ཆི་ལེན་རྫོང་གིས་རྐང་འཛིན་ལས་བྱེད་པ་གསོ་སྦྱོང་བྱས་ཏེ་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-03-26   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

ཉེ་ལམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་རིགས་གཞུང་རྐང་འཛིན་པའི་འཛིན་གྲྭ་དངོས་སུ་ཚོགས། གསོ་སྦྱོང་འཛིན་གྲྭར་ཁུལ་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་དང་། ཁུལ་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣ་གདན་དྲངས་པ་མ་ཟད། ཁུལ་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་རེ་བ་འགར་དམིགས་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་འཆད་ཁྲིད་སྤེལ། ཞང་དང་གྲོང་རྡལ། སྡེ་ཁག་དང་ལས་ཁུངས་སོ་སོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་འགན་ཁུར་བའི་རྐང་འཛིན་པ་བརྒྱ་ལྷག་གསོ་སྦྱོང་འཛིན་གྲྭར་ཞུགས།

གསོ་སྦྱོང་འཛིན་གྲྭའི་སྟེང་། འཆད་ཁྲིད་པས་བློ་མཐུན་ཞི་ཅིན་ཕེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྐོར་དང་པོའི་སྤྱི་བསྡོམས་དང་སྐོར་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་སྟེང་གནང་བའི་གསུངས་བཤད་གལ་ཆེན་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་སྐོར་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ད་རུང་ཇི་ལྟར་སློབ་སྦྱོང་བཟང་བོ་བྱེད་པ་དང་། བྱ་འགུལ་བཟང་བོར་སྤེལ་བ། འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་པའི་ཐད་ལ་རེ་བ་འགའ་བཏོན། གསོ་སྦྱོང་འཛིན་གྲྭའི་སྟེང་། གཟབ་ནན་གྱི་ཚད་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྒྲིག་ལམ་བཅས་ཀྱིས་ལྟ་སྐུལ་མཛུབ་སྟོན་བྱ་བ་དམ་འཛིན་བྱས་ཏེ། སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས་པ་དང་། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཏང་གཤིས་བརྟན་པོ་དང་། སྤྱོད་ཚུལ་བཟང་བོ། སྒྲིག་ལམ་ནན་མོ་བཅས་ཀྱི་སྒོ་ནས་ལྟ་སྐུལ་མཛུབ་སྟོན་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

གོང་མ།:null
འོག་མ།:མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གིས་མི་རིགས་མཐུན་སྒྲིལ་གྱི་བྱ་འགུལ་སྤེལ་བའི་གནས་ཚུལ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
ཆི་ལེན་རྫོང་གིས་རྐང་འཛིན་ལས་'  
མཚོ་སྔོན་ཞིང་ཆེན་གཙང་གསུམ་འབ(  
ཆི་ལེན་རྫོང་གིས་རྐང་འཛིན་ལས་'  
མཚོ་སྔོན་འབྲོག་དམངས་ཀྱི་ཡོང་'  
ཡུལ་ཤུལ་ནང་ཆེན་རྫོང་ཟུར་མང་ཡ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
“རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི
རྨ་ལྷོ་ཁུལ་ཆོས་ལུགས་སོ་སོའི་'
དེ་ལས་མང་བ།