ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱི་མེ་ཏོག་བཞད།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-14   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

ཁོ་ཚོ་ནི་ཧི་ནན་རྩྭ་ཐང་གི་མི་གྲངས་ཁྲི་བཞིའི་གྲས་ཀྱི་གཅིག་ཡིན་ལ། འོན་ཀྱང་ཁོ་ཚོ་སྤྱིར་བཏང་བ་དག་མ་རེད། ཁོ་ཚོས་བདེན་ལེགས་མཛེས་གསུམ་དར་སྤེལ་བཏང་སྟེ་ནུས་པ་འདོན་སྤེལ་བྱས་པས། ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱི་མེ་ཏོག་བཞད།

ངས་སྒྲུབ་ཐུབ་པ་ཞིག་ཡིན་ཚེ།

ལོ་ལྔ་བཅུར་ལོན་པའི་སྒྲོལ་མ་སྐྱབས་ཀྱིས་དབང་ཆེན་ཚེ་རིང་གི་ཕྲག་པར་འཇུས་ཏེ་བཤད་རྒྱུར། “ང་རང་དངོས་ནས་མི་བཟང་ཞིག་དང་འཕྲད་པས། ད་ལྟའི་འཚོ་བ་རེ་ལྟོས་བྱེད་ས་ཞིག་ཡོད་པར་གྱུར།”ངོ་གདོང་སྨུག་ལ་གཟུགས་བོངས་ཆེ་བའི་སོག་རིགས་བུ་རྒོད་དེ་གཉིས་ཀྱིས་བོད་སྐད་ཀྱི་ལམ་ནས་ཁ་བརྡ་བྱེད་བཞིན་ཡོད་ལ། སྐབས་རེར་ལག་བརྡ་སྟོན་བཞིན་ཡོད། མ་གཞི་ཁྱིམ་དུ་ནོར་ལུག་ཇེ་མང་དུ་འགྲོ་བཞིན་པའི་སྒྲོལ་མ་སྐྱབས་ཀྱིས་ད་དུང་རྩྭ་ས་ཞིག་གླ་རྒྱུའི་འཆར་གཞི་ཡོད་པ་དང་། དེ་རིང་ཆེད་དུ་དབང་ཆེན་ཚེ་རིང་ལ་གྲོས་མོལ་བྱེད་དུ་ཡོང་བ་རེད། ཁོ་གཉིས་ནི་སྤུན་ཟླ་ཡིན་ཟེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཕྱུགས་རྐྱལ་སྡེ་བའི་སྡེ་མི་རྣམས་ཀྱིས་ཡིད་མཐུན་པའི་འདེམས་ཤོག་འཕེན་ངེས་རེད། རྒྱུ་མཚན་ནི། ལོ་གཅིག་གི་རིང་ལ་ཁོ་ཚོས་ནུ་བོ་ཕྱུག་པོས་ཕུ་བོ་དབུལ་བོར་རོགས་སྐྱོར་བྱེད་པའི་མི་སེམས་འགུལ་བའི་དོན་དག་རེ་རེ་བདེན་དཔང་བྱས་པ་དང་། སྤུན་ཟླའི་བརྩེ་སེམས་གླེང་སྐབས། ལས་བྱེད་མི་སྣ་རྣམས་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་འགུལ་ནས་མགོ་རྩོམ་དགོས་ཟེར།

༢༠༡༢ལོའི་ཟླ༡༡པའི་ཚེས༦ཉིན། དབང་ཆེན་ཚེ་རིང་ཐེངས་དང་པོར་སྒྲོལ་མ་སྐྱབས་ཚང་གི་ཁྱིམ་དུ་འགྲོ་སྐབས། ཁྱིམ་ཚང་ཧ་ཅང་དཀའ་ཁག་ཆེ་བས་གནས་ཚུལ་དེ་མཐོང་རྗེས་མིག་མཐའ་བརླན་པར་བཟོས། ཕྱུགས་རྐྱལ་སྡེ་བའི་དགུན་ཐོན་པར་ཅུང་སྔ་ལ། ལོ་དེའི་དགུན་ཁ་ཡང་སྔ་མོ་ནས་ཐོན། བརྟན་འཇགས་ཀྱི་ཡོང་སྒོ་མེད་པ་དང་རང་ཁྱིམ་ལ་རྩྭ་ས་མེད་པ། དེ་སྔོན་དངུལ་བུན་བསྐྱིས་ནས་ཚོང་གཉེར་བྱས་པའི་སྨན་ཁང་ཡང་བརྡིབས། སྒྲོལ་མ་སྐྱབས་ཚང་གི་བཟའ་མི་གང་བོས་དངུལ་བསྐྱིས་ནས་སྦྲ་གུར་ཞིག་གླས་དེ་དེའི་ནང་དུ་བསྡད་ཡོད་པ་དང་། ཁྱིམ་ཚང་གི་འཚོ་ཇུས་ཚང་མ་སྡེ་བ་དང་ཤ་ཉེ་རྣམས་ཀྱི་བྱིན་པའི་ནོར་ཉེར་ལྔའི་སྟེང་བཟུང་ཡོད་པ་མ་ཟད། བུ་ལོན་མང་པོའི་སྒྲོལ་མ་སྐྱབས་ལ་གནོན་ཤུགས་ཆེན་པོ་བཟོས་ཡོད། ནམ་ཟླ་འཁྱག་པའི་རྐྱེན་ནམ་ཡང་ན་འཚོ་བ་རེ་བ་མེད་པའི་རྐྱེན་གང་ཞིག་གིས་སྒྲོལ་མ་སྐྱབས་གྲུ་ཟུར་ཞིག་ནས་འགུལ་ཙམ་ཡང་མི་བྱེད་ལ། མིག་ལས་ཀྱང་འཚོ་བ་རེ་ཐག་ཆད་པ་མངོན་ཡོང་། དབང་ཆེན་ཚེ་རིང་གིས་སེམས་ཞིབ་མོས་ཕུ་བོ་དེའི་ཁྱིམ་གྱི་དོན་དངོས་གནས་ཚུལ་ཞིབ་འབྲི་བྱས་པ་དང་། སྒྲོལ་མ་སྐྱབས་ཀྱི་བུ་མོའི་ལུས་ཀྱི་ལྭ་བ་ཧྲུལ་བོ་དེ་དག་མཐོང་སྐབས། “དབང་ཆེན་ཚེ་རིང་གི་སེམས་སུ་ཁོ་ཚང་ལ་རོགས་རམ་བྱེད་དགོས། དེ་མིན་ཚེ་ཁོས་མི་ཚེ་གང་བོ་འདི་ལྟར་རོལ་རྒྱུ་རེད་བསམ།”ཉིན་འགའ་འགོར་རྗེས། སྒྲོལ་མ་སྐྱབས་ཁྱིམ་དུ་སྡོད་སྐབས་འདྲུད་འཐེན་འཁོར་ལོ་ཞིག་རང་ཁྱིམ་གྱི་ཕྱོགས་སུ་ཡོང་བའི་སྒྲ་ཐོས་པ་དང་། ཕྱི་རུ་སོང་ནས་བལྟས་ཚེ། མ་གཞི་དབང་ཆེན་ཚེ་རིང་གིས་རྐང་གསུམ་འདྲུད་འཐེན་འཁོར་ལོ་ཞིག་བསྐོར་ནས་ཁོ་ཚང་དུ་ཐོན། ཁེ་སུན་ཞང་ནས་གཡུ་སྒང་ཉིན་གྲོང་རྡལ་བར་གྱི་བར་ཐག་ལ་སྤྱི་ལེ་བདུན་ཅུ་ཙམ་ཡོད་པ་དང་། དབང་ཆེན་ཚེ་རིང་ལ་ངལ་གསོ་ཁོམ་ཡང་མེད་པར་སྒྲོལ་མ་སྐྱབས་ཀྱི་ལག་པར་འཇུས་ཏེ་བཤད་རྒྱུར། “འདི་ནི་ངས་ཁྱོད་ལ་ཉོས་པ་ཡིན། རྗེས་ཕྱོགས་ཁྱོས་རྫོང་ཐོག་ཏུ་ཨོང་བ་དྲུད་ཆོག་པ་དང་། བྱེ་མ་དང་རྡོ་དྲུད་ནས་སྒོར་མོ་ཞིག་བཙལ་ཐུབ”ཟེར། དེ་ལྟར་བཤད་ཞོར་ཁོས་ལྡེ་མིག་སྒྲོལ་མ་སྐྱབས་ཀྱི་ལག་ཏུ་བཞག སྒྲོལ་མ་སྐྱབས་ཀྱིས་ལྡེ་མིག་ལག་ཏུ་བཟུང་ནས། དུས་ཡུན་ཐུང་ངུ་ཞིག་ལ་ཧད་དེ་བསྡད།

དེའི་རྗེས་སུ། དབང་ཆེན་ཚེ་རིང་ཉིན་གཉིས་གསུམ་གྱི་བར་དུ་སྒྲོལ་མ་སྐྱབས་ཚང་གི་ཁྱིམ་དུ་ཡོང་བ་དང་། ལོ་མཇུག་ཏུ་ཐོན་དུས། ཁོས་སྒྲོལ་མ་སྐྱབས་ཀྱི་དངུལ་བུན་སྒོར་ཁྲི་བརྒྱད་དང་སྟོང་དྲུག་གི་དངུལ་བུན་དང་། རྟ་གསུམ་དང་ནོར་གསུམ་བཅས་ཀྱི་སྐྱིན་ཚབ་འཇལ་རོགས་བྱས་པས། སྒྲོལ་མ་སྐྱབས་ཀྱི་ཕྲག་གི་འགན་ལྕི་མོ་དེ་རྩ་བ་ནས་མེད་པར་བཟོས།

རོགས་རམ་བྱས་པ་དེ་དག་ཁོ་ན་མ་ཡིན་པར། ལོ་རེའི་ཟླ་ལྔ་བའི་ཟླ་སྨད་ནས་བཟུང་། ཉིན་ཞེ་ལྔའི་རིང་ཧི་ནན་རྫོང་གི་དབྱར་རྩྭ་བརྐོ་བའི་དུས་ཚིགས་ཡིན་ལ། དབང་ཆེན་ཚེ་རིང་ཚང་གི་རྩྭ་སའི་རྒྱ་ཁྱོན་ཆེ་བ་དང་། དབྱར་རྩྭ་ཡང་ཅུང་མང་པས། སྐབས་དེར། དབང་ཆེན་ཚེ་རིང་གིས་སྒྲོལ་མ་སྐྱབས་དང་ཁོས་ཆུང་མ་རང་ཁྱིམ་གྱི་རྩྭ་སའི་སྟེང་དབྱར་རྩྭ་བརྐོ་རུ་བཅུག སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། ལོ་རེར་ཟླ་གཉིས་ཀྱི་རིང་ལ་དབྱར་རྩྭ་བརྐོ་བཞིན་ཡོད་པ་དང་། ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་ལྔ་ཡས་མས་ཡོད་ཟེར།

དབང་ཆེན་ཚེ་རིང་གིས་རོགས་སྐྱོར་ཚད་མེད་གནང་བ་དང་དེ་མིན་སྡེ་བའི་མི་རྣམས་ཀྱི་རོགས་སྐྱོར་འོག ༢༠༡༣ལོའི་ལོ་མཇུག་ཏུ། སྒྲོལ་མ་སྐྱབས་ཚང་དབུལ་ཐར་བྱས། ད་ལྟ་ཁོ་ནི་ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་སྲང་ལམ་དོན་གཅོད་ཁང་དྲ་བའི་དོ་དམ་མི་སྣ་གསུམ་པ་ཡིན་ལ། བུ་གཅིག་གིས་རྫོང་རིག་གནས་ཁང་དུ་བྱ་བ་གཉེར་བཞིན་ཡོད་པ་དང་། ཁྱིམ་དུ་ནོར་ལུག་བདུན་ཅུ་ལྷག་ཡོད། ཁོས་བཤད་རྒྱུར། “དབང་ཆེན་ཚེ་རིང་གི་རོགས་རམ་བྱས་པས། ང་ཚོ་དེ་རིང་གི་འཚོ་བ་འདི་ལྟ་བུ་ཞིག་ཡོད་པར་གྱུར”ཟེར། དབང་ཆེན་ཚེ་རིང་གིས་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གྱུར་བའི་སྒྲོལ་མ་སྐྱབས་ལ་བལྟས་ནས་བགད་བྱུང་། ཁོས་བཤད་རྒྱུར། “ཕྱུག་པོར་གྱུར་བའི་ཁྱིམ་ཚང་གིས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་རམ་མང་ཙམ་བྱེད་དགོས། ང་རང་གིས་སྣེ་ཁྲིད་བྱེད་རྒྱུ་ཡིན”ཟེར།

མི་ལ་རོགས་སྐྱོར་གང་མང་བྱས་ཀྱང་དབང་ཆེན་ཚེ་རིང་གིས་ཁ་ནས་མི་བཤད་པར་ལག་ལེན་དུ་འདེབས་བཞིན་ཡོད།

ཁྱོད་ཀྱི་ཆེད་དུ་དགའ་སྤྲོ་སྐྱེས།

“ཆེས་མཛེས་པའི་མཚོ་སྔོན་གྱི་ཕུལ་བྱུང་མི་སྣ”བཱང་ཅན་དཔའ་ཡིས་ཤྭ་ལའི་ཆུ་བུ་བཅོལ་ཁང་དུ་དགེ་རྒན་གྱི་བྱ་བ་གཉེར་ནས་ལོ་གསུམ་འགོར། དགེ་རྒན་བུད་མེད་དེའི་བཤད་རྒྱུར། “དགེ་རྒན་ཞིག་བྱེད་ཐུབ་ཚེ། ང་རང་གི་རེ་འདོད་འགྲུབ་ཡོད། དཀའ་སྡུག་ཇི་འདྲ་ཆེ་རུང་། དེ་དག་སྒྲུབ་འོས་པ་ཞིག་རེད”ཟེར།

སློབ་ཁང་གི་གྱང་ངོས་སུ་རབ་བཏགས་རི་མོ་མང་པོ་སྦྱར་ཡོད་པ་དེ་དག་ཁོ་མོས་དུས་དེབ་རྙིང་བའི་སྟེང་དྲས་པ་རེད། གྱང་ངོས་ཀྱི་རི་མོ་སྣ་ཚོགས་ཀྱང་ཁོ་མོས་ངལ་གསོའི་དུས་ཚོད་བེད་སྤྱོད་བྱས་ཏེ་བྲིས་པ་ཡིན་ལ། བྱིས་པ་རྣམས་ཧ་ཅང་དགའ་བའི་རྩེད་ཆས་དག་ཀྱང་ཁོ་མོས་དངོས་སུ་ལས་པ་རེད། བྱིས་པ་རྣམས་འགུལ་རིས་བརྙན་འཕྲིན་ལ་བལྟ་རྒྱུར་དགའ་བས། ཁོ་མོ་གྲོང་ཁྱེར་དུ་འགྲོ་སྐབས་ཉོས་ཡོང་བ་དང་། སློབ་ཁྲིད་སྐབས་སུ་ཁོ་མོས་བྱིས་པ་རྣམས་ལ་ཐང་རྒྱལ་རབས་ཀྱི་སྙན་ངག་དང་རྩིས་རིག མཛེས་རྩལ། རོལ་མོ་སོགས་ཁྲིད་ཀྱིན་ཡོད་ལ། སློབ་ཐུན་གྲོལ་རྗེས་ཁོ་མོས་བྱིས་པ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་བདག་བྱེད་ཀྱིན་ཡོད་པ་མ་ཟད། ན་ཚ་བྱུང་དུས་སྨན་པར་སྟོན་པ་དང་ལྭ་བ་ཡང་འཚེམ་བཟོ་བྱེད་གྱིན་ཡོད། ཁོམ་ལོང་ཡོད་དུས་ཁོ་མོས་བྱིས་པ་རྣམས་རྩྭ་ཐང་དུ་ཁྲིད་ནས་སྐོར་བྲོ་རྩེད་བ་དང་། གླུ་དབྱངས་སྦྱངས་བཞིན་ཡོད། བྱིས་པ་རྣམས་ལ་མཚོན་ནས་བཤད་ན། ཁོ་མོ་ནི་བསླབ་ཚན་ཡོངས་ཀྱི་དགེ་རྒན་ཡིན་ལ། ཨ་མ་ལྟ་བུ་ཡིན་པ་དང་། ནམ་ཡང་གདོང་དུ་འཛུམ་གྱིས་ཁེངས་བའི་ཨ་ཅེ་ཞིག་ཀྱང་རེད།

གློ་བུར་བའི་གོ་སྐབས་ཤིག་ལ། གུང་གཞོན་ཚོགས་པ་ཧི་ནན་རྫོང་ཨུ་ཡོན་ལྷན་ཁང་དུ་བྱ་བ་སྒྲུབ་བཞིན་པའི་བཱང་ཅན་དཔའ་ཡིས་ས་གནས་ཀྱི་སློབ་ཆུང་སློབ་མ་རྣམས་ཀྱིས་ཕྱིའི་གནས་ཚུལ་ལ་ཆ་རྒྱུས་གཅིག་ཀྱང་མེད་པའི་གནས་ཚུལ་མཐོང་རྗེས། ནང་སེམས་ལ་གཡོ་འགུལ་ཆེན་པོ་བྱུང་བ་དང་། སློབ་སྔོན་སློབ་གསོའི་ཆེད་ལས་ནས་མཐར་ཕྱིན་པའི་སློབ་ཆེན་སློབ་མ་དེ་ཁ་རོགས་འདུག་ཐབས་བྲལ།

༢༠༡༡ལོའི་ཟླ་དྲུག་པར། ཁོ་མོའི་བློ་ཐག་རྦད་ཆོད་སྒོས་བྱ་བ་བསྐྱུར་ནས་ཤྭ་ལའི་ཆུ་བུ་བཅོལ་ཁང་དུ་སོང་ནས་དགེ་རྒན་སྤྱིར་བཏང་བ་ཞིག་བྱས། དགེ་རྒན་བྱས་ན་དཀའ་སྡུག་ཆེན་པོ་ཡོད་ལ། འབྲོག་ཁུལ་གྱི་དགེ་རྒན་བྱེད་རྒྱུར་དེ་ལས་ཀྱང་དཀའ། དགུན་ཁ། སློབ་ཁང་དང་མལ་ཁང་དུ་དྲོད་ལེན་པར་ཨོང་བ་རྐྱང་རྐྱང་བཀོལ་དགོས་ལ། ཉིན་རེའི་ཞོགས་པར་ཁོ་མོ་མཛོད་ཁང་དུ་སོང་ནས་ཨོང་བ་འཁུར་ཡོང་དེ་སློབ་མ་རྣམས་ལ་མེ་ཁ་གསོ་དགོས། དགུན་ཁ་ཐོན་ཚེ་སློབ་གྲྭའི་ནང་དུ་ཆུ་མེད་པ་དང་། ཁོ་མོ་སློབ་གྲྭ་དང་ཐག་ཧ་ཅང་རིང་བའི་གནས་སུ་སོང་ནས་ཆུ་ཁུར་ཡོང་དགོས་པ་དང་། ཆུ་ཁུར་ཡོང་རྗེས་བྱིས་པ་རྣམས་ལ་ཁ་ངོ་བཀྲུ་དགོས། ལས་གྲོགས་རྣམས་ཀྱིས་བཤད་རྒྱུར། སློབ་ཁྲིད་སྐབས་སུ་ཁོ་མོ་དགེ་རྒན་ཡིན་ལ། སློབ་ཐུན་གྲོལ་རྗེས་ཁོ་མོ་བུ་རྫི་རེད། ཅོག་ཙེ་ཆག་སྐྱོན་ཤོར་ན་ཤིང་བཟོ་ཡིན་ལ། གློག་ལ་གནད་དོན་བྱུང་ཚེ་གློག་ལས་བ་རེད་ཟེར། སློབ་མའི་ཁྱིམ་བདག་མང་པོ་ཞིག་གིས་བསྟོད་པའི་མཐེ་བོང་བསྒྲེངས་ནས་བུད་མེད་དགེ་རྒན་ངོ་མ་བཟང་ཟེར།

སློབ་མ་རྣམས་ལ་སེམས་ཁུར་ཆེན་པོ་བྱེད་པ་དང་བསྡུར་ན་ཁོ་མོ་རང་ཉིད་ཀྱི་བྱ་སྤྱོད་ལ་ཧ་ཅང་གཟབ་ནན་རེད། བུ་བཅོལ་ཁང་གི་བྱིས་པ་མང་ཆེ་ཤོས་འབྲོག་ཁུལ་གྱི་ཁྱིམ་ཚང་ནས་ཡོང་བ་ཡིན་ལ། དུས་རྒྱུན་བོད་སྐད་བཤད་ཀྱིན་ཡོད། གནས་དེར་ཐོན་མ་ཐག་ཁོ་མོས་བོད་སྐད་མི་ཤེས་ལ། ཉིན་དཀར་ཁོ་མོས་ལག་བརྡ་བསྟན་དེ་ཚང་མ་དང་འབྲེལ་འདྲིས་བྱེད་བཞིན་ཡོད་པ་དང་། དགོང་མོར་རང་ཉིད་ཀྱིས་ཉིན་དཀར་སྦྱངས་པའི་ཚིག་དེ་དག་ཟིན་ཐོར་བཀོད་དེ། རྒྱ་ཡིག་གི་སྒྲ་སྦྱར་ཡོད། དུས་རྒྱུན་དེ་ལྟར་འབད་པ་བྱས་མཐར་བོད་སྐད་ཅུང་བཤད་ཤེས་པར་གྱུར། སློབ་གྲྭའི་ནང་དུ་དབྱི་སི་ལན་གྱི་ཟ་ཁང་མེད་པས། ཁོ་མོས་རང་གིས་ཟ་མ་བསྐོལ་གྱིན་ཡོད་ལ། སློབ་གྲྭའི་ཉེ་འཁོར་དུ་ཚོང་ཁང་ཡང་མེད་པས། ཁོ་མོ་ཁྱིམ་དུ་འགྲོ་ཐེངས་རེར་སྔོ་ཚོད་དང་ཟས་རིགས་ཉོ་བཞིན་ཡོད། ཆམ་ནད་བྱུང་ཚེ་ཕ་ཡུལ་དུ་ལོག་རྗེས་མ་གཏོགས་གནམ་ཁབ་རྒྱག་ཐུབ་ཀྱིན་མེད།

གོང་མ།:null
འོག་མ།:ལོ་ངོ་སྟོང་ཕྲག་རིང་གི་བོད་སྤོས་ཀྱི་དྲི་བསུང་མི་ཉམས་རྒྱུན་འཛིན་བྱེད་མཁན་སྟེ་འོ་ཅོག་སྒྲོལ་མའི་མི་ཚེའི་གཏམ་རྒྱུད།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
ཧི་ནན་རྩྭ་ཐང་ནས་བརྩེ་སེམས་ཀྱ'  
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
མི་རིགས་རིག་གནས་བརྗེ་རེས་ཀྱི&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
སྤོབས་པ་ཆེན་པོས་འཕེལ་རྒྱས་ཀྱ'  
མཚོ་སྔོན་ཞིང་ཆེན་གྱིས་ཆེས་དམ'  
ཐིན་ཏེ་རྫོང་གིས་ཞབས་ཞུའི་ལས་'  
མཚོ་ནུབ་ཁུལ་ནང་བསྟན་ཆོས་ལུགས&  
དམངས་འཚོ་བཟོ་སྐྲུན་གྱིས་དམངས&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།