མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-08-29   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་བསྒྲོགས་བརྙན་འཕྲིན་ཁང་།

ཝང་ཀྲན་ཧཱ་ཡིས་གཅན་ཚ་རྫོང་ཁང་ཡང་གྲོང་བརྡལ་ཤེ་མ་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་བའི་ཚུན་ལ། རྒྱུན་དུ་མང་ཚོགས་ཀྱི་ཁྲོད་དུ་ཞུགས་ཏེ་དམངས་ཀྱི་འདོད་བློར་རྒྱུས་ལོན་དང་སྲིད་ཞུགས་སྲིད་གླེང་གི་བྱ་བར་འབད་ནས། ཏང་དང་སྲིད་གཞུང་ལ་གསར་སྐྲུན་རང་བཞིན་གྱི་བསམ་འཆར་དང་ལྟ་ཚུལ་གང་ལེགས་བཏོན་པར་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྐོར་ལ་བྱས་རྗེས་མི་དམན་པ་བཞག་པས་སྤྱི་ཚོགས་ཀྱི་ལས་རིགས་ཁག་ཡོངས་ནས་བསྟོད་བསྔགས་ཐོབ་ཅིང་། ཐེངས་མང་པོར་གྲོང་བརྡལ་གྱི་སྔོན་ཐོན་མི་སྣ་དང་ཕུལ་བྱུང་སྡེ་བའི་ལས་བྱེད་མི་སྣར་བདམས་ལ། ༢༠༡༠ལོར་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ༢༠༡༡ལོར་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཏང་གི་འཐུས་མིར་བདམས་པ་རེད།

གཅིག ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་ལྟ་བ་གསལ་བོའི་སྒོ་ནས་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ།
ཁོ་རང་གཞི་རིམ་གྱི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཀུན་སྤྱོད་བློ་སྦྱོང་གཙིགས་སུ་འཛིན་པ་དང་། རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱས་ཏེ་རྩ་དོན་དང་མཐུན་སྒྲིལ། བདེ་འཇགས་སོགས་ལ་ཧུར་བརྩོན་སྒོས་སློབ་སྦྱོང་དང་སྡེ་མིའི་ཚོགས་འདུ་བསྡུས་ཏེ་ཏང་གི་མི་རིགས་སྲིད་ཇུས་དང་གཞུང་ལུགས། ཁྲིམས་སྲོལ་བཅས་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། སྒོས་སུ་བོད་ཁུལ་བདེ་སྲུང་གི་བྱ་བའི་ཁྲོད་དུ་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་རྣམས་ལ་ཁ་འབྲལ་ཐབས་མེད་པ་གསུམ་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ལངས་ཕྱོགས་བརྟན་པོ་དང་ལྟ་བ་རྣམ་དག་གིས་མི་རིགས་ཁ་བྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པར་རྒྱུན་འཁྱོངས་བྱས།

གཉིས། ལས་བྱེད་དང་མང་ཚོགས་ལ་འབྲེལ་བ་དམ་པོས་སྣེ་ཁྲིད་བྱས་པ། 
ཁོ་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། ཉེ་འཁོར་གྱི་ལས་གྲོགས་དང་རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་ལེགས་པོ་བྱས་ཏེ་ནན་ཏན་གྱིས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱས་པ་དང་། ཧུར་ཐག་གིས་རྒྱ་ཆེའི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་རང་རྟོགས་ཀྱི་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཁྲིམས་ལུགས་ཁྱབ་བརྡལ་དང་ཁྲིམས་ལྟར་སྡེ་བ་སྐྱོང་བ། བདེ་འཇགས་སྡེ་བའི་འཛུགས་སྐྲུན་གྱི་མགོ་ཁྲིད་ཚན་ཆུང་སོགས་བཙུགས་ནས། སྡེ་དམངས་ཚོགས་འདུ་དང་ཁྱིམ་མིའི་འཐུས་མི་ཚོགས་འདུ། དེ་མིན་གྲོང་བརྡལ་ནས་སྡེ་བར་མངགས་པའི་སྡེ་དཔོན་གཞོན་པ་སོགས་དང་མཉམ་དུ་ས་ཞིང་དང་ནགས་ཚལ། ཁོར་ཡུག་སྲུང་སྐྱོབ་དང་གཉེན་སྒྲིག་གི་ཁྲིམས་ལུགས་སོགས་བསྒྲགས་ཏེ། སྡེ་དམངས་ཡོངས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་།

གསུམ། དམངས་གཙོས་གྲོས་ཐག་གཅོད་པའི་ལམ་ལུགས་བཙུགས་ཏེ་སྡེ་དམངས་རང་སྐྱོང་བྱེད་པ་ལག་ལེན་དུ་བསྟར་བ།
ཉེ་བའི་ལོ་འགའི་རིང་ལ། ཁོས་སྣེ་ཁྲིད་འོག་སྡེ་དམངས་ཡོངས་ལ«སྡེ་མིའི་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོ་བྱ་ཐབས»དང«སྡེ་མིའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བྱ་ཐབས།»སོགས་དྲིལ་བསྒྲགས་བྱས་པས། མང་ཚོགས་ཀྱིས་ཀྱང་སྡེ་བའི་གནས་ཚུལ་གསལ་བོར་རྟོགས་པ་དང་། དེ་མིན་སྡེ་བའི་ཨུ་ཡོན་གཉིས་ཀྱི་ཁོངས་མི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་། བུད་མེད་ཨུ་ཡོན་ལྷན་ཁང་། འཆར་ལྡན་བུ་སྐྱེས་ཀྱི་མཐུན་ཚོགས་སོགས་ཚང་མ་ཁྲིམས་ལུགས་གཞིར་བཟུང་ནས་དམངས་གཙོས་འདེམ་དགོས་པ་དང་། སྡེ་བའི་དོ་དམ་དང་གྲོས་ཆོད་ལའང་དམངས་གཙོས་དོ་དམ་དང་དམངས་གཙོས་གྲོས་ཆོད་བྱེད་པ་ལག་བསྟར་བྱས་པས། ཤེ་མ་ལ་སྡེ་བའང་རྫོང་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་གི་མིག་དཔེ་ཅན་གྱི་སྡེ་བར་གྱུར་ཡོད།

བཞི། མང་ཚོགས་ལ་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ།
ཁོ་ནི་དཔེ་མཚོན་རང་བཞིན་གྱི་བརྩོན་འགྲུས་ཅན་ཞིག་ཡིན་པས། ཆུང་དུས་ནས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཕྱུག་བསྒྱུར་གྱི་ལམ་དུ་བསྙེགས་ཤིང་། ནམ་ཡང་མི་བཟང་དོན་བཟང་གི་བྱ་བ་སྒྲུབ་ཅིང་། མང་ཚོགས་ལ་རོགས་རམ་བྱེད་རྒྱུ་ནི་ཁོ་བོའི་འདུན་པ་ཉག་གཅིག་ཡིན་པས། མང་ཚོགས་ལ་སྐུལ་སློབ་བྱས་ཏེ་སིལ་ར་བསྐོར་བ་དང་། དྲོད་ཁང་ནང་ཚོད་མ་འདེབས་པ། ནོར་ལུག་འཚོ་སྐྱོང་བྱེད་པ་བཅས་ཀྱི་ཐབས་ལམ་བསྒྲགས་པར་མ་ཟད། ད་དུང་མ་དངུལ་མི་འདང་བའི་སྡེ་མི་དང་དཀའ་ངལ་ ཅན་ལ་རང་ཉིད་ཀྱི་སྒོར་བསྐྱིས་པ་དང་དངུལ་ཁང་གི་བར་སྡོད་པ་སོགས་བྱས་པས། ༢༠༡༣ལོའི་ལོ་མཇུག་ཏུ་བསླེབས་དུས་སྡེ་བའི་ནང་དུ་ཁྱིམ་ཚང་སོ་ལྔས་ནོར་ལུག་འཚོས་བར་མ་ཟད། ཁྱིམ་ཚང་བཅུ་གཉིས་ད་དུང་གཞི་ཁྱོན་ཆེན་པོའི་གྲས་སུ་ཚུད་ཅིང་། ཁྱིམ་ཚང་བཞི་བཅུ་ལྷག་གིས་སྔོ་ཚོད་སྣ་ཚོགས་བཏབ་པས་དབུལ་ཕོངས་ལས་ཐར་བ་དང་། ད་ལྟ་སྡེ་བའི་ཁེ་ལས་གསུམ་དང་སྒེར་གཉེར་ཁེ་ལས་དགུ། སྐྱེལ་འདྲེན་རླངས་འཁོར་ཆེན་པོ་བརྒྱད་ཡོད་ལ། ལས་ཞུགས་མི་སྣ་ཞེ་བརྒྱད་ལྷག་ལ་བསླེབས་པས། ལོ་རེའི་ཡོང་སྒོ་འཕར་སྣོན་བྱུང་བ་དང་བསྟུན་ནས་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ། འཕྲུལ་རྟ་དང་ཁྱིམ་སྤྱོད་གློག་ཆས་སོགས་ཁྱིམ་ཚང་ཡོངས་ནས་སྤྱོད་ཐུབ་པ་བྱུང་།

ལྔ། འགལ་བ་འདུམ་འགྲིག་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་པ།
ཁོས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་ཅིང་། ཏང་ཡོན་དང་ལས་བྱེད་མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་བྱ་བར་འབད་འབུངས་བྱས་པས། སྡེ་བའི་གོམས་སྲོལ་ཇེ་ལེགས་དང་ལས་བྱེད་བར་གྱི་འབྲེལ་བ་ཇེ་བཟང་དུ་སོང་སྟེ། སྤྱི་ཚོགས་སྟེང་རྣམ་པ་གསར་བའི་ཉམས་སྣང་ཞིག་མངོན་འདུག ཉེ་བའི་ལོ་འགའི་རིང་ལ་ཁང་ཡང་གྲོང་བརྡལ་གྱི་འཕེལ་རྒྱས་ཅུང་མགྱོགས་ཤིང་། དེ་དང་བསྟུན་ནས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁང་བ་བཤིག་སྤོར་དང་དཔལ་འབྱོར་སྐྱིན་ཚབ་ཐད་ཀྱི་བྱ་བ་དང་འགལ་བ་མང་པོ་ཞིག་བྱུང་རྐྱེན། མི་རིགས་མཐུན་སྒྲིལ་དང་འགལ་བ་འདུམ་འགྲིག སྤྱི་ཚོགས་བདེ་སྲུང་ལ་སོགས་པའི་བྱ་བ་དེ་འགངས་ཆེན་དུ་གྱུར་ཡོད་པས། ཁོ་བོས་རང་ནུས་གང་ཡོད་ཀྱིས་འགལ་བ་ཉི་ཤུ་ལྷག་འདུམ་འགྲིག་བྱས་ཤིང་། སྒོས་སུ་མི་རིགས་བར་གྱི་མཐུན་སྒྲིལ་དང་མང་ཚོགས་ལ་སློབ་གསོ་གཏོང་བ་གཙོ་བྱས་སྟབས། སྡེ་བའི་ནང་གི་ཁྱིམ་མཚེས་ཕན་ཚུན་བར་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་སྲུང་གི་འདུ་ཤེས་ཀྱང་ཇེ་དྲག་ཏུ་ཕྱིན་པ་དང་ཆབས་ཅིག སྡེ་བ་ཡོངས་ཀྱི་དཔལ་འབྱོར་གཉིས་ལྡན་ཅན་དང་ཁྲིམས་བརྩི་སྒྲིག་སྲུང་གི་ཁྱིམ་ཚང་གི་བསྡུར་ཚད་དེ་ལོ་རེ་ནས་ལོ་རེར་ཇེ་མཐོར་སོང་།

དྲུག སློབ་ཡོན་རམ་འདེགས་བྱས་ཏེ་མིག་དཔེའི་ནུས་པ་བཏོན་པ།
ཁོ་རང་ཇི་ལྟར་ཕྱུག་པོར་གྱུར་ཡང་སློབ་གསོའི་བྱ་བཞག་ནམ་ཡང་བརྗེད་མེད་དེ། སློབ་གྲྭའི་སློབ་གསོའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད་ཁོས་སྒོར་ཁྲི་གཅིག་དང་སྟོང་གཉིས་ལྔ་བརྒྱ་ཞལ་འདེབས་སུ་ཕུལ་བ་དང་། ལོ་རེའི་དྲུག་གཅིག་བྱིས་པའི་དུས་ཆེན་སྟེང་སློབ་གྲྭར་སྒོར་ལྔ་བརྒྱ་རེ་བྱིན་པར་མ་ཟད། སྡེ་བའི་སློབ་ཤོར་སློབ་མ་དྲུག་ཙམ་ལ་རོགས་རམ་བྱེད་བཞིན་ཡོད། དེ་ལས་གཞན་ད་དུང་ཁཱང་ཅ་སློབ་ཆུང་གི་སློབ་མ་ཡོངས་ཀྱི་ལས་བྱ་འབྲི་དེབ་ཁྱོན་བསྡོམས་སྟོང་གཅིག་ལྔ་བརྒྱ་དང་། ཡང་ཅ་སློབ་ཆུང་ལ་ཅོག་ཙེ་དང་རྐུབ་སྟེགས་ཉིས་བརྒྱ་ལྷག་བྱིན་ལ། ཁྱིམ་ཚང་དཀའ་ཁག་ཅན་དྲུག་ལ་དམངས་སྒོར་སྟོང་གཉིས་ལྷག་གིས་རོགས་རམ་བྱས་ཡོད་པས། དངོས་གནས་ཏང་ཡོན་ཞིག་གིས་སྔོན་ཐོན་དཔེ་ལེགས་ཀྱི་ནུས་པ་བཏོན་པར་མ་ཟད། གཞི་རིམ་གྱི་ཏང་ཡོན་ལས་བྱེད་མི་སྣར་མིག་དཔེ་ལེགས་པོ་ཞིག་བསྟན་ཡོད།

བདུན། གཞན་དོན་སྒྲུབ་པར་རྒྱུན་འཁྱོངས་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པ།
དུས་ཡུན་རིང་བོར་ཁོས་མང་ཚོགས་ཀྱི་ཁེ་ཕན་དང་སྐྱིད་སྡུག་གཙོ་བོར་བཟུང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་དོན་བཟང་གང་མང་བསྒྲུབས་ཡོད་ལ། འགྲོ་གྲོན་སྒོར་འབུམ་གསུམ་དང་ཁྲི་བརྒྱད་བཏང་སྟེ་སྡེ་བའི་ས་ཆུ་ཤོར་བའི་བྱེ་ཐང་ཞིང་སར་བསྒྱུར་ཏེ་སྡོང་བོ་དང་གཡེར་མ་སོགས་བཙུགས་པར་མ་ཟད། གོང་རིམ་གྱི་མ་དངུལ་གཏོང་བ་དང་ཐུན་མོང་རང་གྲབས་ཀྱི་ཐབས་ལ་བརྟེན་ནས་སྒོར་འབུམ་གཅིག་དང་ཁྲི་བདུན་ལྷག་གིས་སྡེ་བའི་ནང་དུ་མུས་གྲུ་བཞི་མ་ཉིས་བརྒྱ་དྲུག་ཅུ་ཙམ་གྱི་ཕྱོགས་བསྡུས་གཞུང་སྒྲུབ་ཁང་ཞིག་ཀྱང་ལས་པ་རེད། ས་ལེ་མོ་སྡེ་བའི་འཐུང་ཆུའི་སྦུ་གུ་ཆུ་ལོག་གིས་ཁུར་རྗེས་ཁོས་མྱུར་དུ་འགན་དང་ལེན་གྱིས་རང་གི་ལྗིད་འདེགས་འཕྲུལ་ཆས་སྤྱད་དེ་མུས་སུམ་བརྒྱ་ལྔ་བཅུ་ལྷག་གི་རང་འབབ་ཆུ་བོའི་སྦུ་གུ་སླར་གསོ་བྱས་པ་དང་། ཡང་ཅཱ་དང་གུ་ཆུ་སྡེ་བ་གཉིས་ཀྱི་ཆུ་བསྡུ་ས་ཚིགས་གཡས་གཡོན་གྱི་འདམ་སེགས་ཧྥང་སུམ་སྟོང་བརྒྱ་ལྷག་གཙང་ཕྱགས་བྱས་ཤིང་། གྲོང་བརྡལ་ཡོངས་ཀྱི་ཆུ་འགོག་གནོད་སེལ་གྱི་རོགས་སྐྱོར་ཁྲོད་དམངས་སྒོར་སྟོང་གཉིས་ཞལ་འདེབས་སུ་ཕུལ་བ་དེས་ཡང་ཅཱ་སྡེ་བའི་རྨོ་ཞིང་མུའུ་སྟོང་གསུམ་ལྷག་གི་ཆུའི་གནད་དོན་ཐག་བཅད་ཅིང་། སྔ་གཞུག་ཏུ་ཞིང་སྡེའི་མི་སྟོང་གཅིག་ལྔ་བརྒྱའི་ལས་ཞུགས་གནད་དོན་ཐག་བཅད་དེ་ཁོ་ཚོ་ཕྱུག་འགྱུར་གྱི་ལམ་དུ་བཅུག

ཝང་ཀྲན་ཧཱ་ལགས་ནི་འདི་ལྟ་བུའི་སྒེར་སེམས་མེད་པའི་དྲང་བདེན་སྐྱོང་མཁན་ཞིག་དང་མཐུན་སྒྲིལ་ལྷག་བསམ་ཅན་གྱི་ལས་བྱེད་མི་སྣ་བཟང་བོ་ཞིག་ཡིན་པས། ཁོའི་སྣེ་ཁྲིད་འོག་ཤེ་མ་ལ་སྡེ་བའི་ཏང་གི་རྩ་འཛུགས་ཀྱི་ནུས་པ་དང་སྟོབས་ཤུགས་ཀྱང་མུ་མཐུད་དུ་ཡར་རྒྱས་སུ་འགྲོ་བཞིན་ཡོད་པར་མ་ཟད། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་མཉམ་གཅིག་གིས་འཕེལ་རྒྱས་སུ་འགྲོ་བའི་དམིགས་འབེན་ཡང་མངོན་འགྱུར་བྱས་ཡོད་ལ། རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བཞག་ལའང་མིག་དཔེ་བཟང་བོ་ཞིག་བཞག་ཡོད་པ་རེད།

གོང་མ།:null
འོག་མ།:ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱི་མེ་ཏོག་བཞད།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྩེ་ཁོག་རྫོང་གིས་སྤྱོད་ཚུལ་བ'  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
མཚོ་བྱང་ཁུལ་ཆི་ལེན་རྫོང་གིས་'  
མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཁྲིམ'  
ཏུའུ་ལན་རྫོང་གི་བྱ་བའི་ལས་གཞ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།