རང་ཞིང་གི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་གཞི་རིམ་ཏང་གི་ལས་དོན་ཡོངས་བསྒྲགས་བྱ་བ་དམ་འཛིན་བྱས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-22   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་བའི་ལོ་ཤས་རིང་། རང་ཞིང་གི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་གཞི་རིམ་ཏང་དོན་ཡོངས་བསྒྲགས་བྱ་བ་ལེགས་པར་འཛིན་རྒྱུ་དེ་ཏང་ནང་གི་དམངས་གཙོ་འཛུགས་སྐྲུན་ལ་སྐུལ་འདེད་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་དོན་ཡོངས་བསྒྲགས་ཀྱི་ནང་དོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་ཏང་དོན་ཡོངས་བསྒྲགས་ཀྱི་ཐབས་ལམ་ཐོགས་པ་མེད་པ། ཡོངས་བསྒྲགས་ཀྱི་གོ་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་པས། ལག་ལེན་ཁྲོད་ཏང་དོན་ཡོངས་བསྒྲགས་བྱ་བའི་ནང་རྐྱེན་གསར་བ་འཚོལ་ཞིབ་བྱེད་པའི་ཐད་ཕན་འབྲས་ངེས་ཅན་ཐོབ།

ཡོངས་བསྒྲགས་ནང་དོན་རྒྱ་སྐྱེད་པ་དང་ཏང་དོན་ཡོངས་བསྒྲགས་ཀྱི་དམིགས་སའི་རང་བཞིན་ཇེ་དྲག་ཏུ་བཏང་བ། རིམ་པ་སོ་སོའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག་གིས་གཞི་རིམ་ཏང་དོན་ཡོངས་བསྒྲགས་བྱ་བའི་མགོ་ཁྲིད་ལ་དངོས་གནས་ཤུགས་བསྣན་ནས། ནང་དོན་ཡོངས་བསྒྲགས་ཐད་ཡོངས་བསྒྲགས་བྱ་དགོས་པ་ཚང་མ་ཡོངས་བསྒྲགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་གནས་ཚུལ་ཤེས་པའི་ཁེ་དབང་ཇེ་མཐོར་བཏང་། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་གོང་རིམ་ཏང་རྩ་འཛུགས་ཀྱི་གྲོས་ཆོད་དང་ཆོད་དོན། བྱ་བའི་བཀོད་སྒྲིག ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་བཅས་ཡོངས་བསྒྲགས་བྱེད་པའི་དུས་མཚུངས་སུ། ལས་འགན་ཁུར་ཡུན་ནང་གི་བྱ་བའི་དམིགས་འབེན་དང་བྱ་བའི་ལས་འགན། དངོས་འབེབས་གནས་ཚུལ་བཅས་ཡོངས་བསྒྲགས་བྱས་པ་དང་། ཏང་རྩ་འཛུགས་ཀྱི་འགན་འཁྲི་གཙོ་བོ་དང་ཏང་རྩ་འཛུགས་ཀྱིས་བྱ་འགུལ་སྤེལ་བ། ཏང་ཡོན་སྡུད་ལེན། ཏང་ཡོན་གྱི་ཁེ་དབང་འགན་སྲུང་། ཏང་ཡོན་གྱི་དམངས་གཙོའི་དཔྱད་བསྡུར། ཏང་ཡོན་དོ་དམ། ཏང་དངུལ་རྩིས་ལེན་དང་དོ་དམ་དང་བཀོལ་སྤྱོད་བཅས་ཀྱི་གནས་ཚུལ་ཡོངས་བསྒྲགས། ཏང་ཡོན་དང་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་དོན་དག་གཞན་པ་ཡོངས་བསྒྲགས། མགོ་ཁྲིད་ཚན་ཁག་གི་ཁོངས་མི་སྒེར་གྱི་གཞི་རྩའི་གནས་ཚུལ་དང་འགན་འཁྲི་བགོས་ཚུལ་སོགས་ཕྱོགས་སོ་སོའི་གནས་ཚུལ་ཡོངས་བསྒྲགས་བཅས་བྱས། ཡོངས་བསྒྲགས་ནང་དོན་ཡང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། གཞི་རིམ་ཏང་དོན་ཡོངས་བསྒྲགས་བྱེད་པའི་ནང་དོན་ཐད་ཡོངས་བསྒྲགས་བྱ་དགོས་པ་ཚང་མ་ཡོངས་བསྒྲགས་བྱས་ནས་ཕྱོགས་སོ་སོའི་ལྟ་སྐུལ་དང་ལེན་བྱས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། མཚོ་ལྷོ་ཁུལ་བཅས་ཀྱི་ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱིས་ཁས་བླངས་པའི་ནང་དོན་དང་། ཁ་བཤད་ལག་བསྟར་བྱས་པའི་ཕན་འབྲས། དེ་མིན་ཏང་ནང་ཁུལ་གྱི་བྱ་འགུལ་ནང་ཞུགས་པའི་གནས་ཚུལ་བཅས་ཁྱོན་ཡོངས་ནས་ཡོངས་བསྒྲགས་བྱས། རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་གཉིས་ཀྱིས་སྡེ་བའི་ལས་བྱེད་པའི་ཟླ་ཕོགས་དང་སྡེ་བའི་ནང་གི་མ་དངུལ་སྣ་ཚོགས་ཀྱི་ཡོང་ཁུངས། དེ་མིན་འགྲོ་སྒོ་བཏང་ཚུལ་བཅས་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། རང་སྲེག་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཏང་ཡོན་ཁ་ཤས་ལ་ཐག་བཅད་པའི་གནས་ཚུལ་ཡོངས་བསྒྲགས་བྱས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་རྫོང་གིས་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་དང་ཟུང་འབྲེལ་བྱས་ཏེ། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་གནོད་སེལ་རྒུད་སྐྱོབ་དང་འགུལ་འགོག་གནོད་སེལ་ཁྲོད་ཏང་དངུལ་བཀོད་པའི་གནས་ཚུལ་ཡོངས་བསྒྲགས་བྱས།

ཡོངས་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ་ཏང་དོན་ཡོངས་བསྒྲགས་བྱེད་པའི་སྟབས་བསྟུན་རང་བཞིན་ཇེ་དྲག་ཏུ་བཏང་། གཞི་རིམ་ཏང་རྩ་འཛུགས་སོ་སོས་དོན་དངོས་གཞིར་བཟུང་སྟེ། ཚང་མས་ཏང་རྩ་འཛུགས་དང་ཏང་ཡོན་རྣམས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱས་པའི་གནས་ཚུལ་དང་། ཏང་འཛུགས་འཆར་འགོད། ལོ་འཁོར་མོའི་འཆར་གཞི། ཏང་དངུལ་རྩིས་ལེན་སོགས་རྒྱུན་ལྡན་རང་བཞིན་གྱི་བྱ་བ་དུས་བཅད་ལྟར་ཡོངས་བསྒྲགས་བྱས་པ་དང་། མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ལས་བགོ་དང་། བྱ་བའི་འགན་འཁྲི། བྱ་བ་སྒྲུབ་པའི་གོ་རིམ། ཞབས་ཞུ་ཁས་ལེན། གཏུག་བཤེར་དང་བློ་འདྲིའི་ཁ་པར་ཨང་གྲངས། མགོ་ཁྲིད་ལས་བྱེད་པས་ངོ་གཏུག་སྣེ་ལེན་བྱེད་པའི་ཉིན་མོ་སོགས་ནང་དོན་དུས་རྒྱུན་ཡོངས་བསྒྲགས་བྱས་ཤིང་། ལས་བྱེད་པར་རྟོག་ཞིབ་བྱེད་པའི་སྔོན་བརྡ་དང་བསྐོ་གཞག་མ་བྱས་སྔོན་གྱི་ཡོངས་བསྒྲགས་སོགས་གནས་སྐབས་རང་བཞིན་གྱི་བྱ་བ་དུས་ཐོག་ཏུ་ཡོངས་བསྒྲགས་དང་། ཏང་རྩ་འཛུགས་ཀྱི་ཇུས་ཆོད་གལ་ཆེན་དང་དམངས་གཙོའི་འཚོ་བའི་ཚོགས་འདུ། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་སྲིད་གཙང་སྤྱོད་གཙང་གནས་ཚུལ་གསལ་ཞུ་སོགས་བྱ་བ་གཙོ་བོ་དུས་ཐོག་ཏུ་ཡོངས་བསྒྲགས། ཏང་ཡོན་སྡུད་ལེན་དང་དཔྱད་བསྡུར། གཟེངས་བསྟོད། དེ་མིན་མང་ཚོགས་ལ་དོན་བཟང་བསྒྲུབས་པའི་དོན་ཚན་རྣམས་དུས་ཐོག་ཏུ་ཡོངས་བསྒྲགས་བཅས་བྱས། མཚོ་ཤར་གྲོང་ཁྱེར་གྱིས་སྡེ་བ་རིམ་པའི་ཏང་དོན་དང་སྡེ་དོན་ཡོངས་བསྒྲགས་བྱེད་ཚུལ་གཅིག་གྱུར་མིན་པའི་གནད་དོན་ལ་དམིགས་ནས་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་དགུ་ཁྲི་གཅིག་བཏང་ནས་རྒྱུ་སྣ་ཚོགས་ཀྱི་ཡོངས་བསྒྲགས་སྟེགས་བུ་བཙུགས། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ་བཅས་ཁུལ་གསུམ་གྱིས་རོང་འབྲོག་པ་ཕྱིར་འགྲོ་བར་སྟབས་བདེ་མིན་པ་དང་ཁ་ཐོར་དུ་གནས་པ་སོགས་དོན་དངོས་ལ་གཞིགས་ནས། ཏང་ཡོན་དང་མང་ཚོགས་ལ་དུས་ལྟར་ཁ་པར་ལས་འཕྲིན་ཐུང་བསྐུར། མཚོ་ནུབ་དང་མཚོ་ལྷོ། མཚོ་བྱང་བཅས་ཁུལ་གསུམ་གྱིས་གཞི་རིམ་ཏང་ཡོན་དང་མང་ཚོགས་ལ་བོད་རྒྱ་དང་སོག་རྒྱ་ཡིག་རིགས་གཉིས་ཤན་སྦྱར་བྱས་པའི་ཏང་དོན་ཡོངས་བསྒྲགས་བྱང་བུ་སྤྲད།

ཡོངས་བསྒྲགས་གོ་རིམ་ཚད་ལྡན་དུ་བཏང་ནས་ཏང་དོན་ཡོངས་བསྒྲགས་བྱེད་པའི་གཟབ་ནན་རང་བཞིན་ཇེ་དྲག་ཏུ་བཏང་། གཞི་རིམ་གྱི་ཏང་དོན་ཡོངས་བསྒྲགས་བྱེད་པའི་ཁྲོད། ས་གནས་སོ་སོས་གནད་དོན་ལྔར་གཙིགས་འཛིན་བྱས་པ་སྟེ། གཅིག་ནི་ཡོངས་བསྒྲགས་མ་བྱས་སྔོན་ཡོངས་བསྒྲགས་བྱེད་ཐབས་གཏན་འབེབས་བྱས་ཏེ། ཡོངས་བསྒྲགས་བྱེད་པའི་ནང་དོན་དང་ཁྱབ་ཁོངས། བྱེད་སྟངས། དུས་ཡུན་བཅས་གསལ་བོར་བཏོན། གཉིས་ནི་ཡོངས་བསྒྲགས་འཆར་གཞིར་ཞིབ་བཤེར་བྱེད་པ་དང་། དེའི་ནང་གི་དོན་དག་ཆེན་པོ་དག་གོང་རིམ་ཏང་རྩ་འཛུགས་ལ་ཡར་ཞུ་བྱས་ནས་ཞིབ་བཤེར་བྱེད་དུ་བཅུག མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་མེ་ལོང་སྡེ་བས་འབྲོག་པའི་གཏན་སྡོད་བྱེད་ས་དང་སྤྱིའི་འཆར་འགོད་གཏན་འཁེལ་བྱེད་སྐབས་སྔོན་ལ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཞིབ་བཤེར་བྱས་རྗེས། རིམ་པ་ལྟར་རྫོང་ཨུར་ཡར་ཞུ་བྱེད་པ་དང་རྫོང་ཨུས་བསྐྱར་དུ་འབྲོག་པ་མང་ཚོགས་ཀྱི་བསམ་འཆར་སྡུད་ལེན་བྱས་རྗེས་ད་གཟོད་མང་ཚོགས་ཁྲོད་ཡོངས་བསྒྲགས་བྱས། གསུམ་ནི་ཞིབ་བཤེར་བྱས་ཏེ་གསང་བའི་ནང་དོན་དང་འབྲེལ་ཡོད་དག་ཡོངས་བསྒྲགས་བྱེད་ཆོག་ན། བྱེད་སྟངས་འོས་འཚམ་སྤྱད་དེ་གཏན་འཁེལ་བྱས་པའི་ཁོངས་སུ་ཡོངས་བསྒྲགས་བྱས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཞང་དང་སྡེ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པའི་གསང་དོན་དང་འབྲེལ་བའི་བྱ་བ་དེ་ཁྱབ་ཁོངས་ངེས་ཅན་ནང་ཡོངས་བསྒྲགས་བྱས། བཞི་ནི་ཏང་ཡོན་དང་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་དག་ཆེད་མི་རྩ་འཛུགས་བྱས་ནས་སྡུད་ལེན་ལེགས་སྒྲིག་བྱས་པ་དང་ཇི་ལྟར་ཐག་གཅོད་རྒྱུ་ཞིབ་འཇུག་བྱས་པར་མ་ཟད། ཐག་གཅོད་བྱས་ཚུལ་ཏང་ཡོན་དང་མང་ཚོགས་རྣམས་ལ་གསལ་བཤད་བྱས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་སྡོང་སྐམ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཏང་ཡོན་དང་མང་ཚོགས་ཀྱིས་བཏོན་པའི་ས་ཞིང་ཞུ་སྤྲོད་ཇེ་མགྱོགས་དང་ཞིང་པའི་ཡོང་སྒོ་འཕར་སྣོན་བྱེད་པའི་གྲོས་གཞི་དེར་ཞིབ་འཇུག་ནན་ཏན་བྱས་ཏེ། དཔྱད་གཞི་ཡིག་ཆ་དག་དུས་ལྟར་ལེགས་སྒྲིག་བྱས་ནས་ཡིག་ཚགས་ནང་བཀོད་དེ་ཞིབ་བཤེར་བྱེད་པར་གྲ་སྒྲིག་བྱས།

ལམ་ལུགས་འཛུགས་པར་ཤུགས་བསྣན་ནས་ཏང་དོན་ཡོངས་བསྒྲགས་བྱེད་པའི་ཡུན་རིང་ནང་རྐྱེན་བཙུགས།རིམ་པ་སོ་སོའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག་གིས་གཞི་རིམ་ཏང་དོན་ཡོངས་བསྒྲགས་བྱེད་པའི་ཡུན་རིང་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་འཚོལ་ཞིབ་བྱས། ཟི་ལིང་གྲོང་ཁྱེར་གྱིས«གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་རྩ་འཛུགས་ཀྱིས་ཏང་དོན་ཡོངས་བསྒྲགས་སྐོར་གྱི་ལག་བསྟར་བསམ་འཆར།»ཁྱབ་བསྒྲགས་བྱས་པ་དང་། མཚོ་ནུབ་ཁུལ་གྱིས་ཞང་དང་སྡེ་རིམ་པ་གཉིས་སུ“ཏང་དོན་ཡོངས་བསྒྲགས་བསམ་འཆར་སྡུད་ལེན་ཡིག་སྒམ”བཙུགས། རྨ་ལྷོ་ཁུལ་གྱིས«ཏང་དོན་ཡོངས་བསྒྲགས་ལག་བསྟར་བསམ་འཆར།»སྔར་ལས་འཐུས་ཚང་དུ་བཏང་། མཚོ་ལྷོ་ཁུལ་གུང་ཧི་རྫོང་གིས“གྲོས་མོལ་གསུམ་དང་བརྡས་ཐག་གཅོད་པ་གཅིག”གི་ལམ་ལུགས་སྔར་ལས་གཏིང་ཟབ་ཏུ་བཏང་། 

གོང་མ།:null
འོག་མ།:མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོ་ཏང་གིས་མི་རིགས་བྱ་བ་སྒྲུབ་པའི་བྱེད་ཐབས་གཙོ་བོ་ཡིན།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
གཅིག་སྒྲིལ་རྫོང་ཏང་ཨུས་ཁྱིམ་'  
མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་'  
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།