ཟི་ལིང་གྲོང་ཁྱེར་གྱི་ཆེད་མཁས་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-03-17   རྩོམ་གྱི་ཡོང་ཁུངས།

       ཟླ་དྲུག་པའི་ཚེས་གཅིག་ཉིན།མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་རིག་གཞུང་ལས་རིགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བགྲོ་གླེང་ཚོགས་འདུ་བསྡུས། ཟི་ལིང་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་སོ་སོ་དང་། ཚན་རིག་ཞིབ་འཇུག་གླིང་གི་མི་རིགས་ཆོས་ལུགས་ཐད་ནས་འོང་བའི་ཆེད་མཁས་པ་སྐོར་ཞིག་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པས་བཏོན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་དང་། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས་དཔེ་སྟོན་ཁུལ་ཇི་ལྟར་འཛུགས་སྐྲུན་བྱེད་པའི་ཐད་ནས་བཞུགས་མོལ་ཞིབ་བསྡུར་དང་། བློ་འདོན་ཇུས་འབུལ་བྱས། རྒྱུན་ལས་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱི་མངགས་བཅོལ་ལྟར། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཕུར་བས་བགྲོ་གླེང་ཚོགས་འདུ་ལ་མགོ་འཛིན་བྱས།

      ཆེད་མཁས་པས་བལྟས་ན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པས་བཏོན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་ཀྱི་ཆེས་མཐོ་སར་བཞག་སྟེ། རིམ་པ་ཆེས་མཐོན་པོ་ནས་མཚོ་སྔོན་གྱི་དེང་ཕྱིན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་འཆར་འགོད་ལེགས་པོ་བྱེད་དགོས་པ་དང་། དེ་ནི་འདས་པའི་ལོ་ངོ་འགའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་རྒྱུན་སྐྱོང་བྱེད་ཅིག་ཡིན་པ་མ་ཟད། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས་འཕེལ་རྒྱས་གསར་སྐྲུན་དང་། བབ་བསྟུན་མདུན་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་ལས་དོན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

       བགྲོ་གླེང་ཚོགས་འདུ་སྟེང་། ཆེད་མཁས་པ་རྣམ་པས་རང་སེམས་ཀྱི་སྐད་ཆ་ཡོད་ཚད་ལྷུག་པོར་བརྗོད་ཅིང་། ལོ་རྒྱུས་ཀྱི་འབྱུང་ཁུངས་དང་། ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་ཆོས། དེ་མིན་ད་དུང་མི་རིགས་སྲིད་ཇུས་ལག་བསྟར་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དངོས་འབེབས། མི་རིགས་མཐུན་སྒྲིལ་སྲུང་འཛིན། མི་རིགས་ཀྱི་ཁེ་དབང་འགན་སྲུང་། མི་རིགས་ལས་བྱེད་པ་གསོ་སྐྱོང་། མི་རིགས་རིག་གནས་དར་རྒྱས་སུ་གཏོང་བ། ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་སོགས་ཕྱོགས་མང་པོར་དམིགས་ནས། དཔེ་སྟོན་ཁུལ་འཛུགས་སྐྲུན་ཐད་ལ་བློ་འདོན་ཇུས་འབུལ་དང་། འཆར་གཞི་སྣ་ཚོགས་འཐེན་ཏེ། རིག་གཞུང་ཐད་ནས་མཛུབ་སྟོན་བྱས། 

གོང་མ།:null
འོག་མ།:《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་སློབ་གསོ་ལག་དེབ》འགྲེམ་སྤེལ་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
ཟི་ལིང་གྲོང་ཁྱེར་གྱི་ཆེད་མཁས&  
《བདེ་ཆེན་བོད་རིགས་རང་སྐྱོང་ཁུ  
སྡེ་ཁུལ་དང་དགོན་པ་རུ་མི་རིགས&  
མཚོ་བྱང་ཁུལ་ཧེ་ཡན་རྫོང་གིས་མ'  
མཚོ་སྔོན་ཞིང་ཆེན་གྱི་མི་རིགས&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
“རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི
རྨ་ལྷོ་ཁུལ་ཆོས་ལུགས་སོ་སོའི་'
དེ་ལས་མང་བ།