གསར་སྐྲུན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ལས་ཞུགས་ཞིབ་དཔྱད་ལམ་ལུགས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

            དང་པོ།  ལས་ཞུགས་ལས་གྲོལ་གྱི་ལམ་ལུགས་ནན་སྲུང་བྱེད་དགོས།  ལས་ཞུགས་མིང་ཐོ་འགོད་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད༨:༣༠དང་།  ཕྱི་དྲོའི་ཆུ་ཚོད༢:༣༠ཡིན།  ལས་ཞུགས་དུས་ཚོད་ནང་དུ་རང་གི་ལས་གནས་དང་ཁ་བྲལ་མི་ཆོག་ལ།  རྗེས་ལུས་པ་དང་ལས་གྲོལ་དུས་ཚོད་མ་ཐོན་གོང་དུ་ལས་གནས་དང་ཁ་འབྲལ་མི་ཆོག  ལས་ཞུགས་དུས་ཚོད་ཀྱི་སྐབས་སུ་རྒྱུ་མཚན་མེད་པར་མི་གཞན་སར་འགྲོ་མི་ཆོག་པ་དང་ལས་གནས་དང་ཡང་ཁ་བྲལ་མི་ཆོག

            གཉིས་པ།  ལས་བྱེད་མི་སྣས་དོན་དག་དང་ན་ཚའི་དབང་གིས་དགོངས་པ་ཞུ་དགོས་ཚེ།  ངེས་པར་ཡིག་ངོས་ནས་རྒྱུན་རྐྱེན་དང་དུས་ཚོད་གསལ་བོའི་སྒོ་ནས་དགོངས་ཞུ་ཡི་གེ་བྲིས་ཏེ་འགོ་ཁྲིད་གྱིས་ཆོག་མཆན་མིང་འགོད་དགོས།  དགོངས་ཞུ་ཉིན་གསུམ་ནང་ཡིན་ན་གསར་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཀྲུའུ་རིན་གཞོན་པས་ཆོག་མཆན་བཀོད་ཆོག་པ་དང་།  ཉིན་གསུམ་ཡན་ཡིན་ན་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་འགོ་ཁྲིད་ཐད་པ་བྱུང་རྗེས།  གསར་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཀྲུའུ་རིན་གྱིས་ཆོག་མཆན་བཀོད་དགོས།  དགོངས་ཞུའི་ཚད་བཀག་དུས་ཚོད་ནང་ཕྱིར་ཐོན་དགོས་ལ།  དུས་ཚོད་བརྒལ་ཚེ་ལས་ཆད་ལྟར་ཐག་གཅོད་རྒྱུ་ཡིན།  དགོངས་པ་མི་ཞུ་མཁན་ལའང་ལས་ཆད་ལྟར་ཐག་གཅོད་བྱེད་རྒྱུ་ཡིན།  དགོངས་ཞུ་ཡི་གེ་གཞུང་ལས་ཁང་དུ་སྤྲོད་དགོས།

            གསུམ་པ།  ལས་བྱེད་མི་སྣ་ལས་ཆད་དང་གཞུང་དོན་དུ་ཕྱིན་པ།  དགོངས་ཞུའི་དུས་ཚོད་ལོན་ཡང་དོན་མེད་དུ་ཕྱིར་མ་ལོག་པར་བསྟུད་མར་ཉིན༡༥འགོར་བའམ་ལོ་གཅིག་ནང་ཁྱོན་བསྡོམས་ཉིན༡༠༠ལས་ཆད་བྱས་པ་རྣམས་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ཁྲིམསཀྱི་འབྲེལ་ཡོད་ཆོད་དོན་ལྟར་ཐག་གཅོད་བྱེད་རྒྱུ་ཡིན།  གཞུང་སྒྲུབ་ཁང་གིས་བྱེ་བྲག་གི་ལས་ཀ་ལག་བསྟར་བྱེད་རྒྱུར་རྩ་འཛུགས་དང་ལྟ་སྐུལ་བྱེད་དགོས།

གོང་མ།:གསར་སྐྲུན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་གསང་སྲུང་ལམ་ལུགས།
འོག་མ།:གསར་སྐྲུན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་གཞུང་ཡིག་དོ་དམ་ལམ་ལུགས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།