མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣའི་དཔྱད་འདེམས་བྱ་འགུལ་དངོས་སུ་མགོ་བརྩམས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-03-17   རྩོམ་གྱི་ཡོང་ཁུངས།

 ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་ཡོངས་ནས་འདྲ་མཉམ་མཐུན་སྒྲིལ་དང་ཕན་ཚུན་རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཡང་དག་པའི་མེས་རྒྱལ་འདུ་ཤེས་དང་མི་རིགས་འདུ་ཤེས། བདེན་རྫུན་འདུ་ཤེས་བརྟན་པོར་འཛུགས་པར་མཛུབ་སྟོན་བྱེད་པ། ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ཀྱི་སྤྱི་ཚོགས་སྣང་ཚུལ་བཟང་བོ་བསྐྲུན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པའི་ནུས་ཤུགས་གཅིག་སྒྲིལ་བཅས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྩ་འཛུགས་བྱས་ནས་ཞིང་ཆེན་ཡོངས་ནས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣའི་དཔྱད་བསྡུར་འདེམས་ཐོན་བྱ་འགུལ་སྤེལ་རྒྱུའི་ཐག་བཅད།

  ཐེངས་འདིའི་དཔྱད་འདེམས་བྱ་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་བཙུགས་ནས། སྔར་ལས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་གསར་སྐྲུན་བྱེད་པར་དམ་དུ་དམིགས་ནས། རིམ་པ་བཞིན་དཔྱད་འདེམས་བྱས་པ་བརྒྱུད། རིགས་སོ་སོའི་ལས་བྱེད་མང་ཚོགས་དེའི་ཁྲོད་ཞུགས་པར་འགུག་རྒྱུ་དེ་རེད། མཚམས་སྦྱོར་བྱས་པའི་འོས་མིའི་ཁྲོད་དུ་མཚོ་སྔོན་གྱི་ཁྱིམ་ཐོ་ཡིན་པའི་མཚོ་སྔོན་གྱི་མི་ཡོད་པ་དང་། མཚོ་སྔོན་དུ་སློབ་སྦྱོང་དང་བྱ་བ་ལས་བཞིན་པའི་ཞིང་ཆེན་གཞན་པའི་མི་ཡང་ཡོད། ཁོ་ཚོར་ལོ་ཚོད་དང་། ཕོ་མོ། མི་རིགས། ལས་རིགས། ཆབ་སྲིད་ཀྱི་ཐོབ་ཐང་སོགས་མི་བགར་བར། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་ཁྲོད་བྱས་རྗེས་འབུར་ཐོན་བཞག་མྱོང་བའི་རོང་འབྲོག་དམངས་དང་། ལས་བྱེད་པ་དང་ལས་བཟོ་བ། དགེ་རྒན། སྨན་བཅོས་མི་སྣ། གཞི་རིམ་གྱི་ཏང་ཡོན་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་སོགས་དང་སྔོན་ཐོན་མི་སྒེར་ཚང་མ་དཔྱད་འདེམས་ཁྲོད་ཞུགས་ཆོག

གོང་མ།:མཚོ་བྱང་ཁུལ་ཧེ་ཡན་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་བྱ་འགུལ་འཕྲོ་རིམ་འཕྲོར་སྤེལ་ནས། རྫོང་ཡོངས་སུ་འཆམ་མཐུན་གྱི་རྣམ་པ་ཞིག་ཆགས་པ།
འོག་མ།:ཆི་ལེན་རྫོང་གིས་དངུལ་བུན་བྱེ་བ་ལྔ་དང་ས་ཡ་དྲུག་འབུམ་དྲུག་ཁྲི་གཅིག་བཏང་ནས་ལས་ལམ་གསར་འབྱེད་དང་ཕྱུག་བསྒྱུར་གྱི་ཕུགས་འདུན་མངོན་འགྱུར་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
ཟི་ལིང་གྲོང་ཁྱེར་གྱི་ཆེད་མཁས&  
《བདེ་ཆེན་བོད་རིགས་རང་སྐྱོང་ཁུ  
སྡེ་ཁུལ་དང་དགོན་པ་རུ་མི་རིགས&  
མཚོ་བྱང་ཁུལ་ཧེ་ཡན་རྫོང་གིས་མ'  
མཚོ་སྔོན་ཞིང་ཆེན་གྱི་མི་རིགས&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
“རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི
རྨ་ལྷོ་ཁུལ་ཆོས་ལུགས་སོ་སོའི་'
དེ་ལས་མང་བ།