འབྲོག་ཁུལ་གསར་བ་སྐྲུན་པའི་སྣེ་ཁྲིད་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-09-15   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

༢༠༡༣ལོར། ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཀྱུ་རིམ་སྡེ་བའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་དྲུག་སྟོང་བརྒྱ་དང་སོ་དྲུག་ལ་བསླེབས་པ་དང་སྔོན་ལོ་ལས་བརྒྱ་ཆའི་ཉི་ཤུ་འཕར། དེ་རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ལས་ཧ་ལམ་སྒོར་ཉིས་སྟོང་གིས་མཐོ་བ་རེད། ད་ལྟ་རྩྭ་ཐང་དུ་ཆགས་པའི་སྡེ་བ་འདིར་གང་ས་གང་དུ་འགྲོ་བའི་གཞུང་ལམ་ལས་ཡོད་པར་མ་ཟད། ཁྱིམ་ཚང་རེ་རེའང་ཆུ་གློག་དྲོད་གསུམ་འཛོམས་པའི་གཏན་སྡོད་ཁང་པའི་ནང་སྤར།

“རྩྭ་ཐང་གི་འབྲོག་པ་ཞིག་གིས་འདི་འདྲའི་འཚོ་བ་སྐྱིད་པོར་རོལ་ཐུབ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་པ་ཡིན། སྲིད་གཞུང་གིས་དུས་ནམ་ཡང་མང་ཚོགས་བསམས་པ་དང་། ད་དུང་དེའི་ནང་གི་རྒྱུ་མཚན་གཙོ་བོ་ཞིག་ནི་ང་ཚོར་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པའི་ཀྲི་པུའུ་བཟང་པོ་དང་ཚན་ཁག་བཟང་པོ་ཞིག་ཡོད་པ་དེ་རེད། ”ཅེས་ལོ་ང་གཉིས་ལོན་པའི་སྡེ་མི་ཚེ་བས་ཚོར་སྣང་ཟབ་པོ་སྐྱེས་ནས་དེ་ལྟར་བཤད།

རྩྭ་ཐང་གི་འབྲོག་པ་གཞན་དང་འདྲ་བར་ཀྱུ་རིམ་སྡེ་བའི་འབྲོག་ཁྱིམ་ཉིས་བརྒྱ་ལྷག་གིས་སྲོལ་རྒྱུན་གྱི་ཕྱུགས་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་འདུག དེ་ལས་བཟང་བ་ཞིག་དེ་སྡེ་བ་འདིའི་རྩྭ་ཐང་གི་གཞི་ཁྱོན་ཆེ་བས་འབྲོག་པ་ཚོས་ཟ་རྒྱུ་དང་གོན་རྒྱུ་ལ་སེམས་ཁྲལ་བྱ་མི་དགོས། “འབྲོག་པ་རེ་རེར་རང་གི་འདོད་ཚུལ་ཡོད་མོད། མདོར་བསྡུས་ནས་བཤད་ན་ཚང་མས་འབྱོར་ཕྱུག་དང་འཆམ་མཐུན། དཔལ་ཡོན་བཅས་ལྡན་པའི་དེང་རབས་ཀྱི་འཚོ་བ་གསར་བར་རེ་སྒུག་བྱེད་འདུག”ཅེས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྟ་མགྲིན་དབང་རྒྱལ་གྱིས་དེ་ལྟར་བཤད།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་པའོ་ཡིས་བཤད་རྒྱུར། ད་ཡོད་རྩྭ་ས་དང་ཕྱུགས་ཟོག་གཞིར་བཟུང་སྟེ། ཐོན་ཁུངས་སྣ་ཚོགས་ཕྱོགས་བསྡུས་དང་རང་གི་ཁྱད་ཆོས་འབུར་དུ་དོད་པ། ཆེད་ལས་མཉམ་ལས་ཁང་གི་བྱེད་སྟངས་སྤྱད་དེ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཅི་ཐུབ་བྱས་ནས་ཐོན་འཕར་ཡོང་འཕར་བྱེད་པའི་དུས་མཚུངས་སུ། ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་བཟོ་འགོད་དང་། གྲོང་རྡལ་ཅན་དུ་འཛུགས་སྐྲུན། འབྲོག་པའི་གཏན་སྡོད་བཟོ་འགོད། ཏང་སྲིད་དམག་ཁེ་བཞི་ཡིས་དཔེ་སྟོན་སྡེ་བ་མཉམ་སྐྲུན་བཅས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འདི་འདྲ་དམ་འཛིན་བྱས་ན། ད་གཟོད་མང་ཚོགས་འདུས་སྡོད་བྱེད་པ་དང་འཚོ་བའི་ཆ་རྐྱེན་སྔར་ལས་ལེགས་སྒྱུར་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན་ལྡན་པའི་འཚོ་བ་རོལ་དུ་འཇུག་ཐུབ།

༢༠༠༩ལོར་ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་སྡེ་བ་ཡིན་པའི་ཆ་ནས། ཀྱུ་རིམ་སྡེ་བས་འབྲོག་ཁྱིམ་སུམ་ཅུ་ཞུགས་པའི་སྐྱེ་ཁམས་ཕྱུགས་ལས་བསྐྲུན་པའི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྡེ་མི་ཚོས་ཕྱུགས་ཟོག་བཞི་སྟོང་ལྷག་དང་རྩྭ་ཐང་མུའུ་ཁྲི་བཞི་ལྷག་མ་རྐང་དུ་བཞག ཕྱུགས་ལས་ཐོན་སྐྱེད་ཀྱི་ལས་དང་བྲལ་བའི་འབྲོག་པ་ལྔ་བཅུ་ལྷག་གིས་སྲིད་གཞུང་གི་ཡིད་རྟོན་སྟེགས་བུ་ཡིས་རྒྱབ་སྐྱོར་བྱས་པའི་དངུལ་བུན་སྤྱད་དེ་རྫོང་མཁར་དུ་སྒོར་འབྲུམ་དྲུག་བཏང་ནས་མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭ་བཙུགས།

ལོ་འགའི་རྗེས་སུ། སྐྱེ་ཁམས་ཕྱུགས་ལས་བསྐྲུན་པ་ལས་ཀྱུ་རིམ་སྡེ་བར་སྐྱེ་ཁམས་དང་དཔལ་འབྱོར་ཕན་འབྲས་ཕྱོགས་གཉིས་ལ་ཕན་ཁེ་བསྐྲུན་ཏེ། ཚོད་ལྟ་བྱས་པའི་ལོ་གསུམ་རྗེས་སུ་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་སྒོར་བཞི་སྟོང་ལྷག་ཏུ་བསླེབས། དེའི་ནང་ཏང་ཡོན་དཔེ་སྟོན་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་སྒོར་ལྔ་སྟོང་ཉིས་བརྒྱ་སོ་དྲུག་ལ་བསླེབས་པ་དང་། ཆེད་ལས་མཉམ་ལས་ཁང་གཏན་འཇགས་རྒྱུ་ནོར་ཡང་སྒོར་བྱེ་བ་གཉིས་ས་ཡ་བདུན་འབུམ་བརྒྱད་དང་ཁྲི་གཉིས་སྟོང་གསུམ་ལ་བསླེབས།

མང་ཚོགས་ཕྱུག་པོར་བསྒྱུར་བ་དང་ཐུན་མོང་གི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་རྗེས། ཏང་ཀྲི་པུའུ་ཡིས་རྗེས་མའི་འདུན་མ་འཆར་འགོད་བྱེད་མགོ་བརྩམས། སྤྱི་ཚོགས་རིང་ལུགས་ཀྱི་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་བླང་བྱ་ལྟར། སྡེ་བས་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་འགོད་བཟོས། ༢༠༡༠ལོ་ནས་བཟུང་། མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་བདུན་དང་འབུམ་བཞི་ཁྲི་བཞི་སྟོང་ལྔ་བཏང་ནས་ཀྱུ་རིམ་སྡེ་བའི་འབྲོག་པའི་གཏན་སྡོད་ཁང་པ་བརྒྱ་དང་རེ་བརྒྱད་གསར་དུ་ལས་པ་དང་། དེའི་ནང་གི་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་ནི་མང་ཚོགས་རང་འགུལ་གྱིས་རང་གྲབས་བྱས་པ་ཡིན། ཏང་སྲིད་དམག་ཁེ་བཞི་ཡིས་མཉམ་འཛུགས་ལས་གཞི་བརྒྱུད་དེ་མུས་གྲུ་བཞི་མ་བཞི་བརྒྱ་བརྒྱད་བཅུ་ཡོད་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་གཞུང་ལས་ཁང་། ཏང་ཡོན་བྱ་འགུལ་ཁང་། དཔེ་མཛོད་ཁང་། སྨན་བཅོས་ཁང་། ཉེན་དོན་ཁང་། ཚོགས་འདུ་ཁང་བཅས་བཙུགས་པར་མ་ཟད། ད་དུང་བྱིས་བཅོལ་ཁང་དང་རིག་གནས་ཐང་ཆེན་སོགས་སྤྱི་པའི་ཞབས་ཞུ་སྒྲིག་བཀོད་གསར་དུ་ལས། དེ་མིན་ཕྱོགས་མང་པོ་ནས་ལས་གཞི་དང་མ་དངུལ་བརྩོན་ལེན་བྱས་ཏེ། སྡེ་བའི་གཞུང་ལམ་སྤྱི་ལེ་བཅུ་ཙམ་སྲ་བསྒྱུར་བྱས་པ་དང་། ཉི་འོད་ནུས་པའི་ལམ་སྒྲོན་ལྔ་བཅུ་སྒྲིག་སྦྱོར་བྱས་ལ། ཁྲོ་ཐབ་ཁང་གཅིག་ལས་ནས་དྲོད་འདོན་སྦུག་ལམ་མུས་སྟོང་གཅིག་བཞི་བརྒྱ་དགུ་བཏིངས་པ་རེད།

སྣེ་ཁྲིད་པའི་མིག་རྒྱ་སྔར་ལས་ཆེ་བ། ཐུན་མོང་དཔལ་འབྱོར་སྔར་ལས་འཕེལ་རྒྱས་དང་མང་ཚོགས་ཕྱུག་བསྒྱུར་གྱི་ཐབས་ལམ་རྒྱ་བསྐྱེད་པའི་ཆེད་དུ། ཏང་ཀྲི་པུའུ་ཡིས་རྒྱུན་དུ་ལས་ཞུགས་དང་ཕྱུགས་ལས། བུད་མེད་མཉམ་འབྲེལ། འཕྲོད་བསྟེན་སོགས་སྡེ་ཁག་གི་མི་སྡེ་བར་མི་སྡེ་བར་གདན་འདྲེན་བྱས་ནས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་སྤྱོད་གོ་ཆོད་པའི་ཕྱུགས་ལས་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་ཚོང་རའི་འདུ་ཤེས་དང་ཚན་རྩལ་འདུ་ཤེས་ཇེ་མཐོར་བཏང་། དེ་མིན་སྡེ་བའི་ལས་བྱེད་པ་དང་ཕྱུགས་བསྒྱུར་འཇོན་མི་རྣམས་རྩ་འཛུགས་བྱས་ནས་སི་ཁྲོན་གྱི་ཧོང་ཡོན་དང་མཛོད་དགེ་སོགས་ཕྱུགས་ལས་ལས་དཔལ་འབྱོར་ཅུང་ཙམ་དར་རྒྱས་ཆེ་སར་སོང་ནས་རྟོག་ཞིབ་བྱས་པ་དང་། གཞན་གྱི་དགེ་མཚན་ཕྲན་བུ་དེ་རང་ལ་ཕན་པའི་ཐབས་བཟང་དུ་བརྩིས་ཏེ་སྡེ་བ་རང་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་འཚོལ་ཞིབ་བྱས། ཉེ་བའི་ལོ་འགར། སྡེ་བས་ཐུན་མོང་གི་མ་དངུལ་དང་སྲིད་གཞུང་གི་རིགས་སོ་སོའི་ལས་གཞི་མ་དངུལ་བེད་སྤྱད་དེ། མུས་གྲུ་བཞི་མ་སུམ་སྟོང་ཉིས་བརྒྱ་ཡོད་པའི་གཉིས་སྤྱོད་དྲོད་ཁང་བརྒྱ་དང་དོན་གཅིག་ལས། སྡེ་བའི་བརྒྱ་ཆའི་བདུན་ཅུ་ཡན་གྱི་འབྲོག་ཁྱིམ་ལ“ཆ་ཚང་བཞི”མངོན་འགྱུར་བྱས་པར་མ་ཟད། རིམ་བཞིན་ཆ་ཚང་མང་པོའི་ཕྱོགས་སུ་འཕེལ་རྒྱས་གཏོང་བཞིན་ཡོད། མི་ཕྱུགས་འཐུང་ཆུ་ཁྲོན་པ་སོ་གཉིས་བརྐོས་ནས་ཁྱིམ་ཚང་གོ་དྲུག་གི་མི་བཞི་བརྒྱ་བརྒྱད་བཅུ་དང་ཕྱུགས་ཟོག་ཁྲི་གཉིས་དང་སྟོང་གཉིས་བརྒྱད་ཅུ་ཡི་འཐུང་ཆུའི་གནད་དོན་ཐག་གིས་བཅད། ལྕགས་དྲ་མུས་འབུམ་གཅིག་དང་སྟོང་གཅིག་འཐེན། དངུལ་རྭ་ལུག་སུམ་ཅུ་དང་འབྲོང་སུམ་ཅུ་ནང་འདྲེན་བྱས་པ་དང་། སྡེ་བའི་གཞུང་ལམ་སྤྱི་ལེ་ང་གཉིས་ལས་པས། རང་བྱུང་སྡེ་བ་ཚང་མར་སྲ་བསྒྱུར་འགྲོ་ལམ་ཡོད་པར་གྱུར། རྫོང་མཁར་ནས་ཀྱུ་རིམ་སྡེ་བའི་བར་ཡང་སྲ་བསྒྱུར་འགྲོ་ལམ་ལས་པས། ཕྱིན་ཆད་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས།

ཉེ་བའི་ལོ་འགའི་རིང་། སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་རྩ་འཛུགས་བྱས་ནས་དབུལ་ཕོངས་ཁྱིམ་ཚང་དང་རོགས་སྐྱོར་བྱེད་པ་ཆ་བསྒྲིགས་ཏེ། དཀའ་ཁག་ཐག་གཅོད་རོགས་དང་འགལ་བ་ཞི་ལྷོད་དུ་བཏང་། ཏང་ཡོན་ལས་བྱེད་པ་དང་ཕྱུག་འགྱུར་མང་ཚོགས་ཀྱིས་སྔ་གཞུག་ཏུ་མ་དངུལ་སྒོར་ལྔ་སྟོང་དྲུག་བརྒྱ་བརྒྱད་ཅུ་དང་ལུག་བཞི་བརྒྱ་གོ་དྲུག ནོར་བརྒྱ་དང་གཅིག་བཅས་ཞལ་འདེབས་སུ་ཕུལ་ནས། དབུལ་ཕོངས་ཁྱིམ་ཚང་བཅུ་གཉིས་དང་ལྔ་སྐྱོང་རྒན་པའི་འཚོ་བའི་དཀའ་ཁག་སེལ་རོགས་བྱས། དུས་མཚུངས་སུ། ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་སྲོལ་དམངས་འཆིང་གཏན་འཁེལ་བྱས་ཏེ། མང་ཚོགས་དེའི་ནང་ཞུགས་པ་དང་ཕན་ཚུན་ལྟ་སྐུལ་བྱས་པས། སྡེ་བའི་ནང་གི་འཆལ་ཚུལ་དག་བཀག་འགོག་ནུས་ལྡན་བྱས། འབྲོག་ཁྱིམ་མང་ཤོས་ཀྱིས་བུ་ཕྲུག་སློར་གྲྭར་སྐྱེལ་མི་འདོད་པའི་གནས་ཚུལ་ལ་དམིགས་ནས། སྡེ་བའི་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཀྲི་པུའུ་ཁོངས་མི་རེ་རེས་སྡེ་བ་རེ་འགན་ལེན་བྱས་ཏེ། མང་ཚོགས་ལ་སློབ་གསོ་གཏོང་བ་དང་མང་ཚོགས་ཀྱི་བསམ་བློའི་བྱ་བ་སྒྲུབ་པའི་འགན་ཁུར། ལོ་འགར་འབད་པ་ལྷོད་མེད་བྱས་རྗེས་སྡེ་བ་ཡོངས་ཀྱི་བྱིས་པ་སློབ་གྲྭར་འགྲོ་ཚད་སྔོན་གྱི་བརྒྱ་ཆའི་དོན་གཅིག་ནས་ད་ལྟའི་བརྒྱ་ཆའི་གོ་བརྒྱད་གྲངས་ཆུང་གཉིས་ལ་བསླེབས།

༢༠༡༣ལོར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི«ཞིང་སྡེའི་ཏང་འཛུགས»ཞེས་པའི་ལེ་ཚན་གྱིས«ཀྱུ་རིམ་དུ་བསྐྱོད་པ་སྟེ་མཚོ་སྔོན་ཞིང་ཆེན་ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཀྱུ་རིམ་སྡེ་བའི་ཏང་ཀྲི་པུའུ་ཡི་སྔོན་ཐོན་བྱས་རྗེས་བཀོད་པ»ཞེས་པའི་ཆེད་བསྒྲིགས་ལེ་ཚན་བཟོས་པར་མ་ཟད། རྒྱལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་དེང་རབས་རྒྱང་བསྟེན་སློབ་གསོའི་ཁྲོད་བཏང་ནས་དྲིལ་བསྒྲགས་བྱས། སྡེ་བའི་ཏང་ཀྲི་པུའུ་ལའང་སྔ་གཞུག་ཏུ“སྔོན་ཐོན་གཞི་རིམ་ཏང་ཀྲི་པུའུ”དང“ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་དཔེ་སྟོན་སྡེ་བ”། “ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”བཅས་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

གོང་མ།:null
འོག་མ།:མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་ཁྲིམས་སྐྱོང་'  
ཐུན་རིན་རྫོང་གིས་རེབ་གོང་དམང'  
ཉི་འོད་སྟོང་ལྡན་གྱི་ལུས་རྩལ་'  
རྨ་ལྷོ་ཁུལ་གྱིས་རྣམ་གྲངས་བརྒ(  
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འབྲོག་ཁུལ་གསར་བ་སྐྲུན་པའི་སྣ'  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
གཅིག་སྒྲིལ་རྫོང་ཏང་ཨུས་ཁྱིམ་'  
མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་'  
མཐོ་རིམ་སློབ་གསོ་དང་ལས་རིགས་'  
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ&  
མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།