༄༅།། གྲངས་ ཉུང་ ཡིད་ རྟོན་ དངུལ་ བུན་ བོད་ ཀྱི་ ཞིང་ འབྲོག་ ཁུལ་ དུ་ ཁྱབ་ ནས་ ཞིང་ འབྲོག་ པ་ ཁྲི་ བརྒྱར་ ཕན་ པ་ ཐོབ་ པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-06-13   རྩོམ་གྱི་ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འདི་ལོ་ལོ་38ལ་སླེབས་པའི་བོད་རིགས་གཞོན་ནུ་པ་སངས་ཚེ་རིང་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁེ་གསུམ་གྲོང་ལྷན་དུ་སྡོད་ཅིང་།  འདིར་གཞུང་ལམ་འཁྲིས་སུ་ཡོད་ལ་འགྲིམ་འགྲུལ་ཡང་སྟབས་བདེ་པོ་ཡོད་པ་རེད།  ལོ་ཤས་གོང་བོད་ཀྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་ཐོན་རྫས་གྲོང་ཚོར་ཁྱབ་ཅིང་།སྐབས་འདིར་པ་སངས་ཚེ་རིང་གིས་དངུལ་བུན་གཡར་བ་དང་ཆབས་ཅིག་གྲོང་མི་སྒྲིག་འཛུགས་བྱས་ནས་ཨར་ལས་རུ་ཁག་ཅིག་བཙུགས་པ་རེད།  ལོ་ཤས་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་ཉིད་ཀྱི“ཕྱུག་འགྱུར་ཕུགས་འདུན”གྲུབ་ལ་མ་རྩ་སྒོར་ཁྲི༥༠༠ལྷག་ཙམ་ཡོད་པའི་ཕྱུག་བདག་ཞིག་ཏུ་གྱུར་ཡོད།

    མིག་སྔར་བོད་དུ་གྲངས་ཉུང་ཡིད་རྟོན་དངུལ་བུན་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་མཁན་ཇེ་མང་དུ་འགྲོ་བ་དང་ཕྱུག་འགྱུར་འཇོན་ཐང་ཅན་མང་པོ་ཞིག་མ་རྩ་སྒོར་ཁྲི་བརྒྱ་གྲངས་ཡོད་པའི་ཕྱུག་བདག་ཏུ་གྱུར་ཡོད།  གསར་འགོད་པས་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར།ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་ཆེད་ཉེ་བའི་ལོ་ཤས་རིང་བོད་ཀྱིས་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་རབ་དང་རིམ་པ་ཁྱབ་གདལ་བཏང་ཞིང་།མིག་སྔར་གྲངས་ཉུང་ཡིད་རྟོན་དངུལ་བུན་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཁྱིམ་དུད་༩༥%རུ་ཁྱབ་པ་དང་།  ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི༣༠༠ཙམ་ལ་ཕན་པ་ཐོབ་པ།རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད༣༦%ལས་བརྒལ་ནས་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་དུད་ལ་དངུལ་བུན་གཏོང་རྒྱ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད།

    བོད་ནི་ཞིང་འབྲོག་ལས་ཀྱི་མི་འབོར་གྱིས་གཙོ་བོར་བྱས་པའི་རང་སྐྱོང་ལྗོངས་ཤིག་ཡིན་པ་དང་ལྗོངས་ཡོངས་ཀྱི༨༠%ཡན་གྱི་མི་འབོར་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་ཁྱབ་ཡོད།དུས་ཡུན་རིང་པོའི་ནང་རང་བྱུང་ཆ་རྐྱེན་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཚོད་འཛིན་ཕོག་པའི་རྐྱེན་གྱིས་བོད་ཀྱི་ཞིང་འབྲོག་པའི་ཕྱུག་འགྱུར་ལམ་བུ་དེ་ཙམ་ཡངས་པོ་མེད།  ཞིང་ལས་དངུལ་ཁང་གིས་བརྟག་ཞིབ་བྱས་པ་བརྒྱུད་གྲངས་ཉུང་ཡིད་རྟོན་དངུལ་བུན་བཏང་སྟེ་ཞིང་འབྲོག་ཁུལ་དུ་ཆེས་ཆུང་ངུའི་ཁེ་ལས་གསོ་སྐྱོང་བྱ་རྒྱུ་དང་གཞོན་ནུར་བྱ་གཞག་གསར་གཏོད་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ནི་ཞིང་འབྲོག་པར་རོགས་རམ་གྱིས་ཕྱུག་པོའི་ལམ་དུ་བསྐྱོད་པའི་ཐབས་མཆོག་ཅིག་ཡིན་པ་ཤེས་རྟོགས་བྱུང་ཡོད།

    དེས་ན་ཞིང་ལས་དངུལ་ཁང་གིས༢༠༠༡ལོར“གསེར་དང་།དངུལ།ཟངས”བཅས་ཀྱི་ཡིད་རྟོན་རིམ་པའི“ཞིང་འབྲོག་དུད་ཁྱིམ་གྱི་དངུལ་བུན་ལག་ཁྱེར”ཏེ་གྲངས་ཉུང་ཡིད་རྟོན་ཐོན་རྫས་ཁྱབ་གདལ་བཏང་བ་མ་ཟད།ད་དུང༢༠༠༥ལོར“རྡོ་རྗེ་ཕ་ལམ”གྱི་ཐོན་རྫས་ཀྱང་ཁྱབ་གདལ་བཏང་བ་ལས“གཱ་བཞི”ཡི་ཞིང་འབྲོག་དུད་ཁྱིམ་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་མ་ལག་ཅིག་ཆགས་ཡོད།“གཱ་བཞི”ལ་དངུན་བུན་གཏོང་གྲངས་སྒོར་ཁྲི༢ནས་སྒོར་ཁྲི༣༠བར་ཡིན་པ་དང་།དངུལ་བུན་གཡར་སྐབས་ཁག་ཐེག་བྱེད་མཁན་མི་དགོས་པ།གང་དུ་མཁོ་ན་སྐབས་འདིར་གཡར་བ།བཀོལ་སྤྱོད་བྱེད་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཡིད་རྟོན་ཐོན་རྫས་དེར་ཞིང་འབྲོག་པའི་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་ཡོད།

    བསྡོམས་རྩིས་ལྟར་ན།  ༢༠༡༤ལོའི་ཟླ་བ་གསུམ་པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཁྱིམ་དུད་༩༩.༡༣%ལ“ཞིང་འབྲོག་དུད་ཁྱིམ་གྱི་དངུལ་བུན་ལག་ཁྱེར”སྤྲད་པ་དང་དངུལ་བུན་ལག་ཁྱེར་བེད་སྤྱོད་བྱེད་ཚད༩༨.༢%ཟིན་ཡོད།དེའི་ནང་གྲངས་ཉུང་ཡིད་རྟོན་དངུལ་བུན་ཐོབ་པའི་ཞིང་དུད་ཁྲི༤༣.༠༩ཟིན་པ་དང་ཞིང་དུད་ལ་དངུལ་བུན་གཏོང་འབོར་སྒོར་དུང་ཕྱུར༡༡༧.༣༢ཟིན་ནས་ཞིང་འབྲོག་པའི་དངུལ་བུན་གཡར་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་ལ་ཞིང་འབྲོག་པས་དབུལ་སྒྲོལ་དང་།འབབ་འཕར།ཕྱུག་འགྱུར་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བའི་ནུས་པ་ཞིག་ཀྱང་ཐོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན།    “གཱ་བཞི”ཡི་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ཕུད་ཞིང་ལས་དངུལ་ཁང་གིས་ད་དུང་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གཞན་དག་ཁྱབ་གདལ་བཏང་བ་དཔེར་ན།ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་དངུལ་བུན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲངས་ཉུང་སྐྱེད་གསབ་དངུལ་བུན་ལ་སོགས་རེད།“འདི་ལོ་ཞིང་འབྲོག་ཁུལ་དུ་གྲངས་ཉུང་ཡིད་རྟོན་དངུལ་བུན་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་།རིམ་རྩིས་བྱས་ན་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར༡༣༠ལྷག་ཙམ་གཏོང་རྩིས་ཡོད་པ་དང་ཁ་དན་ཚིག་ལ་གནས་ཆེ་བའི་རྫོང་།ཤང(གྲོང་རྡལ)གྲོང་ཚོ་བཅས་ཀྱི་ཞིང་འབྲོག་པའི་ཁྱིམ་དུད་ལ་དངུལ་བུན་གཏོང་ཚད་མཐོ་རུ་འོས་འཚམ་བཏང་ནས་ཞིང་འབྲོག་པ་སྔར་བས་མང་བ་འབྱོར་འབྲིང་ལམ་དུ་བསྐྱོད་རྒྱུར་རོགས་རམ་བྱ་རྒྱུ་རེད”

གོང་མ།:null
འོག་མ།:ཐེམ་ཆེན་རྫོང་སེང་གེ་ཞང་གིས་ལུས་རྩལ་འགྲན་སྡུར་སྐབས་གཉིས་པ་སྤེལ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
༄༅།། གྲངས་ ཉུང་ ཡིད་ རྟོན་ དངུལ་ ƈ  
ཐེམ་ཆེན་རྫོང་སེང་གེ་ཞང་གིས་ལ'  
༄༅། །རྒྱུན་མཐུད་རུང་བའི་འབྱུང  
མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་'  
སྡེ་དགེ་རྫོང་གི་བདེ་སྐྱིད་ལས&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།