མཚོ་སྔོན་ཞིང་ཆེན་གྱིས་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་ནས་དཀའ་ཁག་ཆེ་བའི་མང་ཚོགས་འབུམ་དྲུག་ཁྲི་གཉིས་སྟོང་བདུན་ལ་ཕན་བཏགས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-14   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

ཟླ་བདུན་པའི་ཚེས་བཅུ་ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་ཤེས་གསལ་ལྟར་ན། ཟླ་བདུན་པའི་ཚེས་བརྒྱད་ཉིན་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་གཏོང་རྒྱུ་སྙོམ་སྒྲིག་བྱེད་པའི་སྐོར་གྱི་བརྡ་ཐོ་བཀྲམ་པ་དང་། ཡང་བསྐྱར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་བ་ལས། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཆེ་བའི་མི་འབུམ་དྲུག་དང་ཁྲི་གཉིས་སྟོང་བདུན་ལ་ཕན་ཆེན་པོ་བཏགས། མིག་སྔའི་བར་དུ། རང་ཞིང་གིས་བསྟུད་མར་ལོ་དྲུག་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་།

ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་སུ་མ་མཐའི་འཚོ་བའི་འགན་སྲུང་ལེན་བཞིན་པའི་མི་ཁྱོན་བསྡོམས་པས་འབུམ་དྲུག་དང་ཁྲི་གཉིས་སྟོང་བདུན་ཡོད། དེའི་ཁྲོད་གྲོང་ཁྱེར་དུ་མ་མཐའི་འཚོ་བའི་འགན་སྲུང་ལེན་བཞིན་པའི་མི་འབུམ་གཉིས་དང་ཁྲི་གཉིས་སྟོང་བཞི་དང་། ཞིང་སྡེ་རུ་མི་འབུམ་བཞི་དང་སྟོང་གསུམ་ཡོད། ཐེངས་འདིར་ཚད་གཞི་ཇེ་མཐོར་བཏང་བའི་ཁྲོད་འགན་སྲུང་བྱ་ཡུལ་ཇེ་མང་ལ་གཏོང་རྒྱུ་མིན་པ་དང་། མཐའ་འཁོབ་ས་ཁུལ་དུ་སྡོད་པའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་དང་། གནས་སྐབས་རོགས་སྐྱོར་སྲིད་ཇུས་བརྒྱུད་ནས་རོགས་སྐྱོར་བྱེད་བཞིན་པའི་མི། གྲོང་ཁྱེར་དང་ཞིང་སྡེ་ཡི་མ་མཐའི་འཚོ་བའི་འགན་སྲུང་ལེན་བཞིན་པའི་མི་རེར་ཟླ་རེར་སོ་སོར་སྒོར་ཉི་ཤུ་ནས་སྒོར་བཅུ་ཇེ་མང་ལ་བཏང་ཡོད་པ་དང་། ཇེ་མཐོར་བཏང་རྗེས་མི་རེར་ཟླ་རེར་སྒོར་སུམ་བརྒྱ་ལྔ་བཅུ་ནས་བརྒྱ་དང་བརྒྱད་ཅུ་རེད། ཚད་གཞི་འདི་ཉིས་སྟོང་བཅུ་བཞི་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས།

ས་ཁུལ་ལྟར་དབྱེ་བ་ཕྱེ་ན། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ་གྱི་མ་མཐའི་འཚོ་བའི་ཚད་གཞི་ནི་སྒོར་སུམ་བརྒྱ་ང་གསུམ་ཡིན་ལ། མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གྱི་ཚད་གཞི་ནི་སྒོར་སུམ་བརྒྱ་ཞེ་གསུམ། མཚོ་ཤར་གྲོང་ཁྱེར་གྱི་ཚད་གཞི་སྒོར་སུམ་བརྒྱ་སོ་བརྒྱད། རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ།ཡུལ་ཤུལ་ཁུལ་བཅས་ཀྱི་ཚད་གཞི་ནི་སྒོར་སུམ་བརྒྱ་ང་བརྒྱད་རེད། ཞིང་སྡེ་ཡི་མ་མཐའི་འཚོ་བའི་ཚད་གཞི་ནི། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སྒོར་བརྒྱ་དང་དོན་ལྔ་ལྷག་ཡིན་ལ། མཚོ་ལྷོ་ཁུལ་དང་། མཚོ་བྱང་ཁུལ། མཚོ་ནུབ་ཁུལབཅས་གྱི་མ་མཐའི་འཚོ་བའི་འགན་སྲུང་ནི་སྒོར་བརྒྱ་དང་གྱ་ལྔ། རྨ་ལྷོ་ཁུལ་དང་། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ་བཅས་ཀྱི་མ་མཐའ་འཚོ་བའི་འགན་སྲུང་ནི་སྒོར་བརྒྱ་དང་དགུ་བཅུ། ཐེངས་འདིའི་མ་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་བ་ལས་ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་ནོར་སྲིད་ཀྱིས་སྡུར་ཚད་ལྟར་འགན་ལེན་བྱེད་དགོས། བསྡོམས་རྩིས་བྱས་པ་ལྟར་ན། གསར་དུ་ཁ་སྣོན་བྱས་པའི་གྲོང་ཁྱེར་དང་ཞང་གི་མ་མཐའི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་གཏོང་དགོས་ལ། དེའི་ཁྲོད་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཅིག་འབུམ་དྲུག་གཏོང་རྒྱུ་ཡིན་པ་དང་། ཁུལ་དང་རྫོང་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་གཏོང་དགོས། 

གོང་མ།:null
འོག་མ།:ཐིན་ཏེ་རྫོང་གིས་ཞབས་ཞུའི་ལས་རིགས་ཐད་ནས་ཞིབ་བཤེར་དང་བཅོས་སྒྱུར་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་རིག་གནས་བརྗེ་རེས་ཀྱི&  
འགྱོད་སེམས་མེད་པར་ཧུར་ཐག་བྱས&  
དཀའ་སྡུག་ཕྲག་ཏུ་བླངས་ནས་ཁྱིམ&  
སློབ་མ་དང་ཁྱིམ་བདག་ཡིད་ཆེས་པ'  
རྩེ་ཁོག་རྫོང་གི་ཧོས་རིགས་སྨན&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱིས་ཆེས་དམ'  
ཐིན་ཏེ་རྫོང་གིས་ཞབས་ཞུའི་ལས་'  
མཚོ་ནུབ་ཁུལ་ནང་བསྟན་ཆོས་ལུགས&  
དམངས་འཚོ་བཟོ་སྐྲུན་གྱིས་དམངས&  
མཚོ་ལྷོ་ཁུལ་གྱིས་ས་ཞིང་གསར་ས(  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།