མཚོ་ནུབ་ཁུལ་ནང་བསྟན་ཆོས་ལུགས་དགོན་སྡེ་ཁག་གིས་ཁུལ་སྟོན་བསུ་བའི་ལྒང་ལི་འགྲན་སྡུར་བྱ་འགུལ་སྤེལ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-14   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཡར་སྐུལ་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་བྱེད་ཆེད། ཟླ༧པའི་ཚེས༩ཉིན་གྱི་སྔ་དྲོར། མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་བསྒྲུབས་པའི་མཚོ་ནུབ་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེ་ཁག་གི་ཁུལ་སྟོན་བསུ་ཞིང་འཆམ་མཐུན་སྐུལ་བའི་ལྒང་ལི་འགྲན་སྡུར་བྱ་འགུལ་དེ་མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ།

མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཐད་གཏོགས་ལས་ཁུངས། གྲོང་ཁྱེར་དང་རྫོང་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་མཛད་སྒོར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གིས་མཛད་སྒོའི་སྟེང་གཏམ་བཤད་གལ་ཆེན་གནང་། ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དམངས་ཕན་སྲིད་ཇུས་སོ་སོ་ལག་ལེན་དོན་འཁྱོལ་བྱས། གཅིག་ནས་གྲངས་ཉུང་མི་རིགས་དང་ཞིང་ཕྱུགས་ས་ཁུལ་གྱི་རོགས་སྐྱོར་ནུས་ཤུགས་ཇེ་ཆེར་གཏོང་བ་དང་།  གཉིས་ནས་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཁེ་དབང་ལ་ཁག་ཐེག་བྱེད་པ།  གསུམ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པ།  བཞི་ནས་མི་རིགས་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱས་ཏེ་རྒྱ་ཆེ་བའི་གྲངས་ཉུང་མི་རིགས་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་ཤེས་སུ་བཅུག

ཁོས་ལུས་རྩལ་པ་ཡོངས་ཀྱིས་ཕན་ཚུན་བར་མཐུན་སྒྲིལ་དང་མཉམ་འབྲེལ་སྒོས་འགྲན་སྡུར་བྱེད་པ།  མཉམ་དུ་ཧུར་བརྩོན་བྱས་ཏེ་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པ་ཡིན་པའི་འགྲན་སྡུར་གྱི་སྙིང་སྟོབས་བསྐྱེད་དགོས་པ་དང་དུས་མཚུངས་སུ་ཤན་འབྱེད་པ་རྣམས་ཀྱིས་འགན་འཁྲི་གཙང་ལེན་དང་བདེན་པ་བདེན་དྲང་གིས་འགྲན་སྡུར་བདེ་བླག་ངང་སྤེལ་ཐུབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

ཐེངས་འདིའི་འགྲན་སྡུར་ཁྲོད་གྲོང་ཁྱེར་གཅིག་དང་རྫོང་གསུམ་གྱི་འགྲན་ཞུགས་རུ་ཁག་དགུ་ཡོད་པ་དང་འགྲན་ཞུགས་ལུས་རྩལ་པ༤༠ལྷག་ཡོད། ཁོ་ཚོའི་མཐུན་སྒྲིལ་དང་མཛའ་བརྩེ་དང་པོ་ཡིན་པ་དང་། འགྲན་ཞུགས་དང་འགྲན་སྡུར་གཉིས་པ་ཡིན་པའི་འགྲན་སྡུར་གྱི་བླ་མེད་གཤིས་སྤྱོད་ཀྱིས་མཚོ་ནུབ་ཁུལ་གྱི་དགོན་སྡེའི་གྲྭ་བཙུན་རྣམས་ཀྱི་ཧུར་བརྩོན་ཡར་སེམས་དང་དུས་རབས་ཀྱི་སྙིང་སྟོབས་མངོན་པར་མཚོན་ཡོད་པར་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་ཡར་སྐུལ་སྔོན་ཐོན་ས་ཁུལ་མཉམ་སྐྲུན་བྱེད་པར་སྐུལ་འདེད་བྱས།

མཇུག་མཐར་འགྲན་ཞུགས་རུ་ཁག་རྣམས་ཀྱི་ཉིན་གཅིག་རིང་གི་འགྲན་སྡུར་ཁྲོད་ཏུའུ་ལན་རྫོང་ལུང་དམར་དགོན་པའི་འཐུས་ཚབ་རུ་ཁག་ཀ་བར་ཨང་དང་པོ་ཐོབ་པ་དང་ཐེམ་ཆེན་རྫོང་བྲ་ཚ་དགོན་པའི་འཐུས་ཚབ་རུ་ཁག་ཁ་བར་ཨང་གཉིས་པ་ཐོབ། གཏེར་ལེན་ཁ་གྲོང་ཁྱེར་ཡས་ཁུ་སུང་དགོན་པའི་འཐུས་ཚབ་རུ་ཁག་དང་ཐེམ་ཆེན་རྫོང་བྲ་ཚ་དགོན་པའི་འཐུས་ཚབ་རུ་ཁག་ཀ་བར་ཨང་གསུམ་པ་ཐོབ།

གོང་མ།:null
འོག་མ།:དམངས་འཚོ་བཟོ་སྐྲུན་གྱིས་དམངས་ཀྱི་བདེ་སྐྱིད་ཀྱི་ཚད་ཇེ་མཐོར་བཏང་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་རིག་གནས་བརྗེ་རེས་ཀྱི&  
འགྱོད་སེམས་མེད་པར་ཧུར་ཐག་བྱས&  
དཀའ་སྡུག་ཕྲག་ཏུ་བླངས་ནས་ཁྱིམ&  
སློབ་མ་དང་ཁྱིམ་བདག་ཡིད་ཆེས་པ'  
རྩེ་ཁོག་རྫོང་གི་ཧོས་རིགས་སྨན&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་ནུབ་ཁུལ་ནང་བསྟན་ཆོས་ལུགས&  
དམངས་འཚོ་བཟོ་སྐྲུན་གྱིས་དམངས&  
མཚོ་ལྷོ་ཁུལ་གྱིས་ས་ཞིང་གསར་ས(  
མཚོ་སྔོན་ཞིང་ཆེན་གྱི་རོང་འབྲ'  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།