སློབ་མ་དང་ཁྱིམ་བདག་ཡིད་ཆེས་པའི་དགེ་རྒན་བཟང་བོ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-03   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

དཔྱིད་ཟླ་གསུམ་པའི་རྩེ་ཁོག་རྫོང་མཁར་ནི་སྔར་བཞིན་གྲང་ངར་ཆེ་བ་ཞིག་རེད། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སྒོ་ཆེན་གྱི་མདུན་དུ། གྲོང་གསེབ་ནས་ཡོང་བའི་ཁྱིམ་བདག་འགས་སློབ་གསེང་གི་སྐབས་སུ་བྱིས་པར་ལྟ་བར་སྒུག་འདུག ཁྱིམ་བདག་ཅིག་གིས་བྱིས་པ་ཚོས་གནས་འདི་ནས་སློབ་སྦྱོང་བྱས་ན་ང་ཚོའི་སེམས་བདེ་ལ་བབས་ཡོད་ཅིང་། རྗེས་སོར་དགེ་རྒན་ཨོ་རྒྱན་གྱི་འཛིན་གྲྭར་བཞག་ཚེ་ང་ཚོའི་སེམས་དེ་བས་བདེ་ལ་བབས་ཆོག་ཟེར། ཁྱིམ་བདག་ཚོས་བཤད་པའི་དགེ་རྒན་ཨོ་རྒྱན་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དམའ་འབྲིང་གསུམ་པའི་འཛིན་གྲྭ་བཅུ་གཅིག་པའི་འཛིན་བདག་གི་ཞོར་དུ་རྩིས་རིག་སློབ་ཁྲིད་ཀྱི་འགན་ཁུར་ཡོད་པའི་དགེ་རྒན་ཞིག་ཡིན། སློབ་མ་དང་ཁྱིམ་ཚོ་ཁོ་ལ་དེ་འདྲའི་ཡིད་ཆེས་པའི་རྒྱུ་མཚན་ནི་ཨྱོ་རྒྱན་གྱིས་མི་ལོ་བཅུ་དྲུག་གི་རིང་ལ་དགེ་རྒན་གྱི་བྱ་བ་བསྒྲུབས་པ་དང་ཁོའི་མི་གཤིས་བཟང་བ་གཉིས་དང་འབྲལ་ཐབས་མེད།

ད་ལོར་ལོ་ཞེ་གཅིག་ལ་སོན་པའི་ཨོ་རྒྱན་ནི༡༩༩༨ལོར་མཚོ་སྔོན་མི་རིགས་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་སློབ་མཐར་ཕྱིན་རྗེས། རྩེ་ཁོག་རྫོང་སྟོབས་ལྡན་ཞང་ཆ་ཚང་སློབ་ཆུང་གཉིས་པའི་དགེ་རྒན་བྱས་ཏེ་ལོ་བཅུ་གསུམ་འགོར།

དགེ་རྒན་ཨོ་རྒྱན་ནི་ནམ་རྒྱུན་དུ་ལངས་སྔ་ཞིང་ཉལ་འཕྱི་བ། སློབ་ཁྲིད་བྱེད་དུས་ཧ་ཅང་གཟབ་ནན་ཡིན་ན་ཡང་། འཚོ་བའི་ཐད་ནས་ང་ཚོར་ཧ་ཅང་སེམས་ཁུར་བྱེད་པ་ཡིན། ང་ཚོ་ལོ་རིམ་བཞི་བའི་སྐབས་སུ་ཁོ་རང་ཐེངས་ཤིག་ཕྱི་ལ་སློབ་སྦྱོང་དུ་བྱིན་ནས་ཡུན་རིང་འགོར་བས། སློབ་གྲོགས་ཚོས་ཁོ་རང་ཕྱིར་ཡོང་རྒྱུ་མ་རེད་བསམ་ནས་ཚང་མ་ངུས་ཟེར།

སློབ་མ་བྱམས་ཀྱིས་བསྐྱངས་བ་དང་སློབ་ཁྲིད་ཀྱི་བྱ་བར་བརྩོན་ཤུགས་བསྐྱེད་པའི་དབང་གིས་ཆ་ཚང་སློབ་གྲྭ་གཉིས་པའི་དགེ་རྒན་ཨོ་རྒྱན་གྱི་འཛིན་གྲྭ་དེའི་སྦྱངས་འབྲས་རྫོང་ཡོངས་ཀྱི་སྔོན་གྲལ་དུ་ཚུད་པ་དང་། ཨོ་རྒྱན་གྱིས་སློབ་ཁྲིད་བྱས་མྱོང་བའི་སློབ་མ་མང་པོ་ཞིག་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད། ༢༠༡༡ལོར་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པ་བཙུགས་པ་དང་། ཨོ་རྒྱན་ཡང་ཆ་ཚང་སློབ་གྲྭ་གཉིས་པ་ནས་གནས་དེར་ཡོང་།

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་འཇམ་དབྱངས་ཉི་མས་བཤད་རྒྱུར། དགེ་རྒན་ཨོ་རྒྱན་ནི་ཁོ་ཚོའི་སློབ་གྲྭའི་ཆེས་ནན་ཏན་གྱི་དགེ་རྒན་ཞིག་ཡིན་པ་ལས་གཞན། སློབ་མ་དང་སློབ་ཁྲིད་ཀྱི་བྱ་བར་ཆེས་དགའ་ཞེན་ཆེ་བའི་དགེ་རྒན་ཞིག་ཀྱང་ཡིན། ཁོས་སློབ་ཁྲིད་བྱས་པའི་སློབ་མའི་སྦྱངས་འབྲས་མངོན་གསལ་ཡིན་པར་མ་ཟད། འཚོ་བ་དཀའ་ཁག་ལ་འཕྲད་པའི་སློབ་མར་ཡང་རེ་རེ་བཞིན་རོགས་རམ་བྱས་པས། ཁོ་ཚོའི་སློབ་གྲྭར་དགེ་རྒན་བཟང་བོ་ཞིག་གི་མིག་དཔེ་བསྐྲུན། སློབ་ཁྲིད་ཀྱི་ཐད་ལ་བརྩོན་པ་ཆེར་བསྐྱེད་བྱས་པ་ལས་གཞན། སློབ་མ་དང་ཁྱིམ་བདག་ཚོ་ཁོ་ལ་དགའ་ཞེན་ཆེ་བའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཁོ་ལ་གཞན་སྲོག་སྐྱོབ་པ་དང་གཞན་ལ་རོགས་རམ་བྱེད་པར་དགའ་བའི་བྱམས་སེམས་ཤིག་ཡོད་པས་རེད།

༢༠༠༨ལོའི་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱིར་དྲོར་སློབ་གྲྭ་གྲོལ་ནས་ཆ་ཚང་སློབ་གྲྭ་གཉིས་པའི་སློབ་མ་ཉིས་བརྒྱ་ལྷག་ཕྲེང་བསྒྲིགས་ཏེ་ཕྱིར་རང་ཡུལ་དུ་ལོག་སྐབས། གཞུང་ལམ་གྱི་སྟེང་དུ་གློ་བུར་དུ་རླངས་འཁོར་ཆུང་བ་ཞིག་བྱ་འཕུར་བ་ལྟར་ཁོ་ཚོའི་ཕྱོགས་སུ་སྐོར་ཡོང་། དུས་དེར་རྗེས་སུ་ལུས་པའི་སློབ་མ་གཉིས་ཀྱིས་ཚུལ་དེ་མཐོང་ནས་ཅི་བྱ་གཏོལ་མེད་གྱུར། ཨོ་རྒྱན་གྱིས་ཚུལ་དེ་མཐོང་མ་ཐག་འཛེམ་དོགས་སྤུ་ཙམ་མེད་པར་མདུན་ལ་མཆོངས་ཏེ་ནུས་ཤུགས་ཡོད་རྒུས་སློབ་མ་གཉིས་བོ་ཉེན་ཁ་ལས་སྐྱབས། ཡིན་ནཡང་ཨོ་རྒྱན་ཐང་ལ་འགྱེལ་ནས་རྐང་བ་གཡོན་པར་ཆག་སྐྱོན་བཟོས།

༢༠༠༩ཟླ་བདུན་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཆར་ཆེན་ཞིག་གིས་སློབ་མ་ཚོ་ཕྱིར་རང་ཡུལ་དུ་ལོག་པའི་བགྲོད་ལམ་བཀག ཆ་ཚང་སློབ་གྲྭ་གཉིས་པ་དེ་གཤོངས་ས་ཞིག་ཏུ་ཆགས་ཡོད་སྟབས། དུས་ཚོད་ཕྱེད་ཙམ་མ་འགོར་བར་སློབ་ར་ཡོངས་ཆུས་ཁེངས། དུས་དེར་ཨོ་རྒྱན་གྱིས་ལས་གྲོགས་འགའ་དང་ལྷན་དུ་ཆར་ཆེན་ལ་མ་འཛེམ་པར་སློབ་གྲྭའི་ཕྱི་རར་ཆུ་ཁུང་ཞིག་བརྟོལ་ནས་ཆུ་དགྲའི་ཉེན་ཁ་བསལ་ནས། བྱིས་པ་རྣམས་བདེ་འཇགས་ངང་ཡུལ་ལ་ལོག

༢༠༠༩ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། ཆ་ཚང་སློབ་ཆུང་གི་སློབ་མ་བཞི་དར་ཐོག་ཏུ་རྩད་འཇོ་ལ་གཡེང་སྐབས་སྟབས་མ་ལེགས་པར་ཆུ་ནང་དུ་ལྷུང་། སྟབས་འགྲིག་པ་ཞིག་ལ་ཨོ་རྒྱན་གནས་དེ་བརྒྱུད་སྐབས་ཚུལ་དེ་མཐོང་ནས་མྱུར་དུ་ཆུ་ནང་དུ་ལྡིང་ནས་དྲན་མེད་ཚོར་མེད་དུ་བརྒྱལ་བའི་སློབ་མ་གཅིག་རྒྱབ་ལ་ཁུར་ཞིང་གཞན་སློབ་མ་གསུམ་གྱི་ལག་པར་དམ་པོར་འཇུས་ཏེ་སྐད་བསེང་མཐོན་པོས་སྲོག་སྐྱོབ་རོགས་ཞེས་སྐད་བརྒྱབ། མཐར་སློབ་མ་བཞི་བོ་སྲོག་ཉེན་ལས་སྐྱབས་པ་དང་། འོན་ཀྱང་ཨོ་རྒྱན་གྱི་ལུས་སྟོབས་ཉམས་པའི་ཁར་དྲོས་འཁྱག་གི་རྐྱེན་གྱིས་ནད་ལྗིད་མོ་ཞིག་ཕོག

ལོ་ངོ་བཅུ་དྲུག་རིང་གི་དགེ་རྒན་གྱི་ལས་ཀ་སྒྲུབ་སྐབས། ཨོ་རྒྱན་གྱིས་བདེན་དོན་གྱི་མདུན་དུ་ཐེངས་མང་པོར་དཔའ་བསྐྱེད་དེ། མི་ངན་དང་འཛིང་རེ་བྱེད་སྐབས་ཁོའི་ལུས་སྟེང་དུ་གྲི་ཡི་རྨ་ཁ་བཏོད་མྱོང་ལ། ཆུར་ལྷུང་བའི་བྱིས་པ་སྐྱབས་ཏེ་ནད་ཀྱི་ཟུག་གཟེར་མྱངས། ཁོས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་དགེ་རྒན་བཟང་བོ་ཞིག་གི་སྣང་བརྙན་བསྐྲུན། 

ཨོ་རྒྱན་གྱིས་ང་ནི་འབྲོག་པའི་བུ་ཞིག་ཡིན་པ་དང་། རང་གི་བྱ་བར་ཧ་ཅང་དགའ་ཞེན་ཆེ། ང་རང་དགེ་རྒན་བྱས་ཏེ་ལོ་བཅུ་ལྷག་འགོར་ལ།  དགེ་རྒན་ཞིག་གི་ལས་སྐལ་འབའ་ཞིག་བསྒྲུབས་པ་དེ་ཡིན། དགེ་རྒན་བཟང་བོ་ཞིག་བྱེད་ན་སློབ་མ་དང་ཁྱིམ་བདག་ཡིད་ཆེས་པའི་དགེ་རྒན་ཞིག་བྱེད་རྒྱུ་དང་་། ངས་ནམ་ཡང་དེ་ལྟར་བསྒྲུབ་རྒྱུ་ཡིན་ཟེར།

༢༣༠༡༣ལོའི་ཟླ་དགུ་བར་ཨོ་རྒྱན་ལ་རྒྱལ་ཡོངས་སྐབས་བཞི་བའི་དཔའ་ངར་ཞིམ་མེད་ཀུན་སྤྱོད་མིག་དཔེའི་མིང་འདོན་བྱ་དགའ་ཐོབ།

གོང་མ།:null
འོག་མ།:རྩེ་ཁོག་རྫོང་གི་ཧོས་རིགས་སྨན་པ་བཟང་བོ་མཱ་བུན་དབྱེ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
སློབ་མ་དང་ཁྱིམ་བདག་ཡིད་ཆེས་པ'  
རྩེ་ཁོག་རྫོང་གི་ཧོས་རིགས་སྨན&  
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ&  
“ས་ཁུལ་གསུམ”འཛུགས་སྐྲུན་ལ་སྟོབ&#  
མགོ་ལོག་དང་ཡུས་ཧྲུའུ་སོགས་ས་'  
མཚོ་ལྷོ་ཁུལ་གྱིས་གནས་སྐོར་ལས&  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།