མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་བསྐྱོད་ཁུལ་གསར་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་བདེ་འཇགས་ཐོན་སྐྱེད་འགན་སྲུང་འདོན་སྤྲོད་བྱས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-28   རྩོམ་གྱི་ཡོང་ཁུངས།

       ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ལྟ་སྲུང་དོ་དམ་ཅུའུ་དང་མཚོ་སྔོན་རྡོ་སོལ་རྟོག་དཔྱོད་ཅུའུ་གཉིས་ཀྱིས་གཟབ་ནན་སྒོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཞི་བས་ཞིང་ཆེན་ཡོངསཀྱིསམི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་བསྐྱོད་ཁུལ་དང་འབྲེལ་བའི་བཀོད་སྒྲིག་གཙོ་བོ་གསར་སྐྲུན་བྱས་ནས།བདེ་འཇགས་ལྟ་སྲུང་དོ་དམ་དང་ལྟ་ཞིབ་བྱ་བའི་དོན་དངོས་དང་ཟུང་དུ་འབྲེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོནབསྐྱོདཁུལ་གསར་སྐྲུན་བྱབའི་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོ་ཞིག་ཏུ་བཟུང་ནས། བྱ་བ་སོ་སོར་ཡར་སྐུལ་བྱེད་པར་དམ་འཛིན་བྱས།

    གཅིག སློབ་གསོ་ཁྱབ་སྒྲོག་བྱ་བ་དམ་པོར་བཟུང་ནས། མི་རིགས་མཐུན་སྒྲིལ་སྔར་ལས་ཁྱབ་བརྡལ་དུ་བཏང་སྟེ་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ལས་ཁུངས་གཉིས་ཀྱི་ཏང་ཨུའི་ཚན་ཁག་གིས་དུས་ཐོག་ཏུ་མགོ་ཁྲིད་ལས་བྱེད་མི་སྣའི་ཚོགས་འདུ་བསྡུས་ནས། འཆར་གཞི་གཏན་འབེབས་དང་། ཆེད་དམིགས་བཀོད་སྒྲིག ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་བསམ་བློ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་བསྐྱོད་ཁུལ་གསར་སྐྲུན་གྱི་ཕྱོགས་ལ་བསྒྱུར་ནས། ལས་ཁུངས་ཕྱོགས་གཉིས་ཀྱི་དྲ་ཚིགས་དང«མཚོ་སྔོན་བདེ་འཇགས་ཐོན་སྐྱེད»ཅེས་པའི་དུས་དེབ་གཉིས་བེད་སྤྱད་དེ། ཆེད་དོན་དང་ཆེད་སྒྲིག་ལེ་ཚན་བཙུགས་པ་དང་།ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡི་ཆབ་སྲིད་སློབ་སྦྱོང་ལམ་ལུགས་དང་ཟུང་འབྲེལ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་དང་། ཆོས་ལུགས་ལྟ་བ། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཀྱི་ཁྱབ་བསྒྲགས་སློབ་གསོ་ཤུགས་ཆེ་རུ་བཏང་ནས།ཏང་ཡོན་ལས་བྱེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ་གྱི་གལ་ཆེན་རང་བཞིན་གྱི་ཤེས་བྱ་མཐོར་འདེགས་སུ་བཏང་། དེ་དང་མཉམ་དུ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ལོ་རེ་བཞིན་ཇེ་མང་ལ་འགྲོ་བའི་དོན་དངོས་ལ་ཁ་གཏད་ནས། ཁོ་ཚོའི་འཚོ་བའི་གོམས་གཤིས་ལ་བརྩི་བཀུར་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུ་གཙིགས་སུ་བཟུང་སྟེ། མི་རིགས་སོ་སོའི་ལས་བྱེད་པ་འཆམ་མཐུན་ངང་མཉམ་དུ་འཕེལ་རྒྱས་འབྱུང་བར་སྐུད་འདེད་བཏང་།

  གཉིས་པ། ནང་རྐྱེན་གྱི་འཛུགས་སྐྲུན་བྱ་བ་དམ་པོར་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐུན་བྱེད་པར་འགན་སྲུང་འདོན་སྤྲོད་བྱེད་དགོས། འགུལ་སྐྱོད་ཀྱི་མགོ་ཁྲིད་གསར་སྐྲུན་ལ་ཤུགས་སྣོན་ཆེད། ཅུའུ་ཏང་ཙུའུ་ཡིས་ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་ཚོགས་གཙོ་ཡིན་པའི་མགོ་ཁྲིད་ཚན་ཆུང་ཞིག་བཙུགས་པ་དང་། བདེ་ཐང་གི་ཡུན་རིང་ནང་རྐྱེན་འཛུགས་རྒྱུ་དེ་གནད་ལ་འབབ་ས་དང་འབུར་དུ་ཐོན་སར་བཞག་ནས། རིམ་གྱིས་གསར་སྐྲུན་བྱ་བའི་འགོ་ཁྲིད་དང་ཁྱབ་སྒྲོག དཔྱད་ཞིབ། ལྟ་ཞིབ། བྱ་དགའ་དང་ཆད་པ་གཅོད་པ་སོགས་ཀྱི་ནང་རྐྱེན་ཆེན་པོ་ལྔ་འཛུགས་སྐྲུན་བྱས་པ་དེས། གསར་སྐྲུན་གྱི་བྱ་བ་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་ལམ་བུར་བསྐྱོད་དུ་བཅུག གཅིག་ནི་འཐུས་ཚང་བའི་གཙོ་འགན་འཁུར་མཁན་དངོས་སུ་འཛིན་པ་དང་། མགོ་ཁྲིད་ཀྱི་ལས་བགོས་འགན་གཉེར་གཙིགས་སུ་འཛིན་པ། སྡེ་ཁག་དང་གཞུང་སྒྲུབ་ཁང་སྤྱི་ཁྱབ་ནས་བཟུང་བའི་འགོ་ཁྲིད་ནང་རྐྱེན་བཅས་བརྒྱུད་ནས། གསར་སྐྲུན་བྱ་བ་རྒྱ་ཆེར་སྤེལ་བའི་ཆེད་ལ་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། གཉིས་ནི་སློབ་གསོ་ཁྱབ་སྤེལ་རྒྱ་ཆེ་རུ་བཏང་བ་བརྒྱུད་ནས། གསར་སྐྲུན་བྱ་བ་ལེགས་པོར་བསྒྲུབ་ཆེད་རྒྱ་ཆེ་བའི་མང་ཚོགས་ཀྱི་རྨང་གཞི་ཚུགས་པར་བྱེད་དགོས། གསུམ་ནི་འགན་འཁྲི་གསལ་བོ་དང་བྱ་དགའ་དང་ཉེས་ཆད་དབྱེ་འབྱེད་ཀྱི་དཔྱད་ཞིབ་བྱ་བ་འཛུགས་སྐྲུན་དང་འཐུས་ཇེ་ཚང་དུ་བཏང་ནས། རིགས་སོ་སོའི་འགན་འཁྲི་གསར་སྐྲུན་གྱི་ཕྱོགས་ཡོངས་དངོས་འབེབས་ལ་སྲུང་སྐྱོབ་བྱེད་དགོས། བཞི་ནི་ལྟ་ཞིབ་བྱ་བ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་བརྒྱུད་ནས། གསར་སྐྲུན་བྱ་བ་སྤྱི་ཡོངས་ནས་སྤེལ་བར་སྐུལ་འདེད་གཏོང་དགོས། ལྔ་ནི་སྔོན་ཐོན་གཙོ་བོར་འཛིན་པ་དང་། རྗེས་ལུས་ལ་སྐུལ་འདེད་བྱས་ནས་ཡང་རྩེར་བསྙེག་པའི་གསར་སྐྲུན་གྱི་སྣང་ཚུལ་འཛུགས་སྐྲུན་བྱེད་པ་དང་གསར་སྐྲུན་གྱི་བྱ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས།

  གསུམ་པ། བདེ་འཇགས་ངང་ཁྲིམས་ལག་བསྟར་བྱེད་པ་དམ་འཛིན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དུ་བདེ་འཇགས་ཀྱི་ཐོན་སྐྱེད་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས། རྒྱུན་འཁྱོངས་སྒོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་འགན་དབང་ལ་སྲུང་སྐྱོབ་བྱ་རྒྱུ་དེ་སྔོན་བསྐྱོད་ཁུལ་གྱི་གསར་སྐྲུན་བྱ་བའི་མགོ་འཛུགས་ས་དང་གཏན་ལ་འབབ་ས་བྱས་ནས། ལས་འགན་ལག་བསྟར་གྱི་བརྒྱུད་རིམ་ཡོངས་དངོས་འབེབས་བྱེད་དགོས། བདེ་འཇགས་ལྟ་སྲུང་དོ་དམ་དང་ལྟ་ཞིབ་ཚན་ཁག་གི་བྱ་བའི་ནུས་པ་དང་ལས་སྒོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། བདེ་འཇགས་ཀྱི་ལྟ་སྲུང་དོ་དམ་དང་ལྟ་ཞིབ། སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་པ་དང་། ལྟ་ཞིབ་དང་ཞིབ་བཤེར། ཡིག་བསྐུར་དང་འཚམས་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་གནད་དོན་འབུར་དུ་ཐོན་པར་ཤུགས་སྣོན་དང་། བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ། མུ་མཐུད་དུ་བདེ་འཇགས་ཐོན་སྐྱེད་ཁོར་ཡུག་དང་ཆ་རྐྱེན་འཐུས་ཇེ་ཚང་དུ་བཏང་སྟེ། མང་ཚོགས་ལ་བདེ་སྣང་སྟེར་བའི་ཚད་ཇེ་མཐོར་གཏོང་དགོས། ཞབས་ཞུའི་འདུ་ཤེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཞབས་ཞུའི་ལས་དོན་ཇེ་ལེགས་སུ་བཏང་ནས། དོན་དངོས་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞི་རིམ་མང་ཚོགས་ལ་དོན་བཟང་དང་དོན་དངོས་བསྒྲུབ་དགོས་པ་དང་། དོན་དངོས་ལག་བསྟར་གྱིས་མི་རིགས་མཐུན་སྒྲིལ་བྱ་བ་ཁྱབ་སྤེལ་དུ་གཏོང་དགོས། ད་ལོའི་བར་དུ། ལས་རིགས་གཙོ་བོའི་ཁྱབ་ཁོངས་སུ་ཁྲིམས་དང་མི་མཐུན་པར་རྡུང་རྡེག་དང་ཁྲིམས་འགལ་ལ་ལེགས་བཅོས་བྱེད་པ། དོན་རྐྱེན་ལ་ཞིབ་བཤེར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ནན་མོ་བྱེད་པ། བདེ་འཇགས་ཆེད་དམིགས་ལས་གཞི་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་ནས། གྲུབ་འབྲས་མི་དམན་པ་ཞིག་བླངས། ཟླ་དང་པོ་ནས་བརྒྱད་པའི་བར། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་ཁྲོད་ཤི་བའི་མི་གྲངས་མི་བཅུ་བཞི་ཡིས་ཇེ་ཉུང་དང་བརྒྱ་ཆའི་གསུམ་གྲངས་ཆུང་གསུམ་བདུན་གྱིས་མར་བབས་ནས། རིགས་སོ་སོའི་དོན་རྐྱེན་ཁྲོད་ཤི་བའི་མི་གྲངས་དང་། ཚབས་ཆེ་བའི་དོན་རྐྱེན་ཐེངས་གྲངས་གཉིས་ཀྱི་དཔྱད་ཞིབ་ཚད་གཞི་དེ་ཆ་སྙོམས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་སུ་ཚོད་འཛིན་བྱས་ལ། ཚབས་ཆེ་བའི་དོན་རྐྱེན་ཆེན་པོ་མ་བྱུང་བའི་སྔོན་ལ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་དང་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་ངང་བརྟན་འཇགས་སུ་སོང་།

   བཞི་བ། གནད་འགག་བྱ་བ་དམ་འཛིན་བྱས་ཏེ། མང་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ། «མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ་བསྐྲུན་པའི་ལག་བསྟར་རྩ་གནད»དང«མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ་གསར་སྐྲུན་གྱི་ཉེ་སྔོན་གྱི་གཙོ་གནད་འགན་ཁུར་གྱི་ལས་བགོས་བྱེད་ཕྱོགས»གཞིར་བཟུང་སྟེ། འབྲེལ་ཡོད་ཀྱི་ཆེད་དམིགས་ལས་གཞི་ཕྱོགས་ཡོངས་ནས་ལེགས་བཅོས་བཏང་ལ། ཧུར་ཐག་གིས་མང་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པའི་ཐོན་སྐྱེད་བདེ་འཇགས་དང་གཟན་ཆས་སྨན་རྫས་བདེ་འཇགས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས། སློབ་རའི་བདེ་འཇགས་དང་སྤྱི་ཚོགས་བདེ་འགོད་སོགས་ཕྱོགས་ཀྱི་འབུར་ཐོན་གནད་དོན་ཐག་བཅད་པ། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་གི་མགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ་གསར་སྐྲུན་དང་ཉེ་ཆར་སྤེལ་བའི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོའི་བྱ་བ་དང་ཟུང་དུ་འབྲེལ་ནས། ཟླ་བ་བདུན་པའི་ཟླ་སྟོད་ནས་བཟུང་སྟེ། ཟླ་བ་གསུམ་གྱི་དུས་ཚོད་བེད་སྤྱད་དེ་ཞིང་ཆེན་ཡོངས་སུ་ཁེབས་པ་དང་། ནན་ཏན་གྱིས་ཁྲིམས་ལག་བསྟར་བྱེད་པ། ཕན་འབྲས་མཐོ་བའི་སྤྱིའི་དགོས་མཁོའི་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་བྱ་འགུལ་སྤེལ་བ་ནས་བཟུང་། ཕྱོགས་བསྡུས་ལྟ་ཞིབ་ཚོ་ཆུང་བཞི་དང་ཆེད་དོན་ལྟ་ཞིབ་ཚོ་ཆུང་བཅུ་དྲུག་གིས་གྲུབ་པ་དང་། བསྡོམས་པས་ཁེ་ལས་དང་ལས་དོན་ལས་ཁུངས་དང་། མི་མང་འདུས་ས་ཁྲི་གཅིག་དྲུག་བརྒྱ་དགུ་ཅུ་གོ་དགུ་ལ་ལྟ་རྟོག་བྱས་ལ། རིགས་སོ་སོའི་བདེ་འཇགས་དོན་རྐྱེན་སྣ་ཁ་ཁྲི་གཉིས་སྟོང་གཅིག་བཞི་བརྒྱ་བདུན་བཅུ་དོན་ལྔ་ལེགས་བཅོས་བྱས། ཐོན་སྐྱེད་མཚམས་འཇོག་པ་དང་ལས་ཀ་མཚམས་འཇོག་པ། འཛུགས་སྐྲུན་མཚམས་འཇོག་པར་བཀའ་བསྒྲགས་པའི་ལས་ཁུངས་དོན་དགུ་ཡོད་ཅིང་། འབྲེལ་ཡོད་ཆོག་མཆན་དཔང་རྟགས་དང་ལས་དོན་དཔང་ཡིག ལས་རིགས་ཐོབ་ཐང་སོགས་རིགས་གནས་སྐབས་སུ་གཞུང་བཞེས་དང་ཕྱིར་ལེན་བྱས། ཁྲིམས་དང་མི་མཐུན་པའི་ཁེ་ལས་བཅོ་བརྒྱད་སྒོ་གཏན་ཏེ་སྒོར་འབུམ་བདུན་ཁྲི་བརྒྱད་ལྷག་གི་ཆད་པ་བཅད་པ་དེས། བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་དང་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་གནད་དོན་སྐོར་ཞིག་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱས། ཁྲིམས་མཐུན་མིན་པ་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་ཐེབས་ཏེ་མི་རིགས་མཐུན་སྒྲིལ་གོང་འཕེལ་གྱི་རྣམ་པ་བཟང་བོ་སྔར་ལས་སྲ་བརྟན་དང་། སྤྱི་ཚོགས་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་གཏན་འཇགས་ཡོང་བར་སྲུང་སྐྱོབ་བྱས། 
           ལྔ་བ། དབུལ་ཕོངས་ལ་རོགས་སྐྱོར་དང་ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་གོང་འཕེལ་གྱི་འཆམ་མཐུན་ཁོར་ཡུག་དང་རྨང་གཞི་དམ་འཛིན་བྱེད་པ། དངོས་གནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞི་རིམ་མང་ཚོགས་ལ་དོན་བཟང་སྒྲུབ་པ་དང་དངོས་དོན་སྒྲུབ་པ་དེ་མི་རིགས་མཐུན་སྒྲིལ་གོང་འཕེལ་གྱི་སྔོན་ཐོན་ཁུལ་བསྐྲུན་པའི་མགོ་རྩོམ་ས་བྱས་ཏེ། དོན་དངོས་ལག་ལེན་གྱིས་མི་རིགས་མཐུན་སྒྲིལ་གོང་འཕེལ་ལ་སྐུལ་འདེད་བཏང་། ལོ་སྔོན་མ་གསུམ་ལ་ཅུའུ་ཡི་གནས་གཏན་འཁེལ་གྱི་དབུལ་སྐྱོར་སྡེ་བའི་མི་རེར་ཆ་སྙོམས་ཡོང་འབབ་ལ་སྒོར༤༤༠ཁ་སྣོན་བྱས་པ་དང་། འཕར་ཚད་བརྒྱ་ཆའི་ང་བདུན་ལྷག་གི་རྨང་གཞིའི་ཐོག ཅུའུ་ཡི་འགོ་ཁྲིད་ཀྱིས་རུ་ཁག་ཁྲིད་དེ་དབུལ་སྐྱོར་སྡེ་བ་གཞན་པ་ཞིག་ཏུ་ཟབ་ཞུགས་བྱས་ཤིང་ནན་ཏན་གྱིས་གཞི་རིམ་ལས་བྱེད་པས་ཡུལ་དངོས་ནས་བརྟག་ཞིབ་བྱས་པ་བརྒྱུད། དབུལ་ཐར་ཕྱུག་འགྱུར་གྱི་ཐབས་བཀོད་དང་བྱེད་ཐབས་ལ་བསམ་བློ་བཏང་སྟེ། དཀའ་ཁག་ཤིན་ཏུ་ཆེ་བའི་ཁྱིམ་ཚང་ལ་འཚམས་འདྲིའི་རོགས་དངུལ་སྒོར་ཁྲི་གསུམ་བྱིན། ད་དུང་ཧུར་ཐག་གིས་ཏང་སྲིད་དམག་ཁེ་ལས་ཡིས་དཔེ་སྟོན་སྡེ་བ་མཉམ་སྐྲུན་གྱི་བྱ་འགུལ་སྤེལ། ཅུའུ་ཡི་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་མཉམ་སྐྲུན་ལས་ཁུངས་ཏེ། མཚོ་ལྷོ་ཁུལ་ཀོས་ནན་རྫོང་གི་མགོ་མང་གྲོང་བརྡལ་གྱི་རུ་སྔོན་ཞོལ་མར་ཡུལ་དངོས་བརྟག་ཞིབ་བྱས་ལ། མ་དངུལ་ཁྲི་བཅུ་བཏང་སྟེ་སྡེ་བ་དེའི་འབྲོག་དམངས་ཀྱི་སྡོད་གནས་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་རོགས་རམ་བྱས། དབུལ་བོར་རོགས་སྐྱོར་གཏན་འབེབ་དང་ཐུན་མོང་སྒྲིག་འཛུགས་སྤེལ་བ་བརྒྱུད། ལས་བྱེད་མི་སྣ་དང་གྲངས་ཉུང་མི་རིགས་དབུ་ཕོངས་ས་ཁུལ་གྱི་མང་ཚོགས་འབྲེལ་བ་དམ་ཟབ་ཏུ་སོང་བ་དང་ལས་བྱེད་མི་སྣར་ངོས་འཛིན་གསར་བ་ཐོབ་པར་མ་ཟད། མི་རིགས་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་བསྣན། 
           དྲུག་པ། བདེ་འཇགས་ཐོན་སྐྱེད་གསོ་སྦྱོང་དམ་འཛིན་བྱས་ཏེ། མི་རིགས་མཐུན་སྒྲིལ་གོང་འཕེལ་གྱི་རྨང་གཞི་དངོས་འབེབ་བྱེད་པ། རྩ་འཛུགས་ཆེད་མཁས་པ་ཡུལ་ཤུལ་དང་མགོ་ལོག་སོགས་ས་ཆར་ཕྱིན་ཏེ་རིན་མི་ལེན་པར་བདེ་འཇགས་ཐོན་སྐྱེད་ཀྱི་གསོ་སྦྱོང་བཙུགས་པའི་རྨང་གཞིའི་སྟེང་། ཉེ་ཆར་ཡང་སྔ་རྗེས་སུ་ཟི་ལིང་དང་མཚོ་ལྷོ། མཚོ་བྱང་། རྨ་ལྷོ། ཡུལ་ཤུལ་སོགས་ས་གནས་ནས་གསོ་སྦྱོང་འཛིན་གྲྭ་ཐེངས་བརྒྱད་བསྒྲུབས་པ་ཡིན་ལ། གྲངས་ཉུང་མི་རིགས་ཀྱི་དོ་དམ་ལས་བྱེད་མི་སྣ་གསོ་སྦྱོང་བྱེད་པར་ཤུགས་སྣོན་བྱས་ཤིང་། བསྡོམས་པས་ཞང་དང་གྲོང་བརྡལ་བདེ་འཇགས་ལ་དོ་དམ་བྱེད་པའི་ཞང་ཀྲང་གཞོན་པ། གྲོང་བརྡལ་མགོ་གཙོ་གཞོན་པ། ཀྲུའུ་རིན་གཞོན་པ་དང་སྡོད་ཁུལ་ཀྲུའུ་རིན་སོགས་སྲིད་གཞུང་གི་ལས་བྱེད་མི་སྣ་ལྔ་བརྒྱ་ལྔ་བཅུ་ང་བརྒྱད་གསོ་སྦྱོང་བྱས་ཟིན་པ་རེད། ཁེ་ལས་ཆུང་བའི་བདེ་འཇགས་དོ་དམ་གྱི་མི་སྣ་བཞི་བརྒྱ་ཉི་ཤུ་ལ་ཉེ་བ་འདུས། དུས་གཅིག་ཏུ་རྩ་འཛུགས་ཆེད་མཁས་ཀྱིས«ཞང་དང་གྲོང་བརྡལ་གྱི་ལས་བྱེད་མི་སྣའི་བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱ་ཀློག་དེབ»དང«ཁེ་ལས་བདེ་འཇགས་དོ་དམ་མི་སྣའི་ཤེས་བྱའི་ཀློག་དེབ»རྩོམ་སྒྲིག་བྱས་ཤིང་ཁྱོན་སྡོམ་དཔེ་དེབ་དགུ་བརྒྱ་དགུ་བཅུ་ལྷག་རིན་མི་ལེན་པར་མར་བཀྲམས་པ་དང་། ཚོགས་པ་རྩ་འཛུགས་བྱས་ནས་བདེ་འཇགས་ཤེས་བྱ་སློབ་གྲྭ་དང་། ཁེ་ལས། སྡེ་བ། སྡོད་ཁུལ། འབྲོག་ཁུལ་སོགས་སུ་བསྐྱལ་བའི་བྱ་འགུལ་ཐེངས་བཅོ་ལྔར་སྤེལ་བ་དང་། རིན་ཐང་སྒོར་མོ་ཁྲི་དྲུག་ལྷག་བཏང་བའི་དྲིལ་སྒྲོག་དེབ་ཆུང་འབུམ་གཅིག་ལྷག་མར་བཀྲམས་པ་རེད།

གོང་མ།:མདོ་ལ་རྫོང་མུ་རི་གྲོང་རྡལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་འགུལ་ཁྲོད་དུ་ཐབས་ལམ་གསར་བ་བཏོན་པ།
འོག་མ།:རྐང་ཚ་རྫོང་གིས་རྒྱུན་ཆད་མེད་པར་རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་ཚན་རིག་རང་བཞིན་གྱི་ཆུ་ཚད་ཇེ་མཐོར་བཏང་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།