མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་དང་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་བྱ་བར་ཞིབ་འཇུག་བྱས་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས།
   ཚེས༢༦ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་དང་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་བྱ་བར་ཞིབ་འཇུག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་ལག་བསྟར་ཇུས་གཞི་ལག་བསྟར་དངོས་འབེབས་བྱས་པ་དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་བྱ་བའི་ཇུས་གཞིར་གྲོས་ཞིབ་བྱས་པ་དང་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

  གྲོས་ཚོགས་ནས་བལྟས་ན། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་བྱ་བ་ཡར་སྐུལ་བྱེད་པ་དེ་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པར་རྒྱུན་འཁྱོངས་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ཆམ་ཕབ་དང་འཐབ་འཛིང་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཀྲུང་དབྱང་གི་བཀོད་སྒྲིག་དང་རེ་བ་ལག་བསྟར་བྱས་ནས་ཕན་འབྲས་མངོན་གསལ་བླངས། སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་བྱ་བ་སྔར་ལས་གཏིང་ཟབ་དུ་སྤེལ་ཆེད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་ལྟར། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་ལག་བསྟར་ཇུས་གཞི་ལག་བསྟར་དངོས་འབེབས་བྱེད་པའི་བསམ་འཆར་བཏོན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་མཛུབ་སྟོན་བསམ་བློ་དང་། དམིགས་འབེན་རེ་བ། ལས་འགན་གཙོ་བོ་གསལ་བོར་བསྟན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་དུ་སྦྲེལ་ནས། ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱ་བ་དམ་འཛིན་བྱས།

  གྲོས་ཚོགས་ནས་བསྟན་དོན། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་རྒྱུ་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེ་དེང་རབས་ཅན་ཡར་སྐུལ་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡང་རེད། ཀྲུང་དབྱང་གིས་མཚོ་སྔོན་བཅོས་སྒྱུར་ཚོད་ལྟ་བྱེད་པའི་ས་ཁུལ་དུ་བཞག་ཡོད་པས། དེ་ནི་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་ལ་འགན་ཁུར་ཀྱང་ལྗིད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་བྱས་ནས། ཆེད་དོན་ཞིབ་འཇུག་བཀོད་སྒྲིག་ཐེངས་མང་པོ་སྤེལ། འབྲེལ་ཡོད་སྡེ་ཁག་གིས་རྟོག་ཞིབ་བྱ་བ་གཏིང་ཟབ་དུ་སྤེལ་བའི་རྨང་གཞིའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་ལག་བསྟར་ཇུས་གཞི་བཏོན་པས། ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་མཚོན། གྲོས་ཚོགས་ནས་རྩ་དོན་ཐོག་ནས་འཐད་པ་བྱུང་བ་མ་ཟད། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ། བཅོས་སྒྱུར་ཚོད་ལྟའི་སྤྱིའི་ཇུས་གཞི་དང་ཇུས་གཞི་ཁེར་རྐྱང་སྔར་ལས་འཐུས་ཚང་དུ་གཏོང་རྒྱུའི་བསམ་ཚུལ་བསྟན།

  གྲོས་ཚོགས་ནས་བསྟན་དོན། ཇུས་གཞི་དེ་ཀྲུང་དབྱང་ལ་ཡར་ཞུ་ཞུས་ནས་ཆོག་མཆན་འགོད་དུ་འཇུག་རྗེས། མཚོ་སྔོན་ཞིང་ཆེན་གྱིས་བརྟན་འཇགས་ངང་ཡར་སྐུལ་བྱེད་དགོས། གཅིག་གྱུར་གྱིས་མཚོ་སྔོན་གྱི་ས་ཁུལ་སོ་སོའི་དོན་དངོས་གནས་ཚུལ་དང་འདྲ་མིན་གྱི་ཁྱད་ཆོས་ལ་འདང་བརྒྱབ་ནས། ལས་ཁུངས་ཁ་ཤས་ཀྱི་སྔོན་སྐྱོད་ཚོད་ལྟ་གཏན་ལ་འབེབ་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་ཉམས་མྱོང་མང་པོ་བསགས་པའི་བྱ་བ་ཡར་སྐུལ་བྱེད་ཆེད། བསམ་བློའི་མཛུབ་ཁྲིད་བྱ་བར་ཤུགས་སྣོན་དགོས་པ་དང་། ཐུན་མོང་གི་ལྟ་བ་གཅིག་མཐུན་བྱུང་ནས། ཚད་ངེས་ཅན་ཞིག་ནས་རྒྱ་ཆེའི་ཁྲིམས་འཛིན་མི་སྣ་སྐུལ་སློང་བྱས་ནས་བཅོས་སྒྱུར་གྱི་བརྩོན་སེམས་སྐུལ་དགོས། མགོ་ཁྲིད་ལ་ཤུགས་བསྣན་ནས། འབྲེལ་ཡོད་ལས་ཁུངས་སོ་སོས་མགོ་ཁྲིད་དང་པོས་དངོས་སུ་དམ་འཛིན་བྱེད་པ་དང་། དངོས་སུ་འགན་ཁུར་བའི་བྱ་བ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་ཚོིད་ལྟའི་བྱ་བ་དེ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས་སྙམ། གྲོས་ཚོགས་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།

གོང་མ།:null
འོག་མ།:མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་འགན་སྲུང་བྱས་པ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་'  
རང་ཞིང་གི་ལས་ཐོག་ཏང་ཡོན་ཁྲི་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།