མཚོ་བྱང་ཁུལ་ཧེ་ཡན་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་བྱ་འགུལ་འཕྲོ་རིམ་འཕྲོར་སྤེལ་ནས། རྫོང་ཡོངས་སུ་འཆམ་མཐུན་གྱི་རྣམ་པ་ཞིག་ཆགས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-03-17   རྩོམ་གྱི་ཡོང་ཁུངས།
       ད་ལོའི་ཟླ༩བར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བའི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་བའི་བརྗོད་བྱར་དམ་པོར་དམིགས་ནས། བྱ་བའི་བསམ་ཕྱོགས་བསྒྱུར་བ་དང་། བྱ་བའི་བྱེད་ཐབས་དངོས་འབེབས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་བྱ་འགུལ་འཕྲོ་རིམ་འཕྲོར་སྤེལ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་འབད་པ་བྱས་ནས་འཕེལ་རྒྱས་གཉེར་བའི་འཆམ་མཐུན་གྱི་རྣམ་པ་ཞིག་ཆགས།

  མི་རིགས་མཐུན་སྒྲིལ་གྱི་བྱ་འགུལ་སྤེལ་བ་བརྒྱུད་དེ། དགོན་པའི་གྲྭ་བཙུན་རྣམས་ཀྱིས་ཏང་དང་རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་བ་བརྗོད་བྱ་ཡིན་པའི་སློབ་གསོའི་བྱ་འགུལ་རྒྱུན་ཆད་མེད་པར་ཇེ་ཟབ་དུ་བཏང་ཞིང་། འགལ་བ་དང་རྩོད་གཞི་སྣ་ཚོགས་མེད་པར་བཏང་བ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དང་ཟུང་དུ་སྦྲེལ་ནས། ནན་ཏན་སྒོས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལོ་དང་སྔོན་ཐོན་སྐྲུན་པ་དང་ཕུལ་བྱུང་བརྩོན་པའི་བྱ་འགུལ་སྤེལ་ཏེ། ཞིང་ཆེན་རིམ་པའི་ཏང་འཛུགས་དཔེ་སྟོན་བྱེད་ས་གསར་སྐྲུན་བྱེད་པའི་བྱ་བ་ཡར་སྐུལ་བྱས། བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཁྲོད་ཀྱི་འགལ་བ་དང་རྩོད་གཞི་སྣ་ཚོགས་ཐག་བཅད་པ་མ་ཟད། ཁྱད་ཆོས་ལྡན་པའི་ཞིང་སྡེ་གསར་བ་དང་འབྲོག་སྡེ་གསར་བ་གསར་སྐྲུན་བྱེད་པར་རྐང་ཚུགས་ནས། སྡེ་བ་ཉེར་དྲུག་མཁར་གྲོང་ཅན་དུ་འཛུགས་སྐྲུན་བྱེད་པའི་འཆར་གཞི་འཐེན་ཚར་བ་མ་ཟད་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས། ཞིང་སྡེ་གསར་བ་དང་འབྲོག་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་དང་། ཁེ་ལས་བརྒྱས་སྡེ་བ་བརྒྱར་རོགས་སྐྱོར་བྱེད་པ། ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པ་དང་། སྡེ་བའི་ཁོར་ཡུག་ཇེ་བཟང་དུ་གཏོང་བ། དབུལ་སྐྱོར་གནས་སྤོར་སོགས་ལས་གཞི་དག་ཐེར་བཅོས་སྐྱོང་བྱས་ནས། ཆ་ཚང་སྒྲིག་ཆས་འཛོམས་པའི་རོང་འབྲོག་སྡེ་སྐོར་ཞིག་རིམ་བཞིན་ཆགས།

གོང་མ།:སྡེ་ཁུལ་དང་དགོན་པ་རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་བྱེད་པའི་བསམ་བློའི་སློབ་གསོ་ཁྲིད་སྟོན་བྱེད་པར་གཅིག་བསྡུས་སྒོས་དྲིལ་སྒྲོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།
འོག་མ།:མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣའི་དཔྱད་འདེམས་བྱ་འགུལ་དངོས་སུ་མགོ་བརྩམས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
ཟི་ལིང་གྲོང་ཁྱེར་གྱི་ཆེད་མཁས&  
《བདེ་ཆེན་བོད་རིགས་རང་སྐྱོང་ཁུ  
སྡེ་ཁུལ་དང་དགོན་པ་རུ་མི་རིགས&  
མཚོ་བྱང་ཁུལ་ཧེ་ཡན་རྫོང་གིས་མ'  
མཚོ་སྔོན་ཞིང་ཆེན་གྱི་མི་རིགས&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
“རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི
རྨ་ལྷོ་ཁུལ་ཆོས་ལུགས་སོ་སོའི་'
དེ་ལས་མང་བ།