མཚོ་སྔོན་ཞིང་ཆེན་གྱིས་ན་གཞོན་ལས་བྱེད་པ་གཞི་རིམ་དུ་བརྗེ་རེས་དང་ལས་ཁུར་བྱེད་པར་འདེམ་མངགས་བྱེད་པའི་བྱ་བ་མགོ་བརྩམས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-06-16   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

ན་གཞོན་ལས་བྱེད་པའི་ལག་ལེན་སྦྱོང་བརྡར་ལ་སྔར་ལས་ཤུགས་བསྣན་ནས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་པ་དང་། ༢༠༡༦ལོའི་ཁུལ་དང་རྫོང་གི་མགོ་ཁྲིད་བརྗེ་བར་ཤེས་ལྡན་མི་སྣ་གསོག་འཇོག་བྱེད་པར་དམིགས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ན་གཞོན་ལས་བྱེད་པ་བརྗེ་རེས་དང་ལས་ཁུར་བྱེད་པར་འདེམ་མངགས་བྱེད་པའི་སྐོར་གྱི་བརྡ་སྦྱོར་སྤེལ་ཏེ། འཆར་གཞི་ལྟར་ན་གྲོང་ཁྱེར་དང་ཁུལ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁ་ཤས་ནས་ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐོར་ཞིག་གདམ་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་སྔོན་གྱི་ལྷོ་རྒྱུད་ཀྱི་ཁུལ་གསུམ་དུ་བརྗེ་རེས་དང་ལས་ཁུར་བྱེད་དུ་མངག་རྒྱུ་རེད།

ཐེངས་འདིར་གཅིག་བསྡུས་ཀྱིས་འདེམ་མངགས་བྱེད་སྐབས་ས་ཁུལ་གྱི་དོན་དངོས་གནས་ཚུལ་དང་མཐུན་པ་དང་མི་སྒེར་གྱི་ཆེད་ལས་ཁ་གཏོད་པའི་རྩ་དོན་གཞིར་བཟུང་ནས། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་དཔལ་འབྱོར་དང་ཚན་རྩལ། ལས་གཞི་བཅས་ཀྱི་བྱ་བར་བྱང་ཆུད་པའི་ལས་བྱེད་པ་དམིགས་སུ་བཀར་ནས་གདམ་རྗེས་མཚོ་ནུབ་ཁུལ་གྱི་རྫོང་སོ་སོའི་ཏང་སྲིད་མགོ་ཁྲིད་དང་ཚྭ་འདམ་གཞོང་འཁོར་བསྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ། ཁུལ་ཐད་གཏོགས་དཔལ་འབྱོར་འགན་ནུས་སྡེ་ཁག་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་འགན་ཁུར་བར་མངགས་རྒྱུ་ཡིན་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁ་ཤས་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ནས་རོང་འབྲོག་ཁུལ་གྱི་གནས་ཚུལ་ལ་ཆ་རྒྱུས་ཡོད་པ་དང་། གཞི་རིམ་བྱ་བའི་ཉམས་མྱོང་ལྡན་པ། མང་ཚོགས་ཀྱི་བྱ་བ་སྒྲུབ་པར་མཁས་བའི་ལས་བྱེད་པ་གདམ་ནས་མཚོ་སྔོན་གྱི་ལྷོ་རྒྱུད་ཁུལ་གསུམ་གྱི་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་གི་གོ་གནས་གཞོན་པ་དང་ཡང་ན་ཞང་དང་གྲོང་བརྡལ་གྱི་ཏང་སྲིད་ཚན་ཁག་གི་ཁོངས་མིའི་འགན་ཁུར་བར་མངག་རྒྱུ་རེད། འདེམ་མངགས་ཀྱི་ཆ་རྐྱེན་ཐད་ནས། རྫོང་གི་ཁྲུའུ་རིམ་པའི་ལས་བྱེད་པའི་ལོ་ཚོད་ལོ་བཞི་བཅུ་ཡས་མས་ཡིན་དགོས་པ་དང་། ཁི་རིམ་པའི་ལས་བྱེད་པའི་ལོ་ཚོད་རྩ་དོན་སྟེང་ནས་ལོ་བཞི་བཅུ་ལས་བརྒལ་མི་རུང་ལ། ཁི་གཞོན་པ་རིམ་པའི་ལས་བྱེད་པའི་ལོ་ཚོད་ལོ་སོ་ལྔ་ཡས་མས་ཡིན་དགོས་པ་མ་ཟད། ད་དུང་བརྗེ་རེས་དང་ལས་འགན་ཁུར་བའི་ལས་གནས་དང་འཚམ་པའི་ནུས་བ་དང་བྱང་ཚད་ལྡན་དགོས།

འདེམ་མངགས་ལས་བྱེད་པར་དང་ལེན་བྱེད་པའི་ས་ཁུལ་གྱི་ཏང་ཨུ་དང་དེའི་རྩ་འཛུགས་སྡེ་ཁག་གིས་འགན་ཁུར་ནས་དོ་དམ་བྱེད་རྒྱུ་ཡིན་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་གྲུབ་འབྲས་འབུར་ཐོན་ཡིན་པ་དང་། ཁ་བྲལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དུ་ཆབ་སྲིད་འདུ་ཤེས་བརྟན་པོ་ཡོད་ལ། རྙོག་འཛིང་གི་གནས་བབ་དང་ཐོལ་བྱུང་གི་དོན་རྐྱེན་ཐག་གཅོད་བྱེད་པར་མཁས་པར་མ་ཟད་མང་ཚོགས་ཀྱིས་ཁས་ལེན་ཐོབ་པའི་འདེམ་མངགས་ལས་བྱེད་པ་མགོ་ཁྲིད་ཚན་ཁག་བརྗེ་སྤོར་དང་ཡང་ན་ལེགས་སྒྲིག་བྱེད་སྐབས། དམིགས་སུ་བཀར་ནས་གནས་སྤོར་ལས་བསྐོ་བྱེད་རྒྱུའི་རེ་བ་བཏོན།

གོང་མ།:null
འོག་མ།:སྣེ་བཞི་གཞི་གཅིག་གིས་སྐྱེ་ཁམས་ཕྱུགས་ལས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གྱི་ནུས་པ་ཐོན་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱིས་ན་གཞོན&  
སྣེ་བཞི་གཞི་གཅིག་གིས་སྐྱེ་ཁམ'  
༄༅།།བོད་ལྗོངས་ཀྱི་འགྲིམ་འགྲུ'  
༄༅།། གྲངས་ ཉུང་ ཡིད་ རྟོན་ དངུལ་ ƈ  
ཐེམ་ཆེན་རྫོང་སེང་གེ་ཞང་གིས་ལ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།