མདོ་ལ་རྫོང་མུ་རི་གྲོང་རྡལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་འགུལ་ཁྲོད་དུ་ཐབས་ལམ་གསར་བ་བཏོན་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

  མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མུ་རི་གྲོང་རྡལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་འགུལ་ཁྲོད་དུ།གནད་དོན་ཐག་གཅོད་པར་ཕན་འབྲས་ལེན་པ་དང་།མི་དམངས་མང་ཚོགས་ལ་ཁེ་ཕན་བསྐྲུན་པ་དེ་མགོ་རྩོམ་ས་དང་རྐང་འཛུགས་ས་བྱས་ནས།གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ཁུལ་དང་རྫོང་གི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི།སྲིད་གྲོས་ཀྱི་ཨུ་ཡོན་བཅས་གཞི་རིམ་གྱི་སྡེ་བ་དང་ཁྱིམ་ཚང་རེ་རེར་བསྐྱོད་པའི་བྱ་འགུལ་སྤེལ་ཏེ།དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།བསྡོམས་པས་གྲོང་རྡལ་ཡོངས་ཀྱི་ཁྱིམ་ཚང་སྟོང་གཅིག་དང་བདུན་བརྒྱ་ལྷག་ཏུ་སོང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ས་ཁུལ་གསར་སྐྲུན་དང་དཔེ་སྟོན་རྫོང་གསར་སྐྲུན་བྱེད་པའི་ཐབས་ལམ་གསར་བ་བཏོན་པ་དང་། བསམ་ཕྱོགས་གསར་བ་དང་། ཉམས་མྱོང་གསར་བ་འདོན་སྤྲོད་བྱས་ནས། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་བཏང་།

     གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་སྐབས། ཐོན་སྐྱེད་དང་འཚོ་བར་དཀའ་ཁག་ཆེ་བའི་ཁྱིམ་ཚང་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། དཀའ་ཁག་ཅན་གྱི་ཁྱིམ་ཚང་བཅུ་གཉིས་ལ་འཚམས་འདྲི་བྱས་ནས།སྒོར་མོ་སྟོང་གསུམ་དང་དྲུག་བརྒྱ་ལྷག་གིས་རོགས་སྐྱོར་བྱས།དེ་མིན་དྲིལ་སྒྲོག་སློབ་གསོའི་མཛུབ་སྟོན་བྱ་བ་བཟང་བོར་སྒྲུབ་ནས།སྡེ་བ་རེ་རེའི་དོན་དངོས་དང་ཟུང་དུ་སྦྲེལ་ནས།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་།བོད་ཁུལ་ལ་གཏོགས་པའི་བརྟན་འཇགས་སྲུང་སྐྱོང་དང་།མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་འགུལ་གྱི་རྩ་དོན་སོགས་ཏང་ཡོན་དང་མང་ཚོགས་རེ་རེ་དང་ཁྱིམ་ཚང་རེ་རེའི་ཁྲོད་དུ་དྲིལ་བསྒྲགས་བྱས།

གོང་མ།:བདེ་ཆེན་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་སྡེ་ཁག་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ།
འོག་མ།:མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་བསྐྱོད་ཁུལ་གསར་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་བདེ་འཇགས་ཐོན་སྐྱེད་འགན་སྲུང་འདོན་སྤྲོད་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།