མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་དེ་གྲོང་ཁྱེར་དང་ཁུལ་སོ་སོ་ནས་སྔ་གཞུག་ཏུ་སྤེལ་བར་བཀོད་སྒྲིག་དང་སྐུལ་སློང་བྱས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-03-17   རྩོམ་གྱི་ཡོང་ཁུངས།
       མཚོ་སྔོན་ཞིང་ཆེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྐོར་དང་པོའི་སྤྱི་བསྡོམས་དང་སྐོར་གཉིས་པའི་སྐུལ་སློང་གྲོས་ཚོགས་བསྡུས་རྗེས། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་ཞུགས་པའི་གྲོང་ཁྱེར་དང་ཁུལ་སོ་སོས་མྱུར་དུ་བྱེད་ཐབས་སྤྱད་པ་དང་བཀོད་སྒྲིག་ཞིབ་མོ་བྱས་པར་མ་ཟད། སྔ་གཞུག་ཏུ་སྐུལ་སློང་དང་བཀོད་སྒྲིག་གྲོས་ཚོགས་བསྡུས་ནས་མགོ་བཟང་བོ་ཞིག་ཚུགས།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ་དང་། རྨང་གཞི་འཛིན་པ། འཕེལ་རྒྱས་གཉེར་བ། མང་ཚོགས་དང་འབྲེལ་འདྲིས་བྱེད་པ། དམངས་འཚོ་འཛིན་པ། མཐུན་སྒྲིལ་ལ་ཡར་སྐུལ་གཏོང་བ། རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པའི་དར་སྲོལ་བཟང་བོ་ཆགས་པར་བྱེད་པ་བཅས་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཚོ་ནུབ་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་གསོ་ལག་ལེན་བྱ་འགུལ་མངོན་གསལ་སྒོས་སྤེལ་བ་རྒྱུན་འཁྱོངས་བྱས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྒོ་འབྱེད་ཉི་མོ་ཐག་གཅོད་བྱེད་པ་དང་། བཞུགས་མོལ་ཚོགས་འདུ་བསྡུ་བ། བསམ་འཆར་ཡིག་སྒམ་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ། མང་ཚོགས་ཀྱི་བསམ་འཆར་ཡོངས་ཁྱབ་ཏུ་བསྡུ་ལེན་བྱེད་པ་དང་། རང་རྟོགས་སྒོས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཁུལ་རང་གི་དོན་དངོས་ཀྱི་གནས་ཚུལ་དང་སྦྲེལ་ཏེ། རྨ་ལྷོའི་ཁྱད་ཆོས་འབུར་དུ་ཐོན་པ་དང་། དུས་རྒྱུན་དུ་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་བྱ་འགུལ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སློབ་གསོ་ལག་ལེན་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། སློབ་གསོ་ལག་ལེན་བྱ་འགུལ་ལ་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱས། མཚོ་ཤར་དང་མཚོ་ལྷོ། ཡུལ་ཤུལ། མགོ་ལོག་སོགས་གྲོང་ཁྱེར་དང་ཁུལ་གྱིས་གནས་ཚུལ་དངོས་གཞིར་བཟུང་སྟེ། རིགས་བཀར་ནས་མཛུབ་སྟོན་དང་གོང་འོག་འབྲེལ་འདྲིས་བྱེད་པ། རེ་བ་ནན་མོ་འདོན་པ་བཅས་བྱས་ནས། གྲོང་ཁྱེར་དང་ཁུལ། རྫོང་། ཞང་གྲོང་སོགས་ཀྱི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ཚན་ཁག མགོ་ཁྲིད་ལས་བྱེད་པ་བཅས་ལ་གནས་པའི་སྤྱོད་ངན་བཞིའི་གནད་དོན་གཙོ་བོར་བཟུང་སྟེ་ཐག་གཅོད་བྱེད་བཞིན་ཡོད། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་དེས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་ཆེད། ཞིང་ཆེན་ཏང་ཨུས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཞི་མངགས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་། ས་གནས་སོ་སོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གོ་རིམ་ཡོངས་ལ་ལྟ་སྐུལ་མཛུབ་སྟོན་བྱེད་རྒྱུ་རེད།  
གོང་མ།:ཆི་ལེན་རྫོང་གིས་དངུལ་བུན་བྱེ་བ་ལྔ་དང་ས་ཡ་དྲུག་འབུམ་དྲུག་ཁྲི་གཅིག་བཏང་ནས་ལས་ལམ་གསར་འབྱེད་དང་ཕྱུག་བསྒྱུར་གྱི་ཕུགས་འདུན་མངོན་འགྱུར་བྱས་པ།
འོག་མ།:ཁྲི་ཀ་རྫོང་གིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་འཛུགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
ཟི་ལིང་གྲོང་ཁྱེར་གྱི་ཆེད་མཁས&  
《བདེ་ཆེན་བོད་རིགས་རང་སྐྱོང་ཁུ  
སྡེ་ཁུལ་དང་དགོན་པ་རུ་མི་རིགས&  
མཚོ་བྱང་ཁུལ་ཧེ་ཡན་རྫོང་གིས་མ'  
མཚོ་སྔོན་ཞིང་ཆེན་གྱི་མི་རིགས&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
“རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི
རྨ་ལྷོ་ཁུལ་ཆོས་ལུགས་སོ་སོའི་'
དེ་ལས་མང་བ།