེན་ནས་རིག་གནས་དང་གནས་སྐོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་བ་མངོན་དུ་བསྒྱུར། གནས་སྐོར་རྨང་གཞིའི་ཆ་སྡེབ་སྒྲིག་བཀོད་ཉིན་རེ་བཞིན་ཆ་ཚང་དུ་བཏང་ཞིང་། རིག་གནས་གནས་སྐོར་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་། གནས་སྐོར་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། གནས་སྐོར་སྣེ་ལེན་ཞབས་ཞུའི་ཆུ་ཚད་དང་ཕྱོགས་བསྡུས་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་བས། ཟི་ལིང་གི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་གོང་དུ་སྤེལ་བར་སྐུལ་འདེད་ནུས་ལྡན་བྱས། ད་ལྟ་ཟི་ལིང་གྲོང་ཁྱེར་དུ་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་འགའ་ཡོད་པ་དང་། སྟོང་སྐོར་གནའ་མཁར་དང་སྐུ་འབུམ་བོད་ཀྱི་རིག་གནས་བཤམས་སྟོན་ཁང་། མཚོ་བོད་ལམ་རྒྱུད་ཀྱི་རྡོ་བརྐོས་རིག་གནས་ཁྱམས་རིང་། ཉི་ཟླ་རི་བོའི་ལྗོངས་ཁུལ་སོགས་རིག་གནས་གནས་སྐོར་གྱི་ལྷང་ངེ་ས་མང་པོ་ཡོད། ཕུན་སུམ་ཚོགས་པའི་རིག་གནས་གནས་སྐོར་ཐོན་ཁུངས་དེ་དག་གིས་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་གནས་སྐོར་པར་དབྱར་བསིལ་གྲོང་ཁྱེར་ཟི་ལིང་གི་ལོ་རྒྱུས་རིག་གནས་དང་། མི་རིགས་གོམས་སྲོལ། རང་བྱུང་མཛེས་ལྗོངས་བཅས་མྱངས་སུ་བཅུག་པས། “དབྱར་བསིལ་གྲོང་ཁྱེར”གྱི་སྙན་གྲགས་དེ་རྒྱལ་ཡོངས་སུ་ཉིན་རེ་བཞིན་ཇེ་ཆེ་ནས་ཇེ་ཆེར་ཁྱབ་པ་རེད།

སྐྱེ་ཁམས་འཛུགས་སྐྲུན་ཐད་ནས་ཟི་ལིང་གི་ཁྱད་ཆོས་མངོན་པ།

ཟི་ལིང་གྲོང་ཁྱེར་གྱིས་མཐོ་སྒང་གི་རི་ཆུ་འཛོམས་པའི་སྐྱེད་ཚལ་ལྟ་བུའི་གྲོང་ཁྱེར་ཞིག་འཛུགས་རྒྱུ་དེ་དམིགས་འབེན་བྱས་ཏེ། གྲོང་ཁྱེར་ནང་ཁུལ་ནས་ལྗང་བསྒྱུར་བྱེད་པ་གཙོ་བོ་དང་ལྷོ་བྱང་གི་རི་བོ་གཉིས་ལྗང་བསྒྱུར་བྱས་ཏེ་བཀག་དངོས་བྱེད་པ། ཉེ་འདབས་རྫོང་གི་སྐྱེ་ཁམས་ཁོར་ཡུག་མཛེས་བསྒྱུར་བྱེད་པ་བཅས་སྐྱེ་ཁམས་བཟང་ཞིང་མི་འཚོ་སྡོད་བྱེད་པར་འཚམ་པའི་མཐོ་སྒང་གི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བས། ས་ཁོངས་རང་བཞིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་བའི་རྣམ་པ་ཞིག་མངོན། “རྒྱལ་ཁབ་ཀྱི་གཙང་དག་གྲོང་ཁྱེར”ཞེས་པའི་མཚན་སྙན་ཐོབ་པ་དང་། ཁོར་ཡུག་སྲུང་སྐྱོང་ཐད་ཕན་འབྲས་མངོན་གསལ་བླངས་ཏེ། “ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་གི་མིག་དཔེ་གྲོང་ཁྱེར”ཞེས་པའི་མཚན་སྙན་ཐོབ། མིག་སྔར“རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་མིག་དཔེ་གྲོང་ཁྱེར”འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།

ཏང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་བ།

ཏང་གི་སྲིད་སྐྱོང་ནུས་པ་ཇེ་དྲག་ཏུ་གཏོང་བ་གནད་སར་བཞག་སྟེ་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་སྤེལ་ཅི་ཐུབ་བྱས་པས། ཏང་གི་ཆབ་སྲིད་ལེགས་ཆ་དེ་ཟི་ལིང་གྲོང་ཁྱེར་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འབྱུང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྔར་ལས་ཀྱང་ཤུགས་བསྣན་པས། རྒྱ་ཆེའི་ལས་བྱེད་པ་དང་རིགས་སོ་སོའི་འཇོན་མིར་ལས་གནས་བསྐྲུན་པའི་གོ་སྐབས་ཡོད་པ་དང་བྱ་བ་བསྒྲུབས་ཡོད་པའི་ཉམས་སྣང་དང་ཆ་རྐྱེན་བཟང་བོ་བསྐྲུན་པ་རེད། ལོ་བསྟུད་མར་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ་བར་མ་ཟད་བྱ་འགུལ་སྤེལ་བའི་བྱེད་སྟངས་གསར་གཏོད་བྱས་པས། ཚན་རིག་དང་མཐུན་པར་ཏང་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱུང་། ཁྱོན་ཡོངས་ནས་མགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་རང་གཅུན་བྱ་དགོས་པའི་བྱ་བར་དམ་འཛིན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པོའི་ངང་འཕེལ་བར་ཆབ་སྲིད་དང་སྒྲིག་ཁྲིམས་སྟེང་ནས་འགན་སྲུང་བྱས།

གོང་མ།:null
འོག་མ།:མཚོ་སྔོན་ཞིང་ཆེན་གྱིས་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་ནས་དཀའ་ཁག་ཆེ་བའི་མང་ཚོགས་འབུམ་དྲུག་ཁྲི་གཉིས་སྟོང་བདུན་ལ་ཕན་བཏགས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་རིག་གནས་བརྗེ་རེས་ཀྱི&  
འགྱོད་སེམས་མེད་པར་ཧུར་ཐག་བྱས&  
དཀའ་སྡུག་ཕྲག་ཏུ་བླངས་ནས་ཁྱིམ&  
སློབ་མ་དང་ཁྱིམ་བདག་ཡིད་ཆེས་པ'  
རྩེ་ཁོག་རྫོང་གི་ཧོས་རིགས་སྨན&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
སྤོབས་པ་ཆེན་པོས་འཕེལ་རྒྱས་ཀྱ'  
མཚོ་སྔོན་ཞིང་ཆེན་གྱིས་ཆེས་དམ'  
ཐིན་ཏེ་རྫོང་གིས་ཞབས་ཞུའི་ལས་'  
མཚོ་ནུབ་ཁུལ་ནང་བསྟན་ཆོས་ལུགས&  
དམངས་འཚོ་བཟོ་སྐྲུན་གྱིས་དམངས&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།