དམངས་འཚོ་བཟོ་སྐྲུན་གྱིས་དམངས་ཀྱི་བདེ་སྐྱིད་ཀྱི་ཚད་ཇེ་མཐོར་བཏང་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-10   རྩོམ་གྱི་ཡོང་ཁུངས།

ཉིས་སྟོང་ལྔ་ལོར་ལག་བསྟར་བྱས་པའི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་དང་འཛུགས་སྐྲུན་སྤྱིའི་འཆར་འགོད་ཁྲོད་གཏན་ཁེལ་གསལ་བོ་བྱས་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ནུས་པ་སླར་གསོ་བྱས་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་དང་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བ། རོང་འབྲོག་པའི་འཚོ་བའི་ཆུ་ཚད་འབྱོར་འབྲིང་གི་ཚད་དུ་སླེབས་པའི་དམིགས་འབེན་ཆེན་པོ་གསུམ་ལ་ཡར་སྐུལ་བྱས། གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་ནི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དེ་གོ་སྐབས་སུ་བཟུང་ནས། ཆེས་མཐའ་མཇུག་གི་རྐང་ཚུགས་ས་ནི་གཙང་གསུམ་འབྱུང་ཡུལ་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་གནད་དོན་ལ་ལེགས་བཅོས་བྱས་ཏེ། མུ་མཐུད་དུ་ལས་གཞིའི་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་དང་། ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་དང་འཆམ་མཐུན་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱས།

གཙང་གསུམ་འབྱུང་ཡུལ་ནི་མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་མང་ཆེ་བར་ཁྱབ་ཡོད་པ་དང་། དེ་ལ་ལོ་རྒྱུས་དང་རང་བྱུང་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་ཧ་ཅང་དལ། གནས་ས་མཐོ་སྒང་ཡིན་པ་དང་། ས་ཁོངས་རྒྱ་ཆེ་བས། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་གཞུང་ལམ་དང་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་ཆས་ཀྱང་རྗེས་སུ་ལུས་ཡོད།

མི་མང་པོའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ། འབྲོག་ཁུལ་དུ་ཕར་འགྲོ་ཚུར་འོང་བྱེད་ན། ས་ཐག་རིང་ཞིང་ཆ་རྐྱེན་ཞན་པར་མ་ཟད། བགྲོད་ལམ་དཀའ་ཚེགས་ཆེ་བ་སོགས་ནི་མི་མང་པོས་བསམ་ཡུལ་ལས་འདས་པ་ཞིག་རེད། ཐོན་ལས་ཁེར་རྐྱང་ཡིན་པ་དང་། དཔལ་འབྱོར་རྗེས་ལུས་ཀྱི་སྣང་ཚུལ་ནི་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་དུ་དུས་ཡུན་རིང་བོར་གནས་པའི་གནད་དོན་ཞིག་དང་བསྒྱུར་དཀའ་བའི་སྣང་ཚུལ་ཞིག་ཡིན་ལ། སྲིད་གཞུང་གི་ནོར་སྲིད་ཡོང་སྒོ་ཉུང་བ་དང་། མང་ཚོགས་ལ་ངལ་རྩོལ་ཡོང་སྒོ་བསྐྲུན་པའི་ཐབས་ལམ་ཉུང་བ། དེའི་ཁར་ཁངས་གནོད་དང་ཐན་སྐམ་སོགས་རང་བྱུང་གནོད་འཚེ་མང་པོ་རྒྱུན་དུ་འབྱུང་བཞིན་པ་དང་། ཕྱུགས་ཟོག་མེད་པའི་ཁྱིམ་ཚང་དང་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་བསྡུར་ཚད་དེ་ས་ཁུལ་གཞན་པ་ལས་ཅུང་མཐོ། དཔལ་འབྱོར་རྗེས་ལུས་ཀྱི་རྣམ་པས་ཀྱང་གཙང་གསུམ་འབྱུང་ཡུལ་གྱི་མཁར་གྲོང་འཛུགས་སྐྲུན་དང་། མི་ཕྱུགས་ཀྱི་འཐུང་ཆུ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྗེས་སུ་ལུས་རུ་བཅུག་ཡོད།

མཚོ་སྔོན་ལྷོ་ཕྱོགས་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ནི་མ་དངུལ་གྱི་མིག་འདང་བ་དེ་རེད། འདི་ནི་དུས་ཡུན་རིང་བོར་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་ལས་བྱེད་པ་ཚོའི་ཐུན་མོང་གི་ངོས་ཟིན་རེད། ཁོ་ཚོས་ལྟོས་ན། ཀྲུང་གོ་གསར་བ་བཙུགས་པ་ནས་བཟུང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། རྒྱལ་ཁབ་ཀྱིས་མཚོ་སྔོན་ལྷོ་ཕྱོགས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ལམ་དངུལ་མང་པོ་བཏང་སྟེ། ཚད་ངེས་ཅན་ཞིག་གི་སྟེང་ནས་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་པའི་བར་གྱི་བར་ཐག་ཇེ་ཆུང་དུ་བཏང་། ཡིན་ནའང་། ཁོར་ཡུག་གི་ཚོད་འཛིན་དང་ཐོན་ལས་གཅིག་རྐྱང་ཡིན་པ། ས་ཁུལ་གྱི་ནོར་སྲིད་ཡོང་སྒོ་ཞན་པ། གཞི་ཁྱོན་ཆེན་པོའི་སྒོ་ནས་འཛུགས་སྐྲུན་བྱེད་དཀའ་བ། ལྷག་པར་དུ་མང་ཚོགས་ལ་ཕན་པའི་དམངས་འཚོ་བཟོ་སྐྲུན་དེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ནོར་སྲིད་ལ་རྒྱབ་རྟེན་བྱས་ཡོད་པས། མ་དངུལ་ཅི་ཙམ་ཡོད་ན་དེ་ཙམ་ལས་བཞིན་ཡོད། ཁུལ་དང་རྫོང་གི་འགོ་ཁྲིད་པས་གསར་འགོད་པར་བཤད་པ་ལྟར་ན། མང་ཚོགས་ལ་ཕན་པའི་ལས་ཀ་མང་པོ་ཞིག་སྒྲུབ་འདོད་ཀྱང་མ་དངུལ་སོགས་ཀྱི་རྒྱབ་སྐྱོར་ཀྱིས་འདང་ཀིན་མེད་ཟེར།

གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པ་དེས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱིས་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་བསུས་ཡོང་། སྒོར་མོ་ཐེར་འབུམ་བདུན་དང་དུང་ཕྱུར་ལྔ་བཏང་ནས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ཐད་ལ་བཏང་བ་དང་། མང་ཚོགས་ཁྲི་འགའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ལ། ས་དེའི་མང་ཚོགས་ཀྱི་ཐོན་སྐྱེད་རྣམ་པ་བསྒྱུར་བར་རོགས་རམ་བྱས་ནས། རིམ་བཞིན་ཐོ་ལས་ཅན་དུ་འཕེལ་བ་དང་། འཁོར་བསྐྱོད་བྱེད་པ་བཟང་བ། ཡོང་སྒོ་འཕར་སྣོན་ཡོང་བའི་དེང་རབས་ཅན་གྱི་མཐོ་སྒང་གི་ཕྱུགས་ལས་ལམ་བུའི་ཕྱོགས་སུ་བསྐྱོད།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྤྱིའི་འཆར་འགོད་ཁྲོད། དུས་རིམ་དང་པོའི་ཕྱུགས་བསྐྱུར་རྩྭ་འདེབས་ལས་འགན་ནི་ས་མུའུ་བྱེ་བ་དགུ་དང་ས་ཡ་དྲུག་འབུམ་ལནྔ་ཁྲི་བརྒྱད་ལྷག་ཡིན་པ་དང་། དེའི་ཐད་སྡོམ་པས་མ་དངུལ་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་ལྷག་བཏང་། ཕྱུགས་བསྐྱུར་རྩྭ་འདེབས་ནི་སྐྱེ་ཁམས་ཉམས་ཞན་དུ་འགྱུར་བའི་ས་ཁུལ་གྱི་ཕྱུགས་ལས་ཐོན་སྐྱེད་གནས་སྐབས་སུ་མཚམས་བཞག་སྟེ། གནས་འདི་ན་འཚོ་བའི་འབྲེོག་པ་མང་ཚོགས་མཁར་གྲོང་གི་ཐག་ཉེ་ས་རུ་གནས་སྤོར་དུ་བཅུག་ནས། སྲིད་གཞུང་གིས་སྡོད་ཁང་དང་ཐོན་སྐྱེད་འཚོ་བའི་མ་དངུལ་ངེས་ཅན་ཞིག་བྱིན་ཏེ། ཐོན་ལས་བསྒྱུར་ནས་ལས་སྐྲུན་བྱེད་དུ་བཅུག ཕྱུགས་འཚོ་མཚམས་བཞག་པའི་རྩྭ་སའི་སྟེང་དུ་སྔར་གྱི་རྣམ་པ་སླར་གསོ་བྱེད་ཐུབ་པ་བྱུང་།

དང་ཐོག འབྲོག་པ་མང་པོ་ཞིག་གིས་དེ་གང་འདྲ་ཞིག་ཡིན་པ་རྒྱུས་ལོན་བྱེད་ཐུབ་ཀྱིན་མེད། ལས་བྱེད་པ་ཚོས་ཀྱང་འབྲོག་པ་རྣམས་སྲིད་གཞུང་གིས་བསྐྲུན་པའི་སྡོད་ཁང་ནང་བསྡད་དེ་ལོ་རེར་སྲིད་གཞུང་གི་ཁ་གསབ་མ་དངུལ་ལེན་བཞིན་ཡོད་ཀྱང་། རྩྭ་ཐང་དང་ཁ་བྲལ་ནས། མི་རབས་ནས་མི་རབས་བར་བརྒྱུད་མྱོང་བའི་ཕྱུགས་ལས་འཚོ་བ་བསྐྱུར་ན། ཁོ་ཚོའི་རྗེས་ཕྱོགས་ཀྱི་འཚོ་བའི་རྟེན་ས་གང་དུ་ཡོད་ཞེས་སེམས་ཁུར་ཆེན་པོ་བྱེད་བཞིན་འདུག

ལོ་ངོ་བརྒྱད་ཀྱི་དུས་ཡུན་སྐད་ཅིག་ངང་འདས་སོང་། གཙང་གསུམ་འབྱུང་ཡུལ་དུ་སོང་ན་ང་ཚོས་ག་ས་གང་དུ་མཐོང་ཐུབ་པ་ནི་ཡངས་པའི་ས་གཞི་འདིའི་སྟེང་གི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་དེ་རེད། ཁོད་སྙོམས་པའི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་འཐེན་ཡོད་ལ། ཡུལ་ཐག་ཆེས་རིང་བོའི་ཞང་དང་གྲོང་རྡལ་ལའང་གཞུང་ལམ་ལས་ཡོད། བཅར་འདྲི་བྱེད་སྐབས་ཞང་གི་ལས་བྱེད་པས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་ཁྲོད་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་མེད་ལ། འགྲིམ་འགྲུལ་སྡེ་ཁག་གིས་སྐྱེ་ཁམས་བཟོ་སྐྲུན་ལ་ཡར་སྐུལ་བྱེད་ཆེད། ལས་གཞི་མང་པོ་བརྩོན་ལེན་བྱས་པ་ཡིན་ཟེར།

ཚང་མས་དོ་སྣང་བྱེད་པ་ཞིག་ནི་ཁུལ་དང་། རྫོང་། ཞང་སྲིད་གཞུང་ཡོད་སའི་གནས་སྤོ་སྡེ་གསར་སོ་སོར་གྲལ་འགྲིག་པའི་སྡོད་ཁང་དང་ར་སྐོར་ལས་ཡོད་པ་དང་། དེའི་ནང་དུ་ཕྱུགས་བསྐྱུར་རྩྭ་འདེབས་བྱས་པའི་འབྲོག་པ་མང་ཚོགས་རྣམས་བསྡད་ཡོད་ལ། ཁོ་ཚོ་རྩྭ་ཆུ་བསྙེགས་ནས་ཕྱུགས་འཚོ་སྐྱོང་བྱེད་པ་ཞིག་ནས་མཁར་གྲོང་གི་སྡོད་དམངས་ཞིག་ཏུ་གྱུར། འདི་ནི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཞིག་རེད། འབྲོག་པ་མང་ཚོགས་རྣམས་གནས་སྤོ་བ་དང་། བྲནཏ་ཆགས་བྱེད་ཐུབ་པ། ཕྱུགས་འགྱུར་གྱི་ལམ་དུ་བགྲོད་ཐུབ་པ་བཅས་ཡོང་ཆེད། ཞིང་ཆེན་ནོར་སྲིད་ཀྱིས་སྔ་གཞུག་ཏུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ལཆེད་དོན་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་ལྷག་དང་། ས་ཉོ་བའི་ཐད་ལ་མ་དངུལ་སྒོར་མོ་བྱེ་བ་བདུན་དང་ས་ཡ་བདུན་འབུམ་གཉིས་ཁྲི་གཅིག་ལྷག་བཏང་བར་མ་ཟད། སྐྱེ་ཁམས་གནས་སྤོ་སྡོད་ཁུལ་གྱི་ཆུ་ཕྱིར་འདོན་པ་དང་། གློག་འདོན་པ། གཞུང་ལམ་ལས་པ། སློབ་གསོ་དང་། འཕྲོད་བསྟེན་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་བྱསཔ་དེས་གནས་སྤོ་འབྲོག་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་ཐོབ། ཉིས་སྟོང་བཅུ་ལོར། ཞིང་ཆེན་སྲིད་གཞུང་གིས་ད་དུང་སྐྱེ་ཁམས་གནས་སྤོ་སྡོད་དམངས་ཀྱི་ལས་སྐྲུན་རོགས་སྐྱོར་མ་དངུལ་བཙུགས་ཏེ། སྐྱེ་ཁམས་གནས་སྤོ་སྡོད་དམངས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལ་ཤུགས་ཆེན་པོས་རོགས་སྐྱོར་བྱས་ཏེ། ལས་གཞི་བཅུ་དྲུག་བཀོད་སྒྲིག་བྱས་ནས། སྐྱེ་ཁམས་གནས་སྤོ་སྡོད་དམངས་ཁྲོད་ཀྱི་ངལ་རྩོལ་པ་སྟོང་གཅིག་དང་དྲུག་བརྒྱ་གྱ་གསུམ་བསྡུ་ལེན་བྱས་པ་དང་། མི་རེའི་ལོ་རེའི་ཡོང་སྒོ་སྒོར་མོ་སྟོང་ལྔ་རེ་འཕར་སྣོན་བྱུང་། དེ་དང་ཆབས་ཅིག སྐྱེ་ཁམས་གནས་སྤོ་སྡོད་དམངས་ཀྱི་རྨང་གཞིའི་འཚོ་བར་འགན་སྲུང་བྱེད་ཆེད། ཉིས་སྟོང་དགུ་ལོ་ནས་ཉིས་སྟོང་བཅུ་གཉིས་ལོའི་བར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོ་སྡོད་དམངས་ཀྱི་འཚོ་བར་དཀའ་ངལ་ཆེ་བ་རྣམས་ལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ལྷག་གིས་ཁ་གསབ་བྱས་པ་དང་། ཉིས་སྟོང་བདུན་ལོ་ནས་ཉིས་སྟོང་བཅུ་གཉིས་ལོའི་བར། འབར་རྫས་ཁ་གསབ་བྱེད་པའི་ཐད་ལ་མ་དངུལ་སྒོར་མོ་བྱེ་བ་དགུ་དང་ས་ཡ་དྲུག་འབུམ་གསུམ་ཁྲི་བདུན་བཏང་།

མཁར་གྲོང་དུ་བསྡད་པས། འབྲོག་པ་མང་ཚོགས་རྣམས་ཀྱི་འཚོ་བར་སྔར་ལས་སྟབས་བདེ་བསྐྲུན་པ་དང་། ཐེངས་རེ་རེའི་བཅར་འདྲིའི་ཁྲོད་དུ། ཁོ་ཚོས་གསར་འགོད་པར་བཤད་རྒྱུར། ད་ལྟའི་ཁང་བའི་ནང་དུ་ཆུ་གློག་ཡོད་པ་དང་། ཁང་བ་དྲོན་པོའང་ཡིན་པས། ཁ་ཆར་བུ་ཡུག་དང་གྲང་རླུང་ལ་སྐྲག་མི་དགོས། བྱིས་པ་ཚོའང་ཐག་ཉེ་ས་ནས་སློབ་གྲྭར་འགྲོ་ཐུབ་པ་དང་། སློབ་གྲྭའི་ཁོར་ཡུག་བཟང་ལ། སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་ཧ་ཅང་བཟང་ཞིང་། རིན་པ་གཅིག་ཀྱང་སྟེར་མི་དགོས། འགྲོ་འདུག་དང་། ནད་ལ་ལྟ་བ། དངོས་པོ་ཉོ་བ་སོགས་ཀྱང་སྔར་ལས་སྟབས་བདེ་རུ་གྱུར་ཡོད། ཁོ་ཚོ་དགའ་སྤྲོ་སྐྱེས་དགོས་པ་ཞིག་ནི་སྲིད་གཞུང་གིས་དུས་ལྟར་འཚོ་བ་སྐྱེལ་བྱེད་ཀྱི་རྨང་གཞིའི་ཁ་གསབ་རིགས་སྣ་ཚོགས་སྟེར་བཞིན་ཡོད་པ་ལས་གཞན། ད་དུང་རིན་མི་དགོས་པར་ངལ་རྩོལ་ནུས་པའི་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག་ནས། ཡང་བསྐྱར་སྲིད་གཞུང་གིས་གསར་དུ་བཙུགས་པའི་ཁེ་ལས་སུ་སོང་ནས་ལས་ཀ་ལས་སུ་བཅུག་པས། ཡོང་སྒོ་སྔར་ལས་ཇེ་མཐོར་སོང་། ད་དུང་གླེང་རིན་ཡོད་པ་ཞིག་ལ་འབྲོག་པ་མང་པོ་ཞིག་མཁར་གྲོང་གི་འཚོ་བར་ལོབས་ནས་ཚོང་ལས་གཉེར་མགོ་བརྩམས་པ་དང་། རང་གི་ཚོང་ཁང་དང་། བྱ་བ་གཉེར་ས། ཁེ་ལས་སོགས་སྒྲུབ་ནས། རང་ཉིད་ཕྱུགས་འགྱུར་གྱི་ལམ་དུ་བསྐྱོད་པར་མ་ཟད། ད་དུང་གནས་སྤོ་མང་ཚོགས་རྣམས་ལའང་ཡོང་སྒོ་འཕར་སྣོན་ཡོང་བའི་ཐབས་ལམ་ཞིག་འདོན་སྤྲོད་བྱས།
གསུམ། ཕྱུགས་ཟོག་གསོ་བའི་འཛུགས་སྐྲུན་ནི་གཙང་གསུམ་འབྱུང་ཡུལ་བཟོ་སྐྲུན་ཁྲོད་ཀྱི་དོན་དངོས་དང་འཚམ་པའི་དམངས་ཕན་བཟོ་སྐྱུན་ཞིག་ཡིན་ལ། ཕྱུགས་འཚོ་མཚམས་བཞག་ནས་གནས་སྤོ་བའི་ས་ཁུལ་ལས་གཞན། ད་དུང་ས་ཁོངས་མང་པོ་དེ་ཕྱུགས་གཏན་ཁེལ་བྱས་ནས་འཚོ་སྐྱོང་བྱེད་པའི་ས་ཁོངས་སུ་གཏོགས། འབྲོག་པ་མང་ཚོགས་རྣམས་ཀྱིས་ཕྱུགས་ཟོག་ཇེ་ཉུང་དུ་སོང་བ་ལས་ཡོང་སྒོར་གནོད་པ་མི་ཐེབས་པར་བྱེད་ཆེད། གཙང་གསུམ་འབྱུང་ཡུལ་གྱི་ལས་གཞིའི་ཁྲོད་ཆེད་དོན་མ་དངུལ་སྒོར་མོ་དུང་ཕྱུར་དགུ་ལ་ཉེ་བ་ཙམ་བླངས་ནས། རྩྭ་ཐང་དུ་བསྡད་དེ་ཕྱུགས་འཚོ་སྐྱོང་བྱེད་པའི་འབྲོག་པ་ཁྱིམ་ཚང་ལ་དྲོད་ཁང་དང་། གཟན་རྩྭ་གསོག་འཇོག་བྱེད་པ། མིས་ཐབས་ཀྱིས་ལས་སྣོན་བྱས་པའི་གཟན་ཆས་རྟེན་གཞི་ཆ་ཚང་སོགས་འཛུགས་སྐྲུན་བྱས། མིག་སྔར། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ཕྱུགལས་འཚོ་སྐྱོང་བྱེད་པའི་ཁྱིམ་ཚང་ཁྲི་གསུམ་ལྷག་ཡོད་པ་དང་། དཔལ་འབྱོར་ཡོང་སྒོ་སྔར་ལས་ཇེ་བཟང་དུ་སོང་ལ། འབྲོག་པ་མང་ཚོགས་འདི་དག་སྔར་གྱི་སྲོལ་རྒྱུན་གྱི་རྩྭ་ཆུ་སྙེགས་ནས་ཕྱུགས་འཚོ་སྐྱོང་བྱེད་པ་ནས་གཏན་སྡོད་དང་ཡང་ན་ཕལ་ཆེར་གཏན་སྡོད་བྱེད་བཞིན་པའི་ཕྱོགས་སུ་བསྐྱོད་པ་དང་། གནམ་ལ་བརྟེན་ནས་ཕྱུགས་འཚོ་བ་ནས་འཛུགས་སྐྲུན་རང་བཞིན་གྱི་སྒོ་ནས་ཕྱུགས་འཚོ་བ་དང་། སྟབས་བདེའི་སྒོ་ནས་ཕྱུགས་ལས་ཐོན་སྐྱེད་བྱེད་པ་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི་ཕྱོགས་སུ་བསྒྱུར་ལ། སྲུང་སྐྱོབ་ཀྱི་ཁྲོད་ནས་འཕེལ་རྒྱས་དང་། འཕེལ་རྒྱས་ཀྱི་ཁྲོད་ནས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་ཁོ་ཚོའི་སེམས་སུ་བརྟན་པོར་བཟུང་།

གཞུང་ངོས་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པའི་ལས་གཞི་ཡོངས་ལ་ལྟོས་ན། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིའི་ཁྲོད་ཀྱི་ཕྱུགས་བསྐྱུར་རྩྭ་འདེབས་དང་། རྨོ་བསྐྱུར་ནགས་སྐྲུན། རིག་བཀགག་ནགས་གསོ། བྱེ་ཐང་ཅན་དུ་འགྱུར་བར་བཀག་གའོག་བྱེད་པ། བརླན་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱ་བ་གཙོ་བོར་འཛིན་པ། ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ནགས་ཚལ་དང་རྩྭ་ཐང་གི་མེ་དགྲ་འགོག་པ། ཨ་བྲའི་གནོད་པ་འགོག་པ། ས་ཆུ་སྲུང་འཛིན། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་ཁྲོད་ཀྱི་སྐྱེ་ཁམས་གནས་སྤོ་དང་། མཁར་གྲོང་ཆུང་བ་འཛུགས་སྐྲུན་བྱེད་པ། ཕྱུགས་ཟོག་གསོ་སྤྱད་ཀྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། ནུས་ཁུངས་འཛུགས་སྐྲུན། མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བཟོ་སྐྲུན་སོགས་གང་ཡིན་ཡང་། ཏཡོད་ཚད་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། དམངས་འཚོ་ལེགས་བཅོས་བྱེད་པའི་བརྗོད་བྱ་དང་འབྲེལ་ཡོད། གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་གཉིས་པའི་བཟོ་སྐྲུན་མུ་མཐུད་ལག་བསྟར་བྱས་པ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་དུ་ཡང་བསྐྱར་གཞི་ཁྱོན་ཆེ་བ་དང་ཁྱབ་རྒྱ་ཆེ་བའི་དམངས་ཕན་བྱ་འགུལ་ཆེན་པོ་ཞིག་སྤེལ་བར་ང་ཚོར་ཡིད་ཆེས་ཡོད།
གོང་མ།:null
འོག་མ།:མཚོ་ལྷོ་ཁུལ་གྱིས་ས་ཞིང་གསར་སྤེལ་ལེགས་བཅོས་བྱ་བ་ལག་བསྟར་བྱས་ཏེ་མང་ཚོགས་ཁྲི་གཉིས་ལ་ཕན་ཁེ་བསྐྲུན།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་རིག་གནས་བརྗེ་རེས་ཀྱི&  
འགྱོད་སེམས་མེད་པར་ཧུར་ཐག་བྱས&  
དཀའ་སྡུག་ཕྲག་ཏུ་བླངས་ནས་ཁྱིམ&  
སློབ་མ་དང་ཁྱིམ་བདག་ཡིད་ཆེས་པ'  
རྩེ་ཁོག་རྫོང་གི་ཧོས་རིགས་སྨན&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
དམངས་འཚོ་བཟོ་སྐྲུན་གྱིས་དམངས&  
མཚོ་ལྷོ་ཁུལ་གྱིས་ས་ཞིང་གསར་ས(  
མཚོ་སྔོན་ཞིང་ཆེན་གྱི་རོང་འབྲ'  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
དཔའ་ལུང་རྫོང་གིས་རྒྱུན་ཆད་མེ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།