༄༅།།ཞིས་ཅིན་ཕིང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་ལོ་རྒྱུས་འོས་འགན་ཇི་ཙམ་གཟི་བརྗིད་ལྡན་ན་འབད་འཐབ་དམིགས་ཚད་དེ་ཙམ་གྱིས་བརྗིད་རླབས་ཆེ་བ་ཡོད་སྟབས་སེམས་ཁྲལ་གྱི་འདུ་ཤེས་དེ་བས་ཟབ་ཏུ་གཏོང་བ་དང་དེ་བས་ཏང་ནན་པོ་སྐྱོང་དགོས་ཞེས་ནན་བཤད་གནང་བ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-10-13   རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བ།
     ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཟླ་༡༠ཚེས་༨ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀུན་སྤྱོད་གཙང་ན་སྤྱོད་ཚུལ་བཟང་། སྤྱོད་ཚུལ་བཟང་ན་སེམས་ནུས་གཅིག་ཏུ་སྒྲིལ།སེམས་ནུས་གཅིག་སྒྲིལ་བྱ་བ་ལོས་ཀྱིས་སྒྲུབ།སློབ་གསོ་ལག་ལེན་བྱེད་སྒོས་མང་ཚོགས་ཁྲོད་ཏང་གི་སྙན་གྲགས་དང་གཟུགས་བརྙན་སྔར་བས་བཙུགས་ཐུབ་པ་བྱུང་བའི་ཐོག་ཏང་སེམས་དང་དམངས་སེམས་སྔར་བས་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་ནས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཆེའི་དྲང་ནུས་ཆགས་ཡོད། ལག་ལེན་གྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གཏན་ལ་འཁེལ་བའི་ཏང་ཡོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་འཐབ་ཇུས་བཀོད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་དང་། བྱེད་སྒོ་དེ་སྤེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་རབ་དང་རིམ་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད། ད་ཐེངས་ཀྱི་བྱེད་སྒོས་ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་སྤེལ་རྒྱུར་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་ཐད་གྲ་སྒྲིག་གལ་ཆེན་བྱས་ཡོད་པ་དང་དེའི་དོན་སྙིང་གལ་ཆེན་དེ་དུས་ཚོད་དང་སྒྲོག་ནས་སྐུལ་འདེད་གཏོང་བའི་ཁྲོད་ཕན་འབྲས་ཐོན་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་རྒྱུས་ཀྱི་འོས་འགན་ཇི་ཙམ་གཟི་བརྗིད་ལྡན་ན། འབད་འཐབ་དམིགས་ཚད་དེ་ཙམ་གྱིས་བརྗིད་རླབས་ཆེ་བ་དང་། སྲིད་སྐྱོང་ཁོར་ཡུག་ཇི་ཙམ་གྱིས་རྙོག་འཛིང་ཆེ་ན། ང་ཚོས་དེ་ཙམ་གྱིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དེ་ཙམ་གྱིས་ཏང་ནན་པོ་བསྐྱངས་ཏེ་ང་ཚོའི་ཏང་ནམ་ཡང་མི་ཕམ་པའི་གནས་སུ་ལངས་ཐུབ་པ་བྱེད་དགོས། ད་ཐེངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོས་ང་ཚོས་དུས་བབ་གསར་པའི་འོག་ཏང་ནན་སྐྱོང་གི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་བྱ་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་ཁྲིད་སྟོན་གྱི་ནུས་པ་ཐོན་ཡོད། ཏང་ནན་པོ་སྐྱོང་རྒྱུའི་ཐད་ངེས་པར་དུ་ལྐོག་གྱུར་མིན་པར་ཞིབ་ཅིང་ཕྲ་བ་དང་ཁྲལ་སེལ་སླ་བཅོས་མིན་པར་ནན་ཏན་གྱི་སྒོ་ནས་དམིགས་སར་དོན་འཁྱོལ་ཐུབ་པ་བྱེད་དགོས། དེ་ནི་ད་ཐེངས་ཀྱི་བྱེད་སྒོས་ང་ཚོར་མཁོ་འདོན་བྱས་པའི་ཆེས་ཟབ་ཤོས་ཀྱི་བློ་སྒོ་དེ་ཡིན། ཏང་ཡོངས་ཀྱིས་དེ་འགོ་འཛུགས་སར་བྱས་ནས་ཏང་ནན་པོ་སྐྱོང་བའི་ཐད་མུ་མཐུད་འཚོལ་ཞིབ་དང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།
ཞིས་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། ཏང་ཡོངས་སུ་དམངས་ཆེད་དངོས་གཉེར་དྭངས་གཙང་བཅས་ནང་དོན་གཙོ་བོར་བཟུང་བའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གཏན་ལ་འཁེལ་བའི་འཐབ་ཇུས་བཀོད་ཇུས་ཤིག་ཡིན།ཏང་ཀྲུང་དབྱང་གིས་ད་ཐེངས་བྱེད་སྒོ་སྤེལ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་བརྟག་ཞིབ་དང་གྲ་སྒྲིག་ཚགས་ཚུད་བྱས་པའི་ཐོག་ལྕགས་ལ་ཤུར་ཐོན་པ་དང་རྡོ་ལ་ལག་རྗེས་འཇོག་པའི་སྙིང་སྟོབས་ཐོག་ནས་བྱེད་སྒོར་དམ་འཛིན་བྱ་རྒྱུའི་ཆོད་སེམས་བཞག་ཡོད། ༢༠༡༣ལོའི་ཟླ་དྲུག་པ་ནས་བཟུང་གོང་ནས་འོག་བར་བྱེད་སྒོ་ཁག་གཉིས་ལ་བགོས་ནས་སྤེལ་བ་དང་མིག་སྔར་རྩ་བའི་ཆ་ནས་མཇུག་སྒྲིལ་ཡོད།རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ཏེ་ཚད་མཐོའི་མཐོང་ཆེན་དང་དེའི་ནང་ཧུར་ཐག་ཞུགས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དང་ལེན་ཞུས་པ་དང་རྒྱབ་སྐྱོར་ཐོབ་པ་བཅས་བྱེད་སྒོ་ཧྲིལ་པོ་གོ་རིམ་ལྡན་པ་དང་ཏན་ཏིག་གཏིང་ཟབ་ངང་སྤེལ་ཐུབ་པ་བྱུང་བའི་ཐོག་སྔོན་དཔག་གི་དམིགས་ཡུལ་སྒྲུབ་ཐུབ་པ་བྱུང་བ་མ་ཟད། གྲུབ་འབྲས་གལ་ཆེན་ཡང་ཐོབ་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བའི་སློབ་གསོ་གཏིང་ཟབ་ཐེབས་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་སྡོད་རིང་ལུགས། བག་མེད་ཆུད་ཟོས་བཅས་བཅོས་སྒྲིག་ནུས་ལྡན་ཐུབ་པ་དང་། མང་ཚོགས་ཀྱི་བསམ་འཆར་མང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་སྲོལ་རྒྱུན་བཟང་པོ་སླར་གསོ་དང་དར་སྤེལ་བྱུང་བ་དང་། དུས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བའི་ཕན་ནུས་ཐབས་ལམ་འཚོལ་ཞིབ་ཐུབ་པ་བྱུང་བ། སྤྱོད་ཚུལ་འགྱུར་རྒྱུ་དང་སྤྱོད་ཚུལ་དག་ཐེར་གྱིས་གཙོ་གནད་དུ་བྱེད་པའི་ལམ་ལུགས་མ་ལག་དེ་བས་འཐུས་ཚང་དུ་ཕྱིན་པ་དང་ལམ་ལུགས་ལག་བསྟར་བྱེད་ཤུགས་དང་གཅུན་འདོམས་ནུས་པ་ཆེ་རུ་ཕྱིན་པ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་ཤུགས་རྐྱེན་བཟོ་བའི་དཀའ་གནད་ཐག་གཅོད་ཐུབ་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད།
ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྲིག་འཛུགས་ཞིབ་ཚགས་དང་། ཕན་འབྲས་དངོས་ཐོན་རྒྱུ་འགན་ལེན།མགོ་ཡོད་མཇུག་ཡོད།སེམས་ནུས་ཡོད་རྒུ་འདོན་པ་དང་ཡག་པོ་སྒྲུབ་པ་བཅས་ཀྱི་ཏང་ཀྲུང་དབྱང་གིས་ཏང་ཡོངས་ལ་ཁས་བླངས་པའི་དོན་དེ་ཏང་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་སྒྲུབ་ཐུབ་པ་བྱུང་ཡོད།
ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་ཏང་ནང་གི་སྐབས་རིམ་བྱུང་གི་གཅིག་སྡུད་སློབ་གསོ་བྱེད་སྒོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་དང་སྤྱོད་པའི་རྨང་གཞིའི་ཐོག་སྤེལ་བ་ཞིག་ཡིན། ད་ཐེངས་ཀྱི་བྱེད་སྒོ་དེ་བརྒྱུད་ང་ཚོས་དུས་བབ་གསར་པའི་འོག་གང་འདྲ་བྱས་ཏེ་ཏང་ནང་གཅིག་སྡུད་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་ངོས་འཛིན་གསར་པ་བྱུང་བའི་ཐོག་ཉམས་མྱོང་གསར་པའང་བསགས་ཐུབ་པ་བྱུང་ཡོད།ཏང་ནང་གི་གཅིག་སྡུད་སློབ་གསོའི་བྱེད་སྒོ་སྤེལ་བའི་ཐད་ངེས་པར་དུ་གཙོ་གནད་མངོན་གསལ་དང་གནད་དོན་གཅིག་སྡུད་བྱེད་པ་དང་། ངེས་པར་དུ་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པ། ངེས་པར་དུ་ཤེས་བྱས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་བྱ་སྤྱོད་ཀྱིས་ཤེས་བྱ་འཕེལ་བ་བྱེད་དགོས་པ། ངེས་པར་དུ་ནན་པོ་དམ་བཟུང་བྱས་ཏེ་ནན་ལ་ཏན་ཏིག་ཡོང་བ་བྱེད་པ། ངེས་པར་དུ་རིམ་པ་སྟར་ཆགས་ངང་དམ་འཛིན་དང་གོང་འོག་མཉམ་འགུལ་བྱེད་པ།ངེས་པར་དུ་མང་ཚོགས་ལ་ཡིད་ཆེས་དང་སྒོ་མོ་ཕྱེ་བ་བཅས་བྱེད་དགོས།
ཞིས་ཅིན་ཕིང་གིས་བསྟན་དོན།ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཏང་ཡོངས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཐད་འགོ་ཡག་པོ་ཞིག་བཙུགས་ཡོད་མོད།འོན་ཀྱང་ཐོབ་པའི་གྲུབ་འབྲས་ནི་རགས་ཙམ་ཞིག་དང་རྨང་གཞི་དེ་ཙམ་བརྟན་པོ་མེད།ད་ཐེངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤྱིར་ན་མཇུག་འགྲིལ་རུང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱ་རྒྱུ་དང་།ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནམ་ཡང་མཇུག་འགྲིལ་མི་སྲིད།བྱེད་སྒོ་མཇུག་འགྲིལ་བ་དེ་སྤྱོད་ཚུལ་འཛུགས་སྐྱོང་མཇུག་འགྲིལ་བ་ཞིག་མིན་པར་ངེས་པར་དུ་སྙིང་རུས་ཆེན་པོའི་ཆོད་སེམས་དང་སྙིང་སྟོབས་ཀྱི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པ་དང་མིག་སྔའི་སྤྱོད་ཚུལ་འགྱུར་བའི་དུས་བབ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་བླང་བྱ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན།ནན་སྐྱོང་བྱ་རྒྱུ་དེ་ནི་ང་ཚོས་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་འགན་ལེན་གལ་ཆེན་ཞིག་ཡིན།ང་ཚོ་གུང་ཁྲན་ཏང་མིས་ནན་ཏན་ལ་སྣང་ཆེན་བྱེད་པ་དང་ནན་ཏན་ལ་སྣང་ཆེན་བྱེད་པར་ནན་སྲུང་ནས་འགོ་འཛུགས་དགོས།བྱ་བ་སྒྲུབ་སྐབས་སླ་བཅོས་བྱེད་མི་རུང་བ་དང་མི་ཞིག་བྱེད་སྐབས་ཁྲལ་སེལ་མི་བྱེད་པར་ནན་ཏན་ལ་སྣང་ཆེན་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་ཁྲོད་དུ་ལག་བསྟར་བྱེད་དགོས།སྤྱོད་ཚུལ་འཛུགས་སྐྱོང་དང་།ཏང་འཛུགས།ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མཐའ་དག་བཅས་ལའང་དེ་ལྟར་བྱེད་དགོས།
ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་བྱ་རྒྱུའི་ཐད་བླང་བྱ་བརྒྱད་བཏོན་གནང་བ་སྟེ།གཅིག་ནས་ཏང་ནན་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ནས་རིམ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་ངེས་པར་དུ་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་བཙུགས་ཏེ་ཏང་ནན་སྐྱོང་གི་འགན་འཁྲི་ཡག་པོ་འཁུར་བ་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་།ཏང་འཛུགས་ལས་དོན་དང་ལྟེ་བའི་ལས་དོན་མཉམ་དུ་ཇུས་འགོད་དང་།མཉམ་དུ་བཀོད་སྒྲིགམཉམ་དུ་དཔྱད་ཞིབ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཐབ་ཕྱོགས་ཁག་དང་།ཁྱབ་ཁོངས་ཁགལྷུ་ཚིགས་ཁག་བཅས་ཀྱི་ཏང་འཛུགས་ལས་དོན་དམ་འཛིན་ཞིབ་ཕྲ་དང་གཏིང་ཟབ་བྱེད་དགོས་པ་དང་།གཉིས་ནས་བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་ལམ་ལུགས་ཐོག་ནས་ཏང་སྐྱོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།བསམ་བློའི་སློབ་གསོ་དེ་ལམ་ལུགས་དོན་འཁྱོལ་གྱི་གཏན་འབེབས་དང་ཟུང་འབྲེལ་བྱས་ནས་སྤེལ་ཏེ་ལམ་ལུགས་ཐོག་ནས་ཏང་སྐྱོང་རྒྱུར་ཤུགས་སྣོན་རྒྱག་པའི་བརྒྱུད་རིམ་དེ་བསམ་བློའི་ཐོག་ནས་ཏང་འཛུགས་རྒྱུར་ཤུགས་སྣོན་རྒྱག་པའི་བརྒྱུད་རིམ་དུ་འགྱུར་བ་བྱེད་པ་དང་།བསམ་བློའི་ཐོག་ནས་ཏང་འཛུགས་རྒྱུར་ཤུགས་སྣོན་རྒྱག་པའི་བརྒྱུད་རིམ་དེ་ལམ་ལུགས་ཐོག་ནས་ཏང་འཛུགས་རྒྱུར་ཤུགས་སྣོན་རྒྱག་པའི་བརྒྱུད་རིམ་དུ་འགྱུར་བ་བྱེད་དགོས།ལམ་ལུགས་མདུན་དུ་མི་ཚང་མ་འདྲ་མཉམ་དང་ལམ་ལུགས་ལག་བསྟར་བྱེད་པའི་ཐད་དམིགས་བསལ་མེད།“ལྟག་སྒོ”དང“གནམ་སྒོ”མི་ཕྱེ་བར་ལམ་ལུགས་དེ་གཅུན་འདོམས་བྱེད་ཐབས་ནན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པ།གསུམ་ནས་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་།ཏང་ནན་པོ་སྐྱོང་བར་ངེས་པར་དུ་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་པོ་ནས་འགོ་བཙུགས་ཏེ་ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་།རྩ་དོན་རང་བཞིན།འཐབ་རྩོད་རང་བཞིན་བཅས་ཆེ་རུ་གཏོང་བ་དང་།ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་ཆེད་དུ་སྐད་ཆ་ཤོད་པ་དང་།ཏང་གི་ཆེད་དུ་སེམས་ཁྲལ་བྱེད་པ།ཏང་གི་ཆེད་དུ་བྱ་བ་སྒྲུབ་པ་བཅས་བྱས་ནས་ཏང་ལ་དགའ་ཞེན་དང་།ཏང་ལ་སེམས་ཁྲལ།ཏང་དར་སྤེལ།ཏང་ལ་སྲུང་སྐྱོང་བཅས་བྱ་རྒྱུ་ལས་ཀ་དང་འཚོ་བའི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ཏེ་ཏང་ནང་གི་ཆབ་སྲིད་འཚོ་བའི་རྩ་དོན་དང་ལམ་ལུགས་ལས་འགལ་བའི་སྣང་ཚུལ་སྣ་ཚོགས་དང་འཐབ་རྩོད་བྱེད་ཕོད་པ་བྱེད་དགོས་པ།བཞི་ནས་ལས་བྱེད་པར་དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ཏང་ནན་པོ་སྐྱོང་རྒྱུ་དེ་ལས་བྱེད་པར་དོ་དམ་ཡག་པོ་བྱ་རྒྱུར་ཐུག་ཡོད།ཚད་གཞི་ནན་པོའི་ཐོག་ནས་ལས་བྱེད་པར་བླང་བྱ་འདོན་པ་དང་།བྱེད་ཐབས་ནན་པོའི་ཐོག་ནས་ལས་བྱེད་པར་དོ་དམ་བྱེད་པ།སྒྲིག་ཁྲིམས་ནན་པོའི་ཐོག་ནས་ལས་བྱེད་པ་གཅུན་འདོམས་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་ལས་བྱེད་པ་སྤྱོད་གཙང་ལྡན་ལ་བརྩོན་སེམས་ཆེ་བ་དང་དྭངས་གཙང་ལྡན་ལ་བྱ་བ་སྒྲུབ་ཐུབ་པ་ཞིག་ཡོང་བ་བྱེད་དགོས་པ།ལྔ་ནས་སྤྱོད་ཚུལ་ལེགས་གཏོང་རྒྱུན་མཐུད་ངང་ཟབ་ཏུ་གཏོང་དགོས་ཤིང་།ཚུལ་མིན་སྤྱོད་ཚུལ་ང་ཚོ་དང་ཇི་ཙམ་རིང་དུ་འབྲལ་ཚེ་མང་ཚོགས་དང་ང་ཚོའི་དབར་གྱི་བར་ཐག་ཇེ་ཉེར་འགྲོ་སྲིད་པས།སྤྱོད་ཚུལ་འཛུགས་སྐྱོང་ཐད་ངེས་པར་དུ་རྒྱུན་དུ་དམ་འཛིན་དང་།དམ་འཛིན་ཞིབ་ཚགས།ཡུན་རིང་དམ་འཛིན་བཅས་བྱས་ཏེ་མུ་མཐུད་འབད་བརྩོན་དང་ཕན་འབྲས་ཡུན་རིང་ཐོབ་པ་བྱེད་དགོས་པ།དྲུག་ནས་ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་།སྒྲིག་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ།ཏང་ནང་དུ་སྒྲིག་ཁྲིམས་ཀྱི་ཚོད་འཛིན་མི་ཕོག་པའི་དམིགས་བསལ་ཏང་ཡོན་ཡོད་མི་ཆོག་པ།ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་སྒྲིག་ཁྲིམས་སློབ་གསོ་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པ།བདུན་ནས་མི་དམངས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་པ་དང་།མི་དམངས་མང་ཚོགས་ཁྲོད་རྒྱལ་སྐྱོང་སྲིད་འཛིན་དང་ཏང་དོ་དམ་དང་ཏང་སྐྱོང་བའི་བློ་གྲོས་དང་སྟོབས་ཤུགས་ལྡན་ཡོད་པས་ཏང་ནན་པོ་སྐྱོང་བར་ངེས་པར་དུ་མི་དམངས་ལ་བརྟེན་དགོས་པ།མང་ཚོགས་ཀྱི་ལྟ་སྐུལ་ལ་བརྟེན་ནས་ཉིན་མཚན་བལྟོས་མེད་ངང་ལྟ་སྐུལ་བྱེད་པ་དང་།རིམ་ཁག་ཏང་རྩ་འཛུགས་དང་།ཏང་ཡོན།ལས་བྱེད་པ་བཅས་ལ་ཤན་འབྱེད་བྱ་རྒྱུ་མང་ཚོགས་ལ་སྤྲད་ནས་ཤན་འབྱེད་བྱེད་དགོས་པ།བརྒྱད་ནས་ཏང་ནན་སྐྱོང་གི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་།གཞི་རིམ་དུ་བསྐྱོད་པ་དང་དོན་དངོས་ལ་ཕྱོགས་ནས་ཏང་དོ་དམ་དང་ཏང་ནན་སྐྱོང་གི་ལག་ལེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཏང་ནན་སྐྱོང་གི་འབད་བརྩོན་ཚང་མ་ཏང་དྭངས་གཙང་དང་།འཐུས་ཚང་།གསར་འབྱེད།མཐོར་གཏོང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བའི་ཐོག་གཅིག་སྡུད་བྱེད་པ་དང་ཏང་གི་འགོ་ཁྲིད་ནུས་པ་དང་སྲིད་འཛིན་ནུས་པ་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་གཅིག་སྡུད་བྱེད་དགོས་པ་བཅས་ཡིན།
གོང་མ།:null
འོག་མ།:༄༅།།ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་ལམ་བུ་ཡང་དག་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་གྱིས་སྲིད་ཇུས་འཐུས་'  
རྨ་ཆུའི་མགོ་ཁུངས་ནས་འཆམ་མཐུན&  
རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མ'  
ནག་ཆུ་ས་ཁུལ་གྱིས་ཞབས་ཞུའི་རྣ'  
གངས་ལྗོངས་མཐོ་སྒང་དུ་ཏང་དར་ད'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།