འགྱོད་སེམས་མེད་པར་ཧུར་ཐག་བྱས་མཐར། འཆར་ལྡན་བུ་སྐྱེས་བྱ་བར་གྲུབ་འབྲས་ཐོན།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-04   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

ཁོ་མོ་ནི་དཀལ་ངལ་ལ་འཕྲད་དུས་གདོང་གཏོད་ཕོད་པ་དང་། མགོ་ཁྲིད་ཀྱིས་སྡིགས་མོ་བྱས་ཚེ་འཛུམ་གྱིས་བསུ་ཐུབ་པ། འཇིགས་ཉེན་ལ་འཕྲད་དུས་བློ་སེམས་ཆེར་བསྐྱེད་ཀྱིས་བཀོད་སྒྲིག་བྱེད་ཐུབ་པ་ཞིག་དང་། དཀའ་ཚེགས་ལ་འཕྲད་ནའང་སྡུག་སྨྲེ་ཚིག་གཅིག་ཀྱང་མི་འདོན་པའི་འཆར་ལྡན་བུ་སྐྱེས་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན། ལོ་ངོ་མང་པོའི་རིང་ལ། ཁོ་མོས་འབད་པ་ལྷུར་ལེན་གྱིས་དཀའ་བ་སྣ་ཚོགས་ཁྱད་དུ་བསལ་སྟབས། རྫོང་ཡོངས་ཀྱི་མི་གྲངས་དང་འཆར་ལྡན་བུ་སྐྱེས་བྱ་བར་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཤིག་བླངས་ཡོད།

རིན་ཆེན་སྒྲོལ་མ་ནི་སྤྱི་ལོ༡༩༩༩ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་ལ། ༡༩༩༩ལོའི་ཟླ་བ་བརྒྱད་པར་ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་དུ་བྱ་བར་ཞུགས་ཏེ་གནས་དེ་རུ་འཆར་ལྡན་བུ་སྐྱེས་ཀྱི་བྱ་བ་བསྒྲུབས། ༢༠༠༥ལོའི་ཟླ༡༠པ་ནས་ཧི་ནན་རྫོང་འཆར་ལྡན་བུ་སྐྱེས་གཞུང་སྒྲུབ་ཁང་དུ་བྱ་བ་བསྒྲུབས་པའི་ཚུན་ལ། ནམ་རྒྱུན་བྱ་བའི་ཁྲོད་འབད་འབད་དུང་དུང་དང་། སྤྱོད་གཙང་གཤིས་བཟང་གི་རྣམ་འགྱུར། ཏན་ཏན་ཏིག་ཏིག་བྱེད་པ། ལས་གནས་ལ་དགའ་བ་དང་གཞན་གྱི་ཆེད་དུ་རང་སྲོག་ཀྱང་འབུལ་ཐུབ་པའི་སྙིང་སྟོབས་ལྡན་པ་སོགས་ཀྱི་རྐྱེན་གྱིས། ཐེངས་མང་པོར་གོང་རིམ་མགོ་ཁྲིད་དང་ལས་གྲོགས་ཚོའི་ཁས་ལེན་ཐོབ་མྱོང་།

ཧི་ནན་རྫོང་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་འབྲོག་ཁུལ་ཞིག་ཡིན་ལ། ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་དྲུག་དགུ་བརྒྱ་གོ་བདུན་ལྷག་ཡོད་པ་དང་། མི་གྲངས་ཁྲི་བཞི་ལྷག་ཡོད། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་ལ་སྡེ་བའི་ཆགས་དབྱིབས་ཅུང་ཐར་ཐོར་གྱི་རྣམ་པར་གནས་པ་དང་། མང་ཚོགས་ཚོའི་གཉེན་སྒྲིག་དང་ཕྲུ་གུ་སྐྱེས་རྗེས་གསོ་སྐྱོང་བྱེད་པའི་འདུ་ཤེས་ཅུང་རྗེས་ལུས་ཡིན་པས། མི་གྲངས་དང་འཆར་ལྡན་བུ་སྐྱེས་ཀྱི་བྱ་བའི་དཀའ་ཚེགས་ཆེ་བའི་ཚད་ཀྱང་ཚང་མས་ཤེས་གསལ་ལྟར་རེད། དེ་བས་རིན་ཆེན་སྒྲོལ་མ་དང་ཐོག་མི་གྲངས་དང་འཆར་ལྡན་བུ་སྐྱེས་ཀྱི་བྱ་བར་ཞུགས་དུས། ཡོད་ཚད་གོམ་པ་དང་པོ་ནས་མགོ་བརྩམ་དགོས་ལ། བརྩོན་འགྲུས་ལྡན་པའི་ཁོ་མོས་མི་གྲངས་དང་འཆར་ལྡན་བུ་སྐྱེས་ཀྱི་བྱ་བར་བཟུང་བའི་བརྩེ་སེམས་ཀྱིས། རང་ཁྱིམ་གྱི་བྱ་བ་དང་བྱིས་པ་གཉོར་བའི་ཁུར་བོ་དག་རྒྱབ་ཏུ་བསྐྱུར་ནས། ནན་ནན་ཏིག་ཏིག་གིས་འཆར་ལྡན་བུ་སྐྱེས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ལ་སློབ་སྦྱོང་བྱེད་པ་དང་། ཧུར་ཐག་གིས་གོང་རིམ་ལས་སྒོའི་གསོ་སྦྱོང་ལ་ཞུགས་པ། ཁེངས་སྐྱོང་གིས་འཆར་ལྡན་བུ་སྐྱེས་ཀྱི་རྒན་རབས་མགོ་ཁྲིད་ལ་སློབ་སྦྱོང་བྱས་པས། དུས་ཡུན་ཐུང་ངུའི་ནང་ལས་སྒོའི་ཤེས་བྱ་དང་བཀོལ་སྤྱོད་ཀྱི་ལག་རྩལ་ལ་ཆ་རྒྱུས་ཡོད་པར་གྱུར་ནས་ལས་སྒོའི་རྐང་འཛིན་པར་གྱུར་ཡོད།

གསར་འགོད་པས་རྒྱུས་ལོན་པ་ལས། མི་གྲངས་དང་འཆར་ལྡན་བུ་སྐྱེས་ཀྱི་འཆར་འགོད་དང་སྡོམ་རྩིས་བྱེད་པའི་ལས་གནས་དཀྱུས་མ་དེའི་སྟེང་དུ། བྱ་བར་ཇི་འདྲའི་བྲེལ་འཚུབ་ཆེ་བ་དང་། ལས་འགན་ཇི་འདྲ་ཆེ་བ། འགན་འཁྲི་ཇི་འདྲ་ལྕི་རུང་། ཁོ་མོས་གཏན་ནས་འཁང་ར་བྱས་མ་མྱོང་ལ། མགོ་ཁྲིད་དང་ལས་གྲོགས་ཚོར་སྡུག་སྨྲེ་གཏན་ནས་བཏོན་མ་མྱོང་། ཉིས་སྟོང་དགུ་ལོར་ཁོ་མོར་མངལ་ཆགས་ཡོད་པས། དེ་ནི་བུད་མེད་ཞིག་ལ་མཚོན་ན་ལུས་པོ་ཆེས་ནུས་པ་ཞན་པའི་དུས་དང་མཉམ་འཇོག་བྱ་དགོས་པའི་དུས་སྐབས་ཤིག་ཡིན། ཡིན་ནའང་ལོ་དེ་ནི་ཏག་ཏག་རང་ཞིང་གིས“ཞིང་ཆེན་ཡོངས་ཀྱི་མི་གྲངས་དོ་དམ་ཆ་འཕྲིན་མ་ལག”ལག་བསྟར་བྱེད་པའི་དུས་ཡིན་ལ། མི་གྲངས་དང་འཆར་ལྡན་བུ་སྐྱེས་ཀྱི་བྱ་བའི་སྒྲུབ་ཚད་ཆེས་ཆེ་བ་དང་ཆེས་དཀའ་བ། ཆེས་ཐང་ཆད་པའི་དུས་ལ་བབ་ཡོད། ཡིན་ཡང་ཁོ་མོས་རང་ཉིད་ཀྱི་ལུས་པོ་སྟབས་མི་བདེ་བར་གཞིགས་ནས་ལས་ཀ་ཉུང་ལས་གཏན་ནས་མི་བྱེད་པར་མ་ཟད། དེ་ལས་ལྡོག་སྟེ་དཀའ་ཚེགས་ཆེས་ཆེ་བ་དང་ཆེས་དཀའ་བ། བྱ་བའི་སྒྲུབ་ཚད་ཆེས་ཆེ་བ་རྣམས་ཁོ་མོས་སྔར་བཞིན་འགན་ཁུར་ཡོད་ཚད་ཕྲག་ཏུ་བླངས་ཏེ་ནམ་རྒྱུན་ཁ་རོག་གེར་མུ་མཐུད་དུ་ལས་སྣོན་བྱེད་བཞིན་ཡོད། འཆར་ལྡན་བུ་སྐྱེས་ཆ་འཕྲིན་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་ཆེད། ཁོ་མོས་ལས་གྲོགས་ཚོ་དང་ལྷན་དུ་ལས་ཡུལ་དངོས་ནས་བྱ་བར་ཧུར་བརྩོན་བྱས་ཏེ། ཧི་ནན་རྫོང་གི་མི་གྲངས་ཡོངས་དོ་དམ་ཆ་འཕྲིན་ཀྱི་ནང་འཇུག་པའི་བྱ་བ་བདེ་བླག་ངང་མཇུག་རྫོགས། ཁོ་མོས་བྱིས་པ་སྐྱེས་རྗེས་ཟླ་བ་གཅིག་འགོར་མེད་ལ། དུས་སྐབས་དེ་ནི་ཁོ་མོར་མཚོན་ན་ལུས་པོ་ངལ་གསོ་བའི་གནད་འགག་གི་དུས་སྐབས་ཤིག་ཡིན། འོན་ཀྱང་ཁོ་མོར་ཡང་བསྐྱར་གོང་རིམ་མགོ་ཁྲིད་ཀྱི་བརྡ་སྦྱོར་འབྱོར་ཞིང་། ཉིས་སྟོང་དགུ་ལོའི“ལམ་ལུགས་སྣ་གསུམ”གྱི་རོགས་འདེགས་བྱ་ཡུལ་ལོ་རེར་ཞིབ་བཤེར་བྱ་དགོས་པས། ཁོ་མོས་ཕ་མ་དང་ཁྱོ་གའི་སྐད་ཆ་ལ་ཁ་ཡ་མ་བྱས་པར། རྩིས་འཁོར་གྱི་གློག་སྒོ་ཕྱེས་ཏེ་སྐད་ཆ་ཅི་ཡང་མི་བཤད་པར་ཁྱིམ་ཚང་དྲུག་བརྒྱ་ལྷག་གི་ལོ་རེའི་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས།

ཞང་དང་སྡེ་བ་རིམ་པའི་འཆར་ལྡན་བུ་སྐྱེས་ཀྱི་ཆེད་གཉེར་ལས་སྒོའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཁོ་མོས་རྒྱུན་དུ་སྡེ་བ་རིམ་པའི་འཆར་ལྡན་བུ་སྐྱེས་ཀྱི་ཆེད་གཉེར་ལ་འཆར་ལྡན་བུ་སྐྱེས་ཀྱི་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་རྩ་འཛུགས་བྱས་ཏེ། ལས་སྒོའི་མཛུབ་སྟོན་བྱ་བ་དང་། འཆར་ལྡན་བུ་སྐྱེས། སྦྲུམ་འགོག་དང་བུ་སྐྱེས་ཚོད་འཛིན། ལེགས་བཙའ་ལེགས་གསོའི་ཤེས་བྱ་དང་སྐྱེ་འཕེལ་བདེ་སྲུང་གི་ཤེས་བྱའི་འཆད་ཁྲིད་སོགས་སྤེལ། ཁོ་མོའི་འཆད་ཁྲིད་ནང་དོན་གཏིང་ཟབ་ལ་གོ་སླ་བ་དང་། གསོན་ཉམས་ལྡན་པའི་དཔེ་དོན་གྱིས་ནམ་རྒྱུན་མི་ཚང་མའི་ཡིད་དབང་འགུག་བཞིན་ཡོད། གསོ་སྦྱོང་བྱས་པ་བརྒྱུད་ནས་གཞི་རིམ་གྱི་མགོ་ཁྲིད་ལས་བྱེད་པའི་བྱ་བའི་ནུས་པ་དང་ལས་སྒོའི་ཆུ་ཚད་ཇེ་མཐོར་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མི་གྲངས་ཡོངས་ཀྱི་ཆ་འཕྲིན་དོ་དམ་གྱི་གཞི་གྲངས་ཡང་དག་པའི་ཚད་འཐུས་ཚང་དང་ཇེ་མཐོར་གཏོང་ཆེད། ཁོ་མོས་རྒྱུན་དུ་སྤུན་ཟླ་རྫོང་ལ་འབྲེལ་བ་བྱས་ནས། རང་ཉིད་འཕྲད་པའི་གནད་དོན་དག་བཀའ་འདྲི་བྱས་པ་མ་ཟད། རྒྱུན་དུ་ཞང་སོ་སོའི་ཆེད་གཉེར་མཁས་པ་རྣམས་ཕྱོགས་བསྡུས་བྱས་ཏེ་རང་ཉིད་ཀྱིས་ཤེས་པའི་མ་ལག་བཀོལ་སྤྱོད་ཀྱི་ལག་རྩལ་རྣམས་ཁོ་ཚོར་སློབ་ཁྲིད་བྱེད་བཞིན་ཡོད།

ཁོ་མོར་ཆ་རྒྱུས་ཡོད་པའི་མི་ཚང་མས་ཤེས་ཡོད་དེ། ཁོ་མོ་ནི་ལངས་ཕྱོགས་བརྟན་པོ་དང་། དོན་དག་གང་ཞིག་ཡིན་ཡང་གཞན་ལ་མི་རེ་བར། གཞན་གྱི་ཆེད་དུ་ཡོད་ཚད་འབུལ་རྒྱུར་འབད་བཞིན་པའི་ལས་བྱེད་པ་ཞིག་ཡིན། རང་ཉིད་ཀྱི་མིང་དང་ཁེ་ཕན་མི་བསམ་པར་ཁོ་མོས་གུང་ཁྲན་ཏང་ཡོན་ཞིག་ལ་ཡོད་དགོས་པའི་དྭངས་གཙང་རང་བཞིན་ནམ་ཡང་རྒྱུན་སྐྱོང་བཞིན་ཡོད། ཁོ་མོ་དང་མཉམ་དུ་བྱ་བ་བསྒྲུབས་མྱོང་བའི་མི་ཚང་མས་ཤེས་གསལ་ལྟར། ཁོ་མོ་ནི་བྱ་བ་བསྒྲུབས་ཚེ་རང་སྲོག་བློས་གཏོང་ཕོད་མཁན་ཞིག་ཡིན། དེ་ནི་ཁོ་མོས་འཆར་ལྡན་བུ་སྐྱེས་ཅུའུ་ཡི་ལས་གྲོགས་ཚོར་བཞག་པའི་ཆེས་ཟབ་པའི་བག་ཆགས་ཡིན་པ་རེད། འཆར་ལྡན་བུ་སྐྱེས་ཅུའུ་ནས་བྱ་བ་བསྒྲུབས་པའི་ཉིན་དེ་དག་གི་རིང་ལ། ཁོ་མོར་ངལ་གསོ་བའི་ཉིན་མོ་ཕལ་ཆེར་མེད། དེ་ལྟ་བུའི་མི་ཞིག་གིས་སྐོམ་པ་ཆུ་འདོད་ལྟར་དུ་ཤེས་བྱའི་ཕྱོགས་ལ་སྦྱངས་པ་དང་། བྱ་བའི་ཕྱོགས་ནས་ནམ་ཡང་བརྩེ་སེམས་ཀྱིས་ཁེངས་ཡོད། དོ་དམ་གྱི་ཕྱོགས་ནས་སྒྲིག་ཁྲིམས་གཟབ་ནན་བྱས་ཏེ་རང་གི་ཚེ་སྲོག་བྱ་བའི་ཐད་དུ་འབུལ་ཅི་ཐུབ་བྱེད་བཞིན་ཡོད། ཁོ་མོས་ནམ་རྒྱུན་ལས་གྲོགས་ཚོར་བཤད་རྒྱུར། “ང་ནི་གུང་ཁྲན་ཏང་ཡོན་ཞིག་དང་མི་དམངས་འཐུས་མི་ཞིག་ཡིན། ག་དུས་ཡིན་ཡང་རང་ཉིད་ཀྱི་ཁེ་ཕན་མི་བསམ་པར། སེམས་སུ་ནམ་ཡང་ཏང་དང་མི་དམངས་ཡོད་དགོས་པ་རེད། ཡང་གཅིག་བཤད་ན་ངས་རང་ཉིད་ཀྱིས་བསམ་པའི་དོན་དག་རེ་རེ་ལེགས་འགྲུབ་བྱ་མི་ཐུབ་མོད། ཡིན་ཡང་ངས་རང་ཉིད་ཀྱིས་བསྒྲུབ་ནུས་པའི་བྱ་བ་རེ་རེ་ཅི་ཐུབ་སྒོས་ལེགས་པོར་བསྒྲུབ་ངེས་ཡིན། ”འདི་ནི་ཕུལ་བྱུང་ཏང་ཡོན་ཞིག་གི་འཚོ་བ་དངོས་རེད།

རིན་ཆེན་སྒྲོལ་མའི་བྱ་བར་འབད་བརྩོན་ལྷོད་མེད་བྱེད་པ་དང་། སྒེར་སེམས་མེད་པར་སྤྱི་ཡོངས་བསམ་པའི་བྱ་བ་བསྒྲུབ་པའི་རྩ་དོན་དང་རླབས་ཆེ་བའི་མི་གཤིས་བཟང་པོས་རྫོང་ཡོངས་ཀྱི་མི་གྲངས་དང་འཆར་ལྡན་བུ་སྐྱེས་ཀྱི་བྱ་བར་བྱས་རྗེས་བླ་ལྷག་ཅིག་བཞག་ཡོད་པ་དང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་རྣམས་ཀྱི་སེམས་སུ་གུང་ཁྲན་ཏང་ཡོན་གྱི་གཟུགས་བྱད་ལེགས་པོ་ཞིག་གི་བག་ཆགས་བཞག་ཡོད། ཁོ་མོར་ཆ་རྒྱུས་ཡོད་པ་དང་ངོ་ཤེས་པའི་མིའི་ཁྲོད་དུ། བསྟོད་པའི་མཐེ་བོང་བསྒྲེང་ནས“ཁོ་མོ་ངོ་མ་མྱི་བཟང་ཞིག་རེད”མི་ཟེར་མཁན་གཅིག་ཀྱང་མེད། ཁོ་མོའི་འབད་བརྩོན་བྱས་པ་བརྒྱུད་ནས། རྫོང་ཡངས་ཀྱི་མི་གྲངས་དང་འཆར་ལྡན་བུ་སྐྱེས་ཀྱི་བྱ་བར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་དང་རྒྱ་ཆེ་མང་ཚོགས་ཀྱིས་ཁས་ལེན་བཟང་པོ་འཐོབ་པ་མ་ཟད། ཁོ་མོ་མི་སྒེར་ལའང་ཐེངས་མང་པོར་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་གཟེངས་བསྟོད་མང་པོ་འཐོབ་མྱོང་། ༢༠༠༦ལོ་ནས༢༠༡༢ལོར་བསྟུད་མར་ལོ་དྲུག་གི་རིང་ལ“རྫོང་རིམ་པའི་མི་གྲངས་དང་འཆར་ལྡན་བུ་སྐྱེས་བྱ་བའི་སྔོན་ཐོན་མི་སྒེར”ལ་བདམས་པ་དང་། ཉིས་སྟོང་དགུ་ལོར“མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་དང་སྔོན་ཐོན་དང་བླངས་བར”བདམས། ༢༠༡༠ལོར“མཚོ་སྔོན་ཞིང་ཆེན་གྱི«སྤྱི་བསྒྲགས་ཡིག་ཆ»སྤེལ་ནས་ལོ་འཁོར་སུམ་ཅུ་འགོར་བར་རྗེས་དྲན་བྱེད་དུས་འཆར་ལྡན་བུ་སྐྱེས་བྱ་བར་བྱས་རྗེས་བླ་མེད་འཇོག་མཁན”ཞེས་པའི་མཚན་སྙན་གནང་བ་དང་། ༢༠༡༢ལོར་ཧི་ནན་རྫོང་གི་སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་པའི་གུང་ཁྲན་ཏང་ཡོན་ཕུལ་བྱུང་ཅན་དུ་བདམས།

གོང་མ།:null
འོག་མ།:དཀའ་སྡུག་ཕྲག་ཏུ་བླངས་ནས་ཁྱིམ་གཞིས་བསྐྱངས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
འགྱོད་སེམས་མེད་པར་ཧུར་ཐག་བྱས&  
དཀའ་སྡུག་ཕྲག་ཏུ་བླངས་ནས་ཁྱིམ&  
སློབ་མ་དང་ཁྱིམ་བདག་ཡིད་ཆེས་པ'  
རྩེ་ཁོག་རྫོང་གི་ཧོས་རིགས་སྨན&  
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ&  
“ས་ཁུལ་གསུམ”འཛུགས་སྐྲུན་ལ་སྟོབ&#  
མགོ་ལོག་དང་ཡུས་ཧྲུའུ་སོགས་ས་'  
མཚོ་ལྷོ་ཁུལ་གྱིས་གནས་སྐོར་ལས&  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།