སྡེ་ཁུལ་དང་དགོན་པ་རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་བྱེད་པའི་བསམ་བློའི་སློབ་གསོ་ཁྲིད་སྟོན་བྱེད་པར་གཅིག་བསྡུས་སྒོས་དྲིལ་སྒྲོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-03-17   རྩོམ་གྱི་ཡོང་ཁུངས།
        ཉེ་ཆར།ཁུལ་ཡོངས་ཀྱི་སྡེ་ཁུལ་དང་དགོན་པ་རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་བྱེད་པའི་བསམ་བློའི་སློབ་གསོ་ཁྲིད་སྟོན་བྱེད་པར་གཅིག་བསྡུས་སྒོས་དྲིལ་སྒྲོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་མཚོ་ནུབ་གྲོས་ཚོགས་ལྟེ་གནས་ནས་བསྡུས།ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཉིག་ཅོན་དང་།ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།དྲིལ་སྒྲོག་པུའུ།སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་བཅས་ཚོགས་ཐོག་ཏུ་ཞུགས་ཡོད་པ་མ་ཟད།ད་དུང་གྲོང་ཁྱེར་དང་རྫོང་།བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་འཁུར་བ་དག་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།གྲོས་ཚོགས་ཀྱིས་ལུགས་རྙིང་ལོ་སར་གྱི་སྔ་གཞུག་ཏུ་རང་ཁུལ་གྱི་སྡེ་ཁུལ་དང་དགོན་པ་རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་བྱེད་པའི་བསམ་བློའི་སློབ་གསོ་ཁྲིད་སྟོན་བྱེད་པར་གཅིག་བསྡུས་སྒོས་དྲིལ་སྒྲོག་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།

  གྲོས་ཚོགས་སྟེང་།ཉིག་ཅོན་གྱིས་ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ལེགས་པོར་སྒྲུབ་དགོས་པའི་ཕྱོགས་ནས་བསམ་འཆར་འགའ་བཏོན་པ་སྟེ།ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ནི་ཡུན་རིང་བའི་འཐབ་ཇུས་དང་འགན་ཁུར་ཞིག་ཡིན་པའི་ཆ་ནས།མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་རང་བཞིན་དང་།ཁྱོན་ཡོངས་རང་བཞིན།ཁྲིད་སྟོན་རང་བཞིན་བཅས་ལ་ངེས་ཤེས་གང་ལེགས་བྱེད་དགོས་ཤིང་། ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་འགག་རྩར་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་སྔོན་ཕྱོགས་ཀྱི་སློབ་གསོ་གཏིང་ཟབ་སྒོས་སྤེལ་དགོས་ལ།ས་གནས་དང་སྡེ་ཁག་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་དེ་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་ཉིན་རེའི་གྲོས་རིམ་ནང་བཞག་ནས་ངེས་པ་དོན་གྱིས་དམ་འཛིན་ལེགས་འཛིན་བྱས་ཏེ།རྗེས་ཕྱོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་སྔོན་སྔོན་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཕྱོགས་ལ་བསམ་བློའི་རྨང་གཞི་བརྟན་པོ་ཞིག་བཏིངས་དགོས་ལ།ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ཁྲོད་གཤམ་གྱི་ཕྱོགས་དྲུག་ནས་དྲིལ་སྒྲོག་སློབ་གསོ་བྱེད་དགོས་པ་སྟེ།ཏང་གི་མི་རིགས་གཞུང་ལུགས་དྲིལ་སྒྲོག་དང་སློབ་གསོ་བྱེད་པ།མི་རིགས་སྲིད་ཇུས་དྲིལ་སྒྲོག་བྱེད་པ།རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་དྲིལ་སྒྲོག་དང་སློབ་གསོ་བྱེད་པ།རང་ཁུལ་གྱི་འཕེལ་རྒྱས་ཀྱི་འབྲས་བུ་དྲིལ་སྒྲོག་བྱེད་པ།སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་དང་སྤྱི་ཚོགས་ཁྲིམས་སྲོལ་དྲིལ་སྒྲོག་དང་སློབ་གསོ་བྱེད་པ།དེ་མིན་མི་རིགས་སོ་སོའི་བར་མཐུན་སྒྲིལ་མཉམ་ལས་སྐོར་ལ་སློབ་གསོ་བྱེད་པ་བཅས་ཡོད།ས་གནས་དང་སྡེ་ཁག་སོ་སོའི་བྱ་འགུལ་གྱི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་བྱས་ནས།ས་གནས་དང་སྡེ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།བྱ་བའི་འགན་ཁུར་མིའི་སྟེང་ལ་དངོས་འབེབ་བྱས་ནས།སེམས་ཞིབ་མོས་རྩ་འཛུགས་དང་ཇུས་འགོད་ལེགས་པོ་བྱེད་དགོས་ལ།མཐུན་སྦྱོར་དང་ལྟ་སྐུལ་བྱ་བ་ལེགས་པོར་བཟུང་ནས་བྱ་འགུལ་བདེ་བླག་ངང་སྤེལ་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

  རྒྱུས་ལོན་བྱས་པ་ལྟར་ན།ཟླ་དང་པོའི་ཚེས་བཅུ་ཉིན་ནས་བཟུང་རང་ཁུལ་གྱིས༼མཐུན་སྒྲིལ་འབད་བརྩོན་བྱས་ཏེ།མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ༽ཞེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་སྡེ་ཁུལ་དང་དགོན་པ་རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་བྱེད་པའི་བསམ་བློའི་སློབ་གསོ་ཁྲིད་སྟོན་བྱེད་པར་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ་མགོ་བརྩམས་པ་ཡིན།དྲིལ་སྒྲོག་བྱ་འགུལ་ནི་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་།བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་སོ་སོ་ལ་གཏོགས་པའི་སྡེ་ཁུལ་དང་དགོན་པ་ཡོངས་སུ་སྤེལ་རྒྱུ་ཡིན་པ་དང་།བྱ་འགུལ་ལ་དུས་རིམ་གཉིས་སུ་བཀར་ནས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་མཇུག་རྫོགས་རྒྱུ་རེད།

གོང་མ།:《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་སློབ་གསོ་ལག་དེབ》འགྲེམ་སྤེལ་བྱས་པ།
འོག་མ།:མཚོ་བྱང་ཁུལ་ཧེ་ཡན་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་བྱ་འགུལ་འཕྲོ་རིམ་འཕྲོར་སྤེལ་ནས། རྫོང་ཡོངས་སུ་འཆམ་མཐུན་གྱི་རྣམ་པ་ཞིག་ཆགས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
ཟི་ལིང་གྲོང་ཁྱེར་གྱི་ཆེད་མཁས&  
《བདེ་ཆེན་བོད་རིགས་རང་སྐྱོང་ཁུ  
སྡེ་ཁུལ་དང་དགོན་པ་རུ་མི་རིགས&  
མཚོ་བྱང་ཁུལ་ཧེ་ཡན་རྫོང་གིས་མ'  
མཚོ་སྔོན་ཞིང་ཆེན་གྱི་མི་རིགས&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
“རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི
རྨ་ལྷོ་ཁུལ་ཆོས་ལུགས་སོ་སོའི་'
དེ་ལས་མང་བ།