༄༅།།བོད་ལྗོངས་ཀྱི་འགྲིམ་འགྲུལ་བྱ་གཞག་གོང་འཕེལ་ཆེན་པོ་འགྲོ་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-06-13   རྩོམ་གྱི་ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།

ཉེ་བའི་ལོ་ཤས་ནང་བོད་ལྗོངས་ཀྱིས་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་བས། ཞིང་འབྲོག་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་རྟ་ཐོག་ནས་བབ་སྟེ་རླངས་འཁོར་ལ་བསྡད་ནས་མྱུར་བགྲོད་ཅན་གྱི་སྟབས་བདེ་ལོངས་སྤྱོད་བྱེད་བཞིན་ཡོད་པ་རེད།

ན་ནིང་ཟླ་བ་བཅུ་པར། མེ་ཏོག་གཞུང་ལམ་ཤར་གཏོང་ཐུབ་པ་དེས་མེ་ཏོག་རྫོང་གིས་སྔར་ཀྲུང་གོའི་གཞུང་ལམ་ཤར་གཏོང་མ་ཐུབ་པའི་སྲིད་འཛིན་རྫོང་ཉག་གཅིག་ཅེས་པའི་ཞྭ་མོ་དེ་ཕུད་པ་དང་། དེ་བས་ཀྱང་མེ་ཏོག་མང་ཚོགས་རྣམས་ནས་ལོ་ངོ་ལྔ་བཅུ་ཙམ་གྱི་གཞུང་ལམ་ཕུགས་འདུན་ལེགས་གྲུབ་བྱུང་ཡོད་པ་རེད། མོན་པ་རིགས་ཀྱི་ཨ་མ་རྒད་མོ་ཤེས་རབ་མཚོ་མོས། ངའི་བུ་མོ་གཅིག་གཞིས་རྩེར་ཡོད་པ་དང་། གཅིག་ནག་ཆུར་ཡོད། སྔར་མེ་ཏོག་ནས་ཕྱིར་ཐོན་སྐབས་གོམ་པ་བརྒྱབ་ནས་ཆུ་ཚོད་བདུན་བརྒྱད་འགྲོ་དགོས། ད་ལྟ་ཕུག་ལམ་ཤར་གཏོང་ཐུབ་པས་སྐར་མ་བཅུ་གྲངས་ནང་ཕྱིར་ཐོན་ཐུབ་ཀྱི་ཡོད་ཅེས་གསུངས་འདུག

བོད་དུ་འགྲོ་དཀའ་བ་དང་། བོད་ནས་ཐོན་དཀའ་བ། བོད་དུ་སྡོད་སྐབས་ཕར་འགྲོ་ཚུར་འོང་དཀའ་བ་བཅས་ནི་བོད་བསྐྱོད་པ་རྒན་གྲས་ཀྱི་བོད་ལྗོངས་ཀྱི་གཞུང་ལམ་ཐད་ཀྱི་མྱོང་བ་ཟབ་ཤོས་དེ་ཡིན། ཉེ་བའི་ལོ་ཤས་ནང་བོད་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་རྨང་གཞིར་བྱས་པའི་བསླངས་གཟུགས་ཅན་གྱི་འགྲིམ་འགྲུལ་གོང་སྤེལ་བཏང་ནས། གོང་འཕེལ་ཐད་འཕྲད་པའི་འགྲིམ་འགྲུལ་གྱི་བཀག་རྒྱ་གཏོར་ཡོད་པ་རེད། ན་ནིང་ལོ་མཇུག་ཏུ་སླེབས་སྐབས་ཤང་དང་། གྲོང་རྡལ། སྲིད་འཛིན་གྲོང་ཚོ་བཅས་སུ་གཞུང་ལམ་ཤར་གཏོང་ཐུབ་ཚད་ཁག་སོ་སོར་བརྒྱ་ཆ༩༩དང་གྲངས་ཆུང༧དང་། བརྒྱ་ཆ༩༧དང་གྲངས་ཆུང༤ཟིན་ཡོད་པ་རེད།

གྲོང་གསེབ་ཀྱི་གཞུང་ལམ་ལེགས་བཅོས་བྱས་པ་དེས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དར་རྒྱས་དང་། ཞིང་འབྲོག་པའི་འབབ་འཕར་ཐད་སྐུལ་འདེད་ཀྱི་ནུས་པ་ཡག་པོ་ཐོན་ཡོད། ན་ནིང་བོད་ལྗོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་གཙང་མ་སྒོར་༦༥༧༨ཟིན་པ་དང་། ལོ་བཅུ་གཅིག་བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་ཡོད། ཕྱུག་པོར་གྱུར་བའི་བོད་རིགས་མང་ཚོགས་དེ་བས་མང་བས་རླངས་འཁོར་ཉོས་ནས་འགྲོ་སྐྱོད་སྟབས་བདེ་ལོངས་སྤྱོད་བྱེད་བཞིན་ཡོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་རླངས་འཁོར་དོ་དམ་ཁང་གི་འགོ་འཛིན་གཞོན་པ་ཝང་ཞའོ་ཐང་གིས། མིག་སྔར་ལྷ་ས་གྲོང་ཁྱེར་དུ་རླངས་འཁོར་ཆིག་འབུམ་དྲུག་ཁྲི་ཙམ་ཡོད་པ་དང་། དེ་དག་ཁྲོད་སྒེར་གྱི་རླངས་འཁོར་ཆིག་འབུམ་གསུམ་ཁྲི་ཡོད། མང་ཚོགས་ཀྱི་ཡོང་འབབ་ལེགས་སུ་ཕྱིན་པ་དང་བསྟུན་ནས་འཚོ་བའི་རེ་བ་ཡང་ཆེ་རུ་ཕྱིན་པས། རླངས་འཁོར་ཡང་རང་བཞིན་དུ་འཚོ་བའི་མཁོ་ཆས་སུ་འགྱུར་བཞིན་ཡོད་ཅེས་གསུངས་འདུག

ད་ལོ་བོད་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་རྒྱུན་གཏན་ལས་འདས་པའི་གོང་འཕེལ་འཆར་འགོད་ཅེས་པ་བཏོན་པ་དང་། འཆར་གཞི་ལྟར་ན་ལོ་དྲུག་ནང་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར༢༠༠༠བཏང་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཆིག་འབུམ་ཆིག་ཁྲི་ཟིན་པ་བྱ་རྒྱུ་དང་། དེ་དག་ཁྲོད་སྒོར་དུང་ཕྱུར༡༡༥གྲོང་གསེབ་ཀྱི་གཞུང་ལམ་འཛུགས་བསྐྲུན་ཐད་གཏོང་རྒྱུ་རེད།

གོང་མ།:null
འོག་མ།:༄༅།། གྲངས་ ཉུང་ ཡིད་ རྟོན་ དངུལ་ བུན་ བོད་ ཀྱི་ ཞིང་ འབྲོག་ ཁུལ་ དུ་ ཁྱབ་ ནས་ ཞིང་ འབྲོག་ པ་ ཁྲི་ བརྒྱར་ ཕན་ པ་ ཐོབ་ པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
༄༅།།བོད་ལྗོངས་ཀྱི་འགྲིམ་འགྲུ'  
༄༅།། གྲངས་ ཉུང་ ཡིད་ རྟོན་ དངུལ་ ƈ  
ཐེམ་ཆེན་རྫོང་སེང་གེ་ཞང་གིས་ལ'  
༄༅། །རྒྱུན་མཐུད་རུང་བའི་འབྱུང  
མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།