གསར་སྐྲུན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་གཞུང་ཡིག་དོ་དམ་ལམ་ལུགས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

             དང་པོ། མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསར་སྐྲུན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་སྤེལ་བའི་ཡིག་ཆའི་རིགས།  འབྲེལ་ཡོད་འགོ་ཁྲིད་ཀྱིས་ཞིབ་བཤེར་བྱས་རྗེས།  མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསར་སྐྲུན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་གྱིས་ཆོག་མཆན་བཀོད་ནས་སྤེལ་དགོས།  ཆོག་མཆན་བཀོད་ཚར་རྗེས་དུས་ཐོག་ཏུ་ཐོ་འགོད་དང་།  རིགས་བཀར་ཏེ་ཉར་ཚགས་བྱེད་དགོས། 

             གཉིས་པ།  ཆེད་དུ་མི་མངགས་ནས་ཡིག་ཆ་ཚུར་ལེན་པ་དང་།  རིགས་བགར་སོགས་ཀྱི་བྱ་བའི་འགན་ཁུར་དགོས།  ཡིག་ཆའི་རིགས་སོ་སོ་འབྲེལ་ཡོད་ཀྱི་འགོ་ཁྲིད་ལ་ཞིབ་བཤེར་བྱེད་དུ་བཅུག་ནས་གཟིགས་འབུལ་བསམ་འཆར་ལྟར་གཏན་འཁེལ་གྱི་དུས་ཚོད་ནང་དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་དང་མི་སྣར་བརྒྱུད་སྤེལ་བྱས་ནས་ལྟ་ཀློག་བྱེད་དུ་འཇུག་དགོས།  བརྒྱུད་སྤེལ་ཡིག་ཆའི་འགྲོ་ཡུལ་གསལ་བོར་ཐོ་འགོད་དང་།  དུས་ཐོག་ཏུ་ཕྱིར་བསྡུ་དང་ཕྱིར་སྤྲོད་པ།  ཉར་ཚགས།  མེད་པར་བཟོ་བ་བཅས་ཀྱི་བྱ་བ་ལེགས་པར་སྒྲུབ་དགོས།  འགོ་ཁྲིད་ཀྱིས་བསམ་འཆར་ཡི་གེ་བཀོད་ཡོད་པའི་ཡིག་ཆའི་རིགས་ལ་ཐོ་འགོད་དང་བྱ་བ་སྒྲུབ་པ།  ལག་ལེན་མཐར་ཕྱིན་བྱེད་པ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས་ཤིང་།  བྱ་བའི་གྲུབ་འབྲས་དུས་ཐོག་ཏུ་འགོ་ཁྲིད་ལ་ཡར་ཞུ་བྱེད་དགོས།  ཛ་དྲག་ཆེ་བའི་གནས་ཚུལ་ལ་འཕྲད་དུས།  འབྲེལ་ཡོད་འགོ་ཁྲིད་ལ་ཡར་ཞུ་དང་ཆོག་མཆན་ཐོབ་རྗེས་བརྒྱུད་སྤེལ་གྱི་གོ་རིམ་ཇེ་སླར་གཏོང་བ་དང་།  བྱ་བ་སྒྲུབ་ཚར་རྗེས་འབྲེལ་ཡོད་ཀྱི་འགྲོ་ལུགས་དག་དུས་ཐོག་ཏུ་ཁ་གསབ་བྱེད་དགོས།

             གསུམ་པ།  གཞུང་ཡིག་གཡར་ནས་ཀློག་པར་ཐོ་འགོད་དང་།  མིང་འགོད་པའི་འགྲོ་ལུགས་རྣམས་གཟབ་ནན་སྒོས་ལག་བསྟར་བྱེད་དགོས།  ཡིག་ཆ་བོར་བརླག་བྱུང་བར་ནན་འགོག་བྱེད་དགོས།  ཡིག་ཆ་གསང་བའི་རིགས་འབྲེལ་ཡོད་ཀྱི་གསང་སྲུང་གཏན་འཁེལ་ལྟར་བརྒྱུད་སྤེལ་དང་དོ་དམ།  ཉར་ཚགས་བྱེད་དགོས་པ་དང་།  ཡིག་ཆ་འདིའི་རིགས་བརྒྱུད་སྤེལ་བྱེད་པར་གཏན་འཁེལ་ལས་མང་དུ་སྤེལ་མི་ཆོག་ལ་ཉུང་དུའང་སྤེལ་མི་རུང་། 

             བཞི་བ།  ལོ་ཧྲིལ་བོའི་གཞུང་ཡིག་དུས་ཐོག་ཏུ་རིགས་བགར་བ་དང་ལེགས་སྒྲིག་བྱས་ནས་ཡིག་ཚགས་སུ་ཉར་དགོས།

གོང་མ།:གསར་སྐྲུན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ལས་ཞུགས་ཞིབ་དཔྱད་ལམ་ལུགས།
འོག་མ།:གསར་སྐྲུན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཚོགས་འདུ་བསྡུ་བའི་ལམ་ལུགས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།