འབའ་རྫོང་རྨ་བྱང་ཡུལ་ཚོས་ཁོར་ཡུག་གཙང་སྦྲར་ལེགས་བཅོས་བྱས་ནས་སྐྱེ་ཁམས་དཔལ་ཡོན་དར་བའི་གྲོང་སྡེ་བསྐྲུན་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-03-27   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

 ཟླ༣པའི་ཚེས༡༨ཉིན། གྲོང་སྡེའི་ཁོར་ཡུག་གཙང་སྦྲ་ལེགས་བཅོས་དང་། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད། མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོའི་སྲིད་གཞུང་གི་སྣེ་ཁྲིད་འོག  ཡུལ་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་མཉམ་འབྲེལ་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་རྒྱ་ཆེན་པོ་ཞིག་སྤེལ་བ་རེད། རྨ་བྱང་ཡུལ་ཚོ་ནི་འབའ་རྫོང་གི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་འབྲོག་པའི་ཡུལ་ཚོ་ཞིག་ཡིན་ཞིང་། མགོ་ལོག་དང་མཚོ་ལྷོ་ཁུལ་གཉིས་ཀྱི་འབྲེལ་མཚམས་སུ་ཆགས། ཡུལ་དེའི་ཁོ་ར་ཁོར་ཡུག་ཀུན་ཏུ་ནགས་ཀྱིས་ཁེབས་ཤིང་རང་བྱུང་གི་ཐོན་ཁོངས་ཕུན་སུམ་ཚོགས་པ་འཛོམས་པའི་ཁར། དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་དང་རི་ཆུའི་རིག་གནས་རྫོངས་སྟུག་པོས་ཕྱུག  ཡིན་ཡང་ཉེ་བའི་ལོ་ནང་ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་རྒྱུན་ཇེ་མང་དུ་ཕྱིན་པ་དང་། གནས་སྐོར་དང་མཇལ་སྐོར་དུ་ཡོང་བ། དབྱར་རྩ་དགུན་འབུ་བརྐོ་བ་སོགས་བྱེས་པའི་མི་གྲངས་མང་དུ་འཕར་བར་བརྒྱུད་ནས་ཁོར་ཡུག་ལ་སྦག་བཙོག་བཟོས། དེ་བས་མདོ་དབུས་མཐོ་སྒང་གི་སྣོད་བཅུད་ཁྱད་དུ་འཕགས་པར་སྲུང་སྐྱོབ་དང་། འགྲོ་བ་མི་དང་རང་བྱུང་ཁམས་འཆམ་མཐུན་སྒོས་འཚོ་བ། དེ་མིན་བོད་མི་རིགས་ཀྱི་ཕ་མེས་ཡང་མེས་ནས་དར་བའི་གནས་རི་གཞི་བདག་ལ་མཆོད་པ་དང་དེར་གནས་པའི་སེམས་ཅན་ཀུན་ལ་མི་འཚེ་བའི་སྲོལ་བཟང་འཛིན་སྤེལ་བྱ་ཆེད་ཡུལ་དེ་གའི་མང་ཚོགས་ཀྱིས༢༠༡༣ལོའི་ཟླ༡༡པར་མ་བསྐུལ་དང་བླངས་སྒོས་མགར་སྣོད་བཅུད་གཙང་དག་རུ་ཁག་ཅེས་པ་ཞིག་བཙུགས་ནས་ཟླ་རེར་ཐེངས་གཅིག་ལ་གྲོང་སྡེ་མཐའ་འཁོར་དང་གཞུང་ལམ་གཡས་གཡོན། རི་ལུང་ཐང་གསུམ་སོགས་སུ་གད་སྙིགས་འཐུ་བའི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེ ཟླ་བཞི་རིང་གི་ཁོར་ཡུག་ལེགས་བཅོས་དང་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་བར་བརྒྱུད་ནས། ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་ཆེན་པོ་བྱུང་བས། མགར་སྣོད་བཅུད་དག་གཙང་རུ་ཁག་གིས་ཡུལ་དེའི་མང་ཚོགས་དང་སེམས་ཅན་ཀུན་ལ་དག་གཙང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པའི་བསམ་སྦྱོར་བཟང་བོར་གོང་རིམ་གྱི་འགོ་ཁྲིད་དང་ཉེ་འཁོར་གྱི་ཡུལ་གཞན་གྱི་བསྟོད་བསྔགས་འཐོབ་དང་ཐོབ་བཞིན་ཡོད་པ་རེད། 
 ད།

གོང་མ།:null
འོག་མ།:མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གིས་མི་རིགས་མཐུན་སྒྲིལ་གྱི་བྱ་འགུལ་སྤེལ་བའི་གནས་ཚུལ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
འབའ་རྫོང་རྨ་བྱང་ཡུལ་ཚོས་ཁོར་'  
མཚོ་སྔོན་ཞིང་ཆེན་གཙང་གསུམ་འབ(  
མཚོ་སྔོན་ཞིང་ཆེན་གྱིས་གསུམ་ག'  
ཆི་ལེན་རྫོང་གིས་རྐང་འཛིན་ལས་'  
མཚོ་སྔོན་ཞིང་ཆེན་གཙང་གསུམ་འབ(  
དེ་ལས་མང་བ།
  པར་རིས་གསར་འགྱུར།
“རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི
རྨ་ལྷོ་ཁུལ་ཆོས་ལུགས་སོ་སོའི་'
དེ་ལས་མང་བ།