༄༅།།ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་ལམ་བུ་ཡང་དག་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-10-13   རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བ།
    ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་དང་པོ།
ལམ་བུ་གང་ཞིག་ཏུ་བསྐྱོད་ན་ལས་སྐལ་གང་ཞིག་ཡོང་བ་དང་ལམ་བུ་དེ་ལས་ལས་སྐལ་ལ་འགྱུར་བ་འགྲོ་ཞིང་།“མི་རིགས་ལས་དོན་ཡག་པོ་སྒྲུབ་པར་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ཡང་དག་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱོད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བའི་ནང་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་བཞེངས་ཏེ་མི་རིགས་ལས་དོན་གྱི་ཁ་ཕྱོགས་དང་ལམ་བུ་སོགས་ཀྱི་གནད་དོན་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་དང་། རང་རྒྱལ་གྱི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་འཁེལ་ཁ་གསལ་གནང་ཡོད། དེ་ནི་དུས་བབ་གསར་པའི་འོག་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།
མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་རྒྱལ་ཁབ་གཅིག་གིས་ལམ་བུ་གང་ཞིག་ཐོག་བསྐྱོད་པ་དང་རྣམ་པ་གང་ཞིག་སྤྱད་པ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་། ལོ་རྒྱུས་རིམ་བཞིན་འཕེལ་འགྱུར་བྱུང་ཚུལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་ཚུལ། རིག་གནས་སྲོལ་རྒྱུན་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ནུས་པ་ཕན་ཚུན་ཐོན་རེས་བྱས་པའི་འབྲས་བུ་ཞིག་རེད།
རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་།
མི་རིགས་ས་ཁུལ་ནི་རང་རྒྱལ་གྱི་ཐོན་ཁུངས་འབེལ་བའི་ཁུལ་དང་། ཆུ་བོ་འབྱུང་རྩའི་ཁུལ། སྣོད་བཅུད་སྲུང་ཡོལ་ཁུལ།རིག་གནས་ཁྱད་ལྡན་ཁུལ། མཐའ་མཚམས་ས་ཁུལ། དབུལ་པོའི་ས་ཁུལ་བཅས་རེད། ལོ་སྟོང་ཕྲག་འགའ་ཞིག་རིང་ཀྲུང་ཧྭ་མི་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་གཅིག་གྱུར་ཡོང་རྒྱུའི་འབད་པ་ལྷོད་མེད་བྱས་པར་བརྟེན་ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱེད་ཡོད་པ། ཕན་ཚུན་འབྲལ་ཐབས་མེད་པ་བཅས་ཀྱི་སྣ་མང་གཞི་གཅིག་གི་ཆགས་སྟངས་ཤིག་ཆགས་ཡོད། ཉེ་རབས་སུ་ཀྲུང་ཧྭ་མི་རིགས་ལ་དཀའ་སྡུག་ཆེན་པོ་བྱུང་ཞིང་། དུས་འདིར་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད“མི་དམངས་དུང་ཕྱུར་ལྔ་ལྷན་འཛོམས་མ་བྱུང་བའི”ལོ་རྒྱུས་མཇུག་འགྲིལ་ནས“ས་ཕྱོགས་ཀུན་ཏུ་དགའ་སྤྲོས་ཁེངས་པའི”རྣམ་པ་ཞིག་ཐོན་ཡོད།ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ཡང་དག་ནི་ལོ་རྒྱུས་ལ་བརྩི་མཐོང་བྱས་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ། མི་ཡི་བློ་ལ་བབས་པ་བཅས་ཀྱི་གདམ་ག་ཡང་དག་ཅིག་དང་། ཀྲུང་གོ་གུང་ཁྲན་ཏང་ཡོན་མི་རབས་འགའ་ཞིག་གིས་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་སྐབས་འཚོལ་ཞིབ་བྱུང་བའི་རླབས་ཆེན་གྲུབ་འབྲས་ཤིག་ཡིན་པ་གསལ་པོར་བསྟན་ཡོད།
ཤེས་རྟོགས་གཏིང་ཟབ་མོ་ཞིག་བྱུང་ན་གཞི་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་ལེན་བསྟར་ཐུབ།མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ཡང་དག་དེས་ཆབ་སྲིད་ཀྱི་ཁ་ཕྱོགས་ངོས་ནས་བརྗོད་ན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པ་དང་། ལམ་ལུགས་ཇུས་འགོད་ཀྱི་ངོས་ནས་བརྗོད་ན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་པ་དང་འབྲེལ་འཐུས་སྒོ་ཚང་དུའང་བཏང་བ། ལས་དོན་གྱི་བརྗོད་དོན་གཙོ་བོའི་ངོས་ནས་བརྗོད་ན། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་མཐའ་འཁྱོངས་བྱས་པ།བསམ་པའི་འབྲེལ་ཐག་ངོས་ནས་བརྗོད་ན། ཀྲུང་ཧྭ་མི་རིགས་དེ་ཉིད་ཐུན་མོང་ཚོགས་པ་ཞིག་ཡིན་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ། མི་རིགས་ཀྱི་འབྲེལ་བའི་ངོས་ནས་བརྗོད་ན། མི་རིགས་ཁག་ཚང་མ་འདྲ་མཉམ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་བཏང་ཡོད། ལག་ལེན་གྱི་ཐོག་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ནི་ཡང་དག་པ་ཡིན་པ་དང་། དེས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་སྟངས་གསར་རྐྱང་ཞིག་བཏོད་པ།དེར་ཀྲུང་གོའི་ཁྱད་ཆོས་དང་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པོ་ལྡན་པ་བཅས་ཀྱི་ར་འཕྲོད་ཐུབ་ཡོད།
དུས་བབ་གསར་པའི་འོག་ང་ཚོའི་མི་རིགས་ཀྱི་ལས་དོན་ལའང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་འགའ་ཞིག་ཐོན་པ་དང་། འགྲན་སློང་སྔར་བས་མང་པོ་འཕྲད་པ། རེ་བ་སྔར་བས་མཐོ་པོ་བཏོན་ཡོད།མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ཡང་དག་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་ན་དོན་དངོས་ལ་གཞི་ཚུགས་ནས་རྒྱུན་ཆད་མེད་པར་གསར་འབྱེད་གསར་གཏོད་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ཆ་མཚོན་ན་གཅིག་གྱུར་དང་རང་སྐྱོང་གཉིས་ཕན་ཚུན་ཟུང་འབྲེལ་དང་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་གཉིས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ས་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་འགག་རྩ་དམ་པོ་བཟུང་དགོས། ཞིབ་ཕྲའི་སྲིད་ཇུས་ཁག་ལ་ཆ་མཚོན་ན་གནས་ཚུལ་དབྱེ་འབྱེད་བྱེད་པ་དང་། ཁོང་དུ་ཡང་དག་ཆུད་པར་བྱེད་པ།འཐུས་ཚང་ཧུར་ཐག་གཏོང་བ།བརྟན་པོའི་སྒོ་ནས་ལག་ལེན་བསྟར་དགོས། མི་སེམས་ནི་ཆབ་སྲིད་ཆེ་ཤོས་རེད། རྩེ་རིམ་ཇུས་འགོད་ཞིབ་ཚགས་དང་། སྲིད་ཇུས་གཅིག་གྱུར་འཆར་འགོད་ཡག་པོ།ལས་དོན་བཀོད་སྒྲིག་བརྟན་པོ་བཅས་བྱུང་ན་མི་རིགས་ཁག་གི་མི་དམངས་ལ་རྒྱུན་ཆད་མེད་པར་ཕན་པ་ཐོབ་ཇེ་ཆེར་སོང་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུ་བཅས་ལ་མི་རིགས་ཁག་གི་མི་དམངས་ཀྱིས་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་རེད།
གོང་མ།:null
འོག་མ།:རང་ཞིང་གི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་གཞི་རིམ་ཏང་གི་ལས་དོན་ཡོངས་བསྒྲགས་བྱ་བ་དམ་འཛིན་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་གྱིས་སྲིད་ཇུས་འཐུས་'  
རྨ་ཆུའི་མགོ་ཁུངས་ནས་འཆམ་མཐུན&  
རྐང་ཚ་རྫོང་ལ་རྒྱལ་ཡོངས་ཀྱི་མ'  
ནག་ཆུ་ས་ཁུལ་གྱིས་ཞབས་ཞུའི་རྣ'  
གངས་ལྗོངས་མཐོ་སྒང་དུ་ཏང་དར་ད'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།