མཚོ་སྔོན་ཞིང་ཆེན་གྱིས་གསུམ་གཅིག་ལྔའི་ཁེ་དབང་སྲུང་སྐྱོབ་ཉིན་མོའི་དྲིལ་སྒྲོག་བློ་འདོན་ཞབས་ཞུའི་བྱ་འགུལ་སྤེལ་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-03-26   རྩོམ་གྱི་ཡོང་ཁུངས།
རྒྱ་ཆེའི་འཛད་སྤྱོད་པས་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པའི་འཛད་སྤྱོད་པའི་བཅའ་ཁྲིམས་གསར་བར་རྒྱུས་ལོན་བཟང་བོ་བྱེད་པ་དང་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་དང་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་གཉིས་ཀྱིས་ཟི་ལིང་ལྟེ་གནས་ཐང་ཆེན་ནས་འཛད་སྤྱོད་པའི་བཅའ་ཁྲིམས་གསར་བ་དང་ཁེ་དབང་གསར་བ། འགན་ཁུར་གསར་བ་ཞེས་པ་བརྗོད་བྱར་བྱས་པའི་གསུམ་གཅིག་ལྔའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཉིན་མོའི་དྲིལ་སྒྲོག་བློ་འདོན་ཞབས་ཞུ་བྱ་འགུལ་སྤེལ། བྱ་འགུལ་ཁྲོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཐབས་གསར་བ་ནང་དོན་དུ་བྱས་པའི་རིག་རྩལ་འཁྲབ་སྟོན་དང་། ཚོང་རྫས་དངོས་མ་དང་རྫུན་མ་ཞིབ་བསྡུར་བྱས་ཏེ་བདེན་རྫུན་གྱི་དབྱེ་བ་འབྱེད་པ། ཡུལ་དངོས་ནས་འཛད་སྤྱོད་པའི་བློ་འདྲི་དང་ཞུ་གཏུག་དང་ལེན་བྱེད་པ། དྲིལ་སྒྲོག་ལག་དེབ་དང་དྲིལ་སྒྲོག་ཡིག་ཆ་འགྲེམ་པ། ཚོང་གཉེར་པས་སྤྱི་ཚོགས་ཡོངས་ལ་ཁས་ལེན་བྱེད་པ་དང་གྲོས་གཞི་འདོན་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། མི་ཡོངས་ལ་འཛད་སྤྱོད་པའི་བཅའ་ཁྲིམས་གསར་བའི་ནང་དོན་གསར་བ་དང་ཁྱད་ཆོས། གོ་དོན་བཅས་དྲིལ་བསྒྲགས་བྱས།
གོང་མ།:མཚོ་སྔོན་ཞིང་ཆེན་གྱིས་གསུམ་གཅིག་ལྔའི་ཁེ་དབང་སྲུང་སྐྱོབ་ཉིན་མོའི་དྲིལ་སྒྲོག་བློ་འདོན་ཞབས་ཞུའི་བྱ་འགུལ་སྤེལ་བ།
འོག་མ།:ཆི་ལེན་རྫོང་གིས་རྐང་འཛིན་ལས་བྱེད་པ་གསོ་སྦྱོང་བྱས་ཏེ་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱིས་གསུམ་ག'  
མཚོ་སྔོན་ཞིང་ཆེན་གྱིས་གསུམ་ག'  
ཆི་ལེན་རྫོང་གིས་རྐང་འཛིན་ལས་'  
མཚོ་སྔོན་ཞིང་ཆེན་གཙང་གསུམ་འབ(  
ཆི་ལེན་རྫོང་གིས་རྐང་འཛིན་ལས་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
“རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི
རྨ་ལྷོ་ཁུལ་ཆོས་ལུགས་སོ་སོའི་'
དེ་ལས་མང་བ།