མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོ་ཏང་གིས་མི་རིགས་བྱ་བ་སྒྲུབ་པའི་བྱེད་ཐབས་གཙོ་བོ་ཡིན།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-15   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་བསྒྲོགས་བརྙན་འཕྲིན་ཁང་།

མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ས་ཁུལ་གསར་འཛུགས་བྱ་བ་དེ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག “མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ”གྱི་བརྗོད་དོན་གཙོ་བོར་དམིགས་ཏེ། ཐོད་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་བྱེད་པ་དམིགས་འབེན་དུ་བརྩི་བ་དང་། “ལོ་གསུམ་གྱི་ནང་རྨང་གཞི་སྲ་བརྟན་དང་ལོ་དྲུག་གི་ནང་སྔོན་ཐོན་བསྐྲུན་པ། ལོ་བརྒྱད་ཀྱི་ནང་དཔེ་སྟོན་འགྲུབ་པར་བྱེད་པ”བཅས་ཀྱི་གོམ་རིམ་ལྟར་སྐུལ་འདེད་དང་། ཞིང་ཆེན་དང་ཁུལ་གྱི“ས་ཁུལ་གསུམ”འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ལྟར་དུ། ཤུགས་ཆེན་པོས“འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དར་སྤེལ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཁྱོན་ཡོངས་དང་མཐུན་སྦྱོར་སྒོས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་ནང་དོན་གཙོ་བོར་བརྩིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ས་ཁུལ་བྱ་བར་སྐྱོན་བྲལ་ཞིང་བདེ་བླག་ངང་འཕེལ་རྒྱས་འབྱུང་བའི་གནས་བབ་བཟང་བོ་བྱུང་། 

“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འཆར་འགོད་གཏན་ཁེལ་བྱེད་སྐབས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཁྲོད་བཞག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་པ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་དེ་ལོ་མཇུག་གི་དཔྱད་ཞིབ་དམིགས་འབེན་འགན་འཁྲིའི་ཁྲོད་བཞག  ཁྱོན་ཡོངས་ནས་ཁུལ་དང་རྫོང་། ཞང་དང་སྡེ་བ་བཅས་རིམ་པ་བཞིའི་གསར་འཛུགས་བྱ་བའི་དྲ་བ་བཙུགས་ཏེ། རིམ་པ་བཞིན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་འདུས་པའི་སྤྱི་ཚོགས་དོ་དམ་དམིགས་འབེན་འགན་འཁྲི་ཡི་གེ་བཀོད་པ་དང་། མི་རིགས་ཆོས་ལུགས་བྱ་བ་དོ་དམ་དང“འགོ་ཁྲིད་པ་གཙོ་བོས”སྤྱི་འགན་འཁུར་བའི་བྱ་བའི་ནང་རྐྱེན་དངོས་འབེབས་ནན་མོ་བྱས།

མཚོ་ནུབ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པས། དུས་ཡུན་རིང་བོའི་ཐོན་སྐྱེད་དང་འཚོ་བའི་བརྒྱུད་རིམ་ཁྲོད། སྔོན་ཐོན་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས། ཐོན་སྐྱེད་ཉམས་མྱོང་། ཐོན་སྐྱེད་ནུས་རྩལ། བསམ་བློའི་འདུ་ཤེས་བཅས་ཀྱིས་ས་དེའི་སོག་པོ་དང་བོད་རིགས་སོགས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་དང་རོགས་རམ་ཅུང་ཆེན་པོ་བྱེད་ཀྱིན་ཡོད་པས། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གོམས་སྲོལ་དང་བསམ་གཞིགས་བྱེད་སྟངས་ལ་འགྱུར་ལྡོག་ཅུང་ཆེན་པོ་བྱུང་བ་མ་ཟད། ཚོང་ཟོག་དང་ཚོང་ར། ཕྱུག་འགྱུར། འཕེལ་རྒྱས་བཅས་ཀྱི་འདུ་ཤེས་ལའང་འགྱུར་ལྡོག་དང་ཡར་ཐོན་ཆེན་པོ་བྱུང་། མཐུན་སྒྲིལ་དང་འཕེལ་རྒྱས། མཉམ་དུ་དར་རྒྱས་གོང་འཕེལ་གྱི་འདུ་ཤེས་བཅས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གྱུར་ཞིང་། རིག་གནས་སློབ་གསོ་དང་ཚན་རྩལ་ཤེས་བྱ། སྐྱེ་ཁམས་འཛུགས་སྐྲུན། ངལ་རྩོལ་ནུས་རྩལ་གསོ་སྦྱོང་སོགས་ལ་མཐོང་ཆེན་བྱས་ཚད་ཉིན་རེ་བཞིན་གཏིང་ཟབ་ཏུ་གྱུར་ལ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཀྱི་རེ་འདུན་སྔར་ལས་ཇེ་དྲག་ཏུ་གྱུར་ཏེ། མི་རིགས་སློབ་གསོའི་ལས་དོན་དང་ཚན་རྩལ་རིག་གནས་ལས་དོན། བསམ་པའི་རིག་གནས་འཚོ་བ་སོགས་ཕྱོགས་མང་པོའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་། མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་ཕན་ཚུན་འབྲེལ་འདྲིས་ཀྱི་གོ་རིམ་ཁྲོད། རྒྱུན་མ་ཆད་པར་རྗེས་ལུས་ཀྱི་ཐོན་སྐྱེད་དང་འཚོ་བའི་བྱེད་སྟངས་བསྒྱུར་ཏེ། ཧུར་ཐག་གིས་དེང་རབས་ཀྱི་ཐོན་སྐྱེད་འཚོ་བ་འཚོལ་སྙེགས་བྱས་པས། ཁ་རྒྱབ་དང་འགྲོ་འདུག་སོགས་ཀྱི་ཆ་རྐྱེན་ཐད་ལེགས་བཅོས་ཆེན་པོ་བྱུང་བ་དང་། རོང་འབྲོག་ཁུལ་གྱི་རྣམ་པར་རྩ་བ་ནས་འགྱུར་ལྡོག་བྱུང་བ་མ་ཟད། མཁར་གྲོང་འཕེལ་རྒྱས་ཁོར་ཡུག་ལ་དེ་བས་ལེགས་བཅོས་ཆེན་པོ་བྱུང་། མིག་སྔའི་བར་དུ་མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་གསུམ་དགུ་བརྒྱ་ལྷག་ཏུ་བསླེབས་ཏེ། འཕར་ཚད་བརྒྱ་ཆའི་བཅུ་ལྷག་ཡིན་ཞིང་། རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་སྟོང་དགུ་ཆིག་བརྒྱ་གྱ་གཉིས་སུ་བསླེབས།

ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས། གཅིག་ནས་གྲངས་ཉུང་མི་རིགས་དང་རོང་འབྲོག་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ཏེ། རོང་འབྲོག་ཁུལ་གྱི་མཉམ་ལས་ཁང་གི་རྨང་གཞི་སྒྲིག་ཆས་འཛུགས་སོགས་ཀྱི་བྱ་བར་རོགས་སྐྱོར་བྱས་བས། རོང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་སོགས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཉིན་རེ་བཞིན་མཐོར་འདེགས་བྱུང་། གཉིས་ནས་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་འགན་སྲུང་ནང་རྐྱེན་ཁྱོན་ཡོངས་ནས་དངོས་འབེབས་བྱས། ཁུལ་ཡོངས་ཀྱི་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཁྲོད་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས་པ་དང་།  རོང་འབྲོག་ཁུལ་གྱི་རྒན་གསོ་ཉེན་ཚབ་དང་མ་མཐའི་འཚོ་བའི་འགན་སྲུང་གི་འགན་སྲུང་ཐོབ་དགོས་ས་ཚང་མར་འགན་སྲུང་ཐོབ་པར་བྱས། རོང་འབྲོག་ཁུལ་གྱི་ཆུ་གློག་ལམ་གསུམ་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་། གསུམ་ནས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་གང་ལེགས་ཐོབ་ཏེ། མི་རིགས་སོ་སོ་ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་ལ་རོགས་རམ། འཆམ་མཐུན་གཉམ་གནས་དང་མཉམ་དུ་འཕེལ་རྒྱས་བཅས་ཀྱི་གནས་བབ་བཟང་བོ་ཆགས། 

མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ནམ་ཡང་ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་ཇུས་ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་བར་མཐོང་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། བྱ་བ་དེ་ཆབ་སྲིད་ཐད་ནས་མི་རིགས་སོ་སོའི་བར་ཕན་ཚུན་འདྲ་མཉམ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་ནུས་ཡོད་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་ལྷོད་མེད་བྱས། གཅིག་ནས་བྱིས་གླུ《མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་བསྟོད་གླུ》ཞེས་པ་གསར་རྩོམ་བྱས་ཏེ། དྲིལ་སྒྲོག་བྱ་ཡུལ་དར་མ་ནས་བྱིས་པའི་ཕྱོགས་སུ་བསྒྱུར་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་དེ་བྱིས་པ་ནས་འཛིན་པ་དར་སྤེལ་བྱས། གཉིས་ནས་ལོ་རེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་ཟླ་བའི་བྱ་འགུལ་སྤེལ་བ་གོ་སྐབས་སུ་བརྩིས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། རིགས་སོ་སོའི་མང་ཚོགས་ཀྱི་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་འདུ་ཤེས་ཆེས་ཆེར་ཇེ་དྲག་ཏུ་བཏང་ཞིང་། ཆབ་སྲིད་བརྟན་འཇགས་དང་དཔལ་འབྱོར་འཕེལ་རྒྱས། ཆོས་ལུགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་བཅས་ཀྱི་གནས་བབ་བཟང་བོ་སྲ་བརྟན་དུ་གྱུར། 

མཚོ་ནུབ་ཁུལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེ་རྒྱུན་མ་ཆད་པར་ཇེ་ཆེར་གྱུར་ཏེ། རིག་གནས་བྱང་ཚད་མངོན་གསལ་སྒོས་མཐོར་འདེགས་དང་ན་གཞོན་ལས་བྱེད་པའི་བསྡུར་ཚད་ཇེ་མཐོར་སོང་བ་དང་། འགོ་ཁྲིད་ལས་བྱེད་པ་རྒྱུན་མ་ཆད་པར་ཇེ་མང་དུ་གྱུར་ཏེ།  གྲངས་ཚད་ངེས་ཅན་ལྡན་ཞིང་སྤྱི་ཡོངས་ཀྱི་བྱང་ཚད་ཅུང་མཐོ་བའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེ་རིམ་བཞིན་ཆགས། མིག་སྔའི་བར་དུ། ཁུལ་ཡོངས་སུ་བསྡོམས་པས་ལས་བྱེད་པ་སྣ་ཚོགས་ཆིག་ཁྲི་སུམ་སྟོང་སུམ་བརྒྱ་རེ་དགུ་ཡོད་པ་དང་། དེའི་ནང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྟོང་བཞི་སུམ་བརྒྱ་ལྔ་བཅུ་ཡོད་པ་དེས། ཁུལ་ཡོངས་ཀྱི་ལས་བྱེད་པ་སྤྱིའི་བརྒྱ་ཆའི་སོ་གཉིས་ལྷག་ཟིན་ཡོད།

«མཚོ་སྔོན་ཞིང་ཆེན་གྱི“སྐད་གཉིས”སློབ་གསོའི་སྒྲོག་སྦྱང་གནད་བསྡུས»ཁྲོད་ཀྱི་འབྲེལ་ཡོད་བླང་བྱ་ལྟར། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་སློབ་གྲྭའི་འཛིན་གྲྭ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། དོ་དམ་བྱེད་མཁས་པ་དང་སློབ་གསོ་འཛིན་ཤེས་པའི་བློ་མཐུན་མི་རིགས་སློབ་གྲྭའི་སློབ་གསོར་བསྐོས་ཏེ། སློབ་གྲྭའི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ་བརྟེན་ནས་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་སྤུས་ཚད་ཇེ་མཐོར་བཏང་། དུས་བཅད་ལྟར་གསོ་སྦྱོང་དང་དུས་ཡུན་ཐུང་བའི་གསོ་སྦྱོང་བྱེད་སྟངས་བརྒྱུད་དེ་སློབ་གྲྭའི་དགེ་རྒན་གྱི་སྤྱི་ཡོངས་ཀྱི་བྱང་ཚད་ཇེ་མཐོར་བཏང་། འགྲན་རྩོད་ནང་རྐྱེན་དང་བྱ་དགའི་ལམ་ལུགས་བཙུགས་ཏེ། རྒྱུན་མ་ཆད་པར་སློབ་ཁྲིད་བྱེད་ཐབས་ལེགས་བཅོས་བྱས། སྐད་གཉིས་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་བ་དེ་རྨང་གཞི་སློབ་གསོའི་སྐོར་ཐེངས་གཉིས་པའི་སློབ་ཚན་བཅོས་སྒྱུར་བྱ་བའི་གནད་སར་བརྩི་བ་དང་།  གསོ་སྦྱོང་ལ་བརྟེན་ནས་མཐོར་འདེགས་ལ་སྐུལ་འདེད་དང་འགྲན་རྩོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དཀྱིལ་སྙིང་དུ་བརྩིས་ཏེ། ཁུལ་ཡོངས་ཀྱི་དགེ་རྒན་གསོ་སྦྱོང་གི་ལམ་ལུགས་གཏན་ཁེལ་དང་འཐུས་ཚང་དུ་བཏང་ཞིང་། དགེ་རྒན་གསོ་སྦྱོང་གི་ཕན་འབྲས་ཇེ་མཐོར་བཏང་། དྲུག་པའི་གླུ་རོལ་དང་བོད་ཀྱི་ལོ་གསར། ན་ཏམ་ཚོགས་ཆེན། ཚྭ་འདམ་གཞོང་དབྱར་ཁའི་རིག་རྩལ་འཁྲབ་སྟོན་སོགས་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱ་འགུལ་རབ་དང་རིམ་པར་བརྟེན་ནས། མི་རིགས་སོ་སོ་མཐུན་སྒྲིལ་ཡར་ཐོན་དང་འཆམ་མཐུན་མཉམ་གནས། མཉམ་དུ་དར་རྒྱས་གོང་འཕེལ་བཅས་ཀྱི་ནང་དོན་དག་བྱ་འགུལ་སྣ་ཚོགས་ཀྱི་ཁྲོད་མཚོན་པར་བྱས་ཏེ། མི་རིགས་སོ་སོའི་བར་གྱི་མཛའ་བཤེས་ཇེ་ཟབ་དང་མཐུན་སྒྲིལ་ལ་སྐུལ་འདེད་བྱས་ཤིང་། ཁུལ་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་དང་འཆམ་མཐུན་ལ་རྨང་གཞི་བརྟན་པོ་བཏིང་། 
 སྔོན་ཐོན་དཔེ་མཚོན་བསྐྲུན་པ་ལས་ཕྱོགས་གཅིག་ནས་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མིག་དཔེ་བསྐྲུན་པ་དང་དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས། ཕྱོགས་གཞན་ཞིག་ནས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གཏིང་ཟབ་ཏུ་སྤེལ་བར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱས། མིག་སྔའི་བར་དུ་ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཐུན་མོང་གཅིག་དང་སྔོན་ཐོན་མི་སྒེར་གཅིག ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཐུན་མོང་གཅིག་དང་སྔོན་ཐོན་མི་སྒེར་གཅིག ཁུལ་རིམ་པའི་སྔོན་ཐོན་ཐུན་མོང་སོ་དྲུག་དང་སྔོན་ཐོན་མི་སྒེར་ང་བདུན་བཅས་ཡོད།

མཚོ་ནུབ་ཁུལ་གྱིས་ཆོས་ལུགས་ལས་བྱེད་མི་སྣའི་གསོ་སྦྱོང་ཡིག་ཚགས་བཙུགས་ཏེ། ཕྱོགས་ཡོངས་དང་ཐབས་ལམ་མང་པོ་ནས་དུས་ཐོག་ཏུ་ཆོས་ལུགས་ལས་བྱེད་མི་སྣའི་གསོ་སྦྱོང་གི་ཐེངས་གྲངས་དང་སློབ་སྦྱོང་ནང་དོན། སློབ་སྦྱོང་དུས་ཡུན། གསོ་སྦྱོང་སྒྲིག་གཞི་སོགས་ཀྱི་ཆ་འཕྲིན་ཁོང་དུ་ཆུད་པར་བྱས་ཏེ། ཆོས་ལུགས་ལས་བྱེད་མི་སྣའི་སྤྱི་ཡོངས་ཀྱི་བྱང་ཚད་མཐོར་འདེགས་གཏོང་བར་ཆ་འཕྲིན་གྱི་སྟེགས་བུ་བསྐྲུན་ཞིང་། རིམ་བཞིན་གནས་བཞི་གཞི་གཅིག་གི་སློབ་གསོའི་གསོ་སྦྱོང་དཔེ་དབྱིབས་དང་ཟུང་འབྲེལ་བཞིའི་གསོ་སྦྱོང་ནང་རྐྱེན་ཆགས་ཏེ། གསོ་སྦྱོང་དོ་དམ་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་གྱུར། སྔོན་ཆད་དགོན་པ་རང་གིས་དོ་དམ་བྱེད་པའི་སྲོལ་རྒྱུན་གྱི་དཔེ་དབྱིབས་བསྒྱུར་ཏེ། ས་གནས་སོ་སོའི་མི་རིགས་ཆོས་ལུགས་ལས་དོན་ཅུའུ་དང་བདག་གཉེར་དོ་དམ་ས་ཚིགས་ཀྱིས་ལོ་རེར་མཉམ་འབྲེལ་སྒོས་ནོར་དོན་དོ་དམ་གསོ་སྦྱོང་འཛིན་གྲྭ་ཐེངས་རེ་སྒྲུབ་ཏེ། དགོན་པའི་ནོར་དོན་མི་སྣའི་ནོར་དོན་དོ་དམ་ཤེས་བྱའི་ཆུ་ཚད་ཇེ་མཐོར་བཏང་། 

གོང་མ།:null
འོག་མ།:མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་དང་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་བྱ་བར་ཞིབ་འཇུག་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
གཅིག་སྒྲིལ་རྫོང་ཏང་ཨུས་ཁྱིམ་'  
མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་'  
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།