རྩེ་ཁོག་རྫོང་གི་ཧོས་རིགས་སྨན་པ་བཟང་བོ་མཱ་བུན་དབྱེ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-03   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

མཚོ་ངོས་ལས་སྨི་སུམ་སྟོང་བདུན་བརྒྱ་ཙམ་གྱིས་མཐོ་བའི་རྩེ་ཁོག་རྫོང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། རྩེ་ཁོག་ནི་ས་བབ་མཐོ་ཞིང་དྲང་ངར་ཆེ། འདི་འདྲའི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན་པའི་རྩེ་ཁོག་འབྲོག་ཁུལ་དུ་འབྲོག་པ་མང་ཚོགས་ལ་དུང་བ་ཟབ་པའི་ཧོས་རིགས་སྨན་པ་ཞིག་ཡོད་ལ། ཁོ་ནི་རྩེ་ཁོག་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་མཱ་བུན་དབྱེ་རེད། ད་ལོ་ལོ་སོ་བརྒྱད་ལ་སོན་པའི་མཱ་བུན་དབྱེ་ནི་མཚོ་སྔོན་ཞིང་ཆེན་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཐོ་པ་ཞང་གི་སྤྱིར་བཏང་གི་ཧོས་རིགས་ཁྱིམ་ཚང་ཞིག་ནས་སྐྱེས། གཅིག་དགུ་གོ་ལྔ་ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་རྩེ་ཁོག་རྫོང་མི་དམངས་སྨན་ཁང་ལ་ལས་བགོས་བྱས། དེར་ཁོས་བཟའ་བཏུང་སྟབས་མི་བདེ་བ་དང་བཟའ་ཟླ་གཉིས་ཡུལ་སོ་སོར་འདུག་དགོས་པ་སོགས་ཀྱི་དཀའ་ཁག་སྣ་ཚོགས་གདོང་གིས་བསུས་ནས་ཧུར་ཐག་གིས་ལས་ཀར་ཞུགས་ཤིང་མིག་རྡེབ་དབང་ཙམ་གྱིས་ལས་རྐང་དེ་ནས་མི་ལོ་བཅུ་དགུའི་དུས་ཚོད་འགོར་ཟིན།

ཉེ་སྔོན་གསར་འགོད་པ་རྩེ་ཁོག་རྫོང་མི་དམངས་སྨན་ཁང་གི་ཁོད་ཆུང་བའི་ཡོན་ཀྲང་གི་གཞུང་ལས་ཁང་དུ་འབྱོར་བ་ན། སྨན་བཅོས་བྱེད་པར་འོང་བའི་འབྲོག་པ་མང་ཚོགས་ཁྱིམ་གང་འདུག་ལ། ཁ་མདངས་ནག་ཅིང་མིག་སྐྱི་དམར་པོར་གྱུར་བའི་སྨན་པ་ཞིག་གིས་སྨན་ཐོ་འགོད་བཞིན་ཉེ་འགྲམ་གྱི་བོད་རིགས་ནད་པ་མང་པོར་བོད་སྐད་ཀྱི་ལམ་ནས་ནད་རྟགས་འདྲི་བཞིན་ཡོད་པ་དང་། མ་གཞིར་ཁོ་ནི་ས་དེའི་བོད་རིགས་མང་ཚོགས་ཀྱི་གོང་བཀུར་ཚད་མེད་བྱེད་བཞིན་པའི་ཧོས་རིགས་སྨན་པ་མཱ་བུན་དབྱེ་རེད།

“ངའི་ཚ་བོར་ནད་གཞི་ཞིག་བྱུང་ནས་ཆེད་དུ་མཱ་ཡོན་ཀྲང་བཙལ་ནས་སྨན་བཅོས་བྱེད་དུ་འོང་བ་ཡིན།”    “ཅིའི་ཕྱིར་ཆེད་དུ་མཱ་ཡོན་ཀྲང་བཙལ་དགོས་པ་རེད།” “རྒྱུ་མཚན་ནི་སྡེ་བའི་མི་རྣམས་ཀྱིས་བཤད་ན་མཱ་ཡོན་ཀྲང་ནི་སྨན་པ་བཟང་བོ་ཞིག་རེད་ཟེར།”རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་ཀོང་ཆེན་སྡེ་བའི་ལོ་དྲུག་ཅུ་རེ་བདུན་ཅན་གྱི་བོད་རིགས་རྒན་པོ་ཟོན་ཐར་རྒྱལ་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་། ལོ་སོ་བཞི་ཅན་གྱི་གཡང་ལེ་སྐྱིད་ནི་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་གྱི་བྱིས་པ་གཉིས་ཀྱི་ཨ་མ་ཡིན་ལ། འཚོ་བའི་ཆ་རྐྱེན་ཞན་པའི་ཁར་མཆིན་སྲིན་གྱི་ནད་བྱུང་ནས་ལོ་ཉི་ཤུ་ལྷག་འགོར་ཟིན། ཉིས་སྟོང་བཅུ་གཉིས་ལོའི་ལོ་མགོར་ནད་གཞི་ཇེ་སྡུག་ཏུ་སོང་བས་ཞིང་ཆེན་གྱི་སྨན་ཁང་ཆེ་ཤོས་ཤིག་ཏུ་སོང་ནས་སྨན་བཅོས་བྱེད་དགོས་བྱུང་ཞིང།  གཤག་བཅོས་ཀྱི་སྨན་རིན་ལ་སྒོར་ཁྲི་བཞི་དགོས་བའི་བརྡ་འབྱོར་དུས། ཁོ་མོ་བྱ་ཐབས་ཟད་དེ་ལོ་དེའི་ཟླ་བཅུ་གཅིག་པའི་ཟླ་སྨད་དུ་ཕྱིར་རྩེ་ཁོག་རྫོང་མི་དམངས་སྨན་ཁང་དུ་མི་ཡོང་ཐབས་མེད་བྱུང་།

“མཱ་ཡོན་ཀྲང་གིས་ངའི་སྲོག་བླུས་སོང་། ཁོས་ང་ལ་གཤག་བཅོས་བྱས་པར་མ་ཟད་སྨན་རིན་ལ་ཡང་སྒོར་སྟོང་གཉིས་ལས་མ་ཤོར་བར་སྨན་བཅོས་བྱེད་ཐུབ་སོང། ངའི་ཁྱིམ་མི་གང་བོས་ཁོ་ལ་བཀའ་དྲིན་ཞུ་བཞིན་ཡོད”ཅེས་གཡང་ལེ་སྐྱིད་ཀྱིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་བྱུང་།

ཉིས་སྟོང་བཅུ་གསུམ་ལོའི་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། བོན་རྒྱ་ཞང་དར་དམར་སྡེ་བའི་ལོ་དྲུག་བཅུ་རེ་བཞི་ཅན་གྱི་སྐལ་ལོ་སྒྲོལ་མར་མྱུར་བའི་རང་བཞིན་ཅན་གྱི་མཁྲིས་པའི་གཉེན་ཚད་དང་མཁྲིས་པའི་རྡོ་སྐྲན་བྱུང་ནས་སྨན་ཁང་ལ་འབྱོར་དུས་གནས་ཚུལ་ཚབས་ཆེན་ཡིན་པས། ཉིན་དེར་གཤག་བཅོས་ཐེངས་གསུམ་པ་ཚར་རུང་ཡིན་པའི་མཱ་བུན་དབྱེ་ཡིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་གཤག་བཅོས་ཁང་ལ་འཛུལ་ནས་དུས་ཚོད་གསུམ་རིང་གི་བཤག་བཅོས་བྱས་པ་བརྒྱུད། སྐལ་ལོ་སྒྲོལ་མ་ཉེན་ཁ་ལས་སྐྱོབ་ཐུབ་པ་བྱུང་ལ་སྐབས་དེར་དུས་ཚོད་ཀྱི་མདའ་རྩེ་ཡང་ནམ་སྟོད་ཀྱི་དུས་ཚོད་གསུམ་པར་ཐོན་འདུག

མཱ་བུན་དབྱེ་ཡི་ཆེད་ལས་ནི་ཕྱི་ནད་སྨན་པ་ཡིན་ན་ཡང་ས་གནས་ཀྱི་ནད་པའི་དོན་དངོས་གནས་ཚུལ་གྱིས་ཁོ་རང་གིས་ཀུན་ཤེས་སྨན་པ་ཞིག་གི་ཕྱོགས་སུ་བརྩོན་ལེན་མི་བྱེད་ཐབས་མེད་བྱུང་། ཕྱི་ནད་ཚན་ཁག་ནས་མོ་ནད་ཚན་ཁག་དང་བྱིས་ནད་ཚན་ཁག་སོགས་ཀྱི་སྨན་བཅོས་ཀྱི་བཞུད་ལམ་རིང་མོའི་ཁྲོད་ཁོའི་བླ་མེད་ཀྱི་སྨན་པའི་ལྷག་བསམ་དང་ལྷོད་པ་མེད་པའི་རང་གི་ལས་གཞིའི་ཞིབ་འཇུག་བཅས་ལ་བརྟེན་ནས་རྩེ་ཁོག་རྫོང་མི་དམངས་སྨན་ཁང་གི་གདུང་འདེགས་ཀྱི་ཀ་བ་ལྟ་བུར་གྱུར་ཡོད། མཱ་བུན་དབྱེ་ཡི་གཞུང་ལས་ཁང་གི་ལྭ་བ་འགལ་སའི་སྟེང་ཁ་བཏགས་ཀྱིས་བཀང་འདུག་ལ། གྱང་ངོས་སུ་འབྲོག་པ་མང་ཚོགས་ཀྱིས་བོད་ཡིག་གིས་བྲིས་པའི་བཀའ་དྲིན་ཤིས་ཚིག་གིས་བཀང་འདུག

“བོད་རིགས་ནད་པ་རྣམས་ལ་སྨན་བཅོས་བྱེད་ཆེད། མཱ་ཡོན་ཀྲང་གིས་བོད་ཡིག་རང་སྦྱོང་བྱས་ནས་ད་ལྟ་ང་ཚོའི་ཆུ་ཚད་དང་མཉམ་ཡོད། རྩེ་ཁོག་རྫོང་ལ་ཐོན་ནས་ལོ་ངོ་འདི་འདྲའི་མང་པོ་ཞིག་འགོར་ཡང། ཁོ་ནི་ནམ་ཡང་ནད་པའི་ཕྱིར་ཁོམ་ལོང་མེད་པར་རང་གི་ཁྱིམ་ཚང་གི་དོན་དག་ལ་ཁ་ཡ་བྱེད་པའི་དུས་ཚོད་ཧ་ཅང་ཉུང་། ས་འདིའི་མང་ཚོགས་ལ་མཁོ་བ་ནི་མཱ་ཡོན་ཀྲང་ལྟ་བུའི་སྨན་པ་འདི་འདྲ་རེད”ཅེས་མཱ་བུན་དབྱེ་དང་མཉམ་དུ་ལོ་མང་པོའི་རིང་བྱ་བ་བསྒྲུབས་མྱོང་བའི་བཟི་སྨན་སྨན་པ་ཚེ་སྒྲོན་སྐྱིད་ཀྱིས་དེ་སྐད་བཤད་བྱུང་ལ་སྐབས་དེར་མོའི་མིག་མཐའ་གཞི་ནས་སེམས་འགུལ་ཐེབས་པའི་མཆི་མས་བརླན་འདུག

གོང་མ།:null
འོག་མ།:བདེ་འཇགས་ཡོད་ཚད། ཚེ་སྲོག་གི་རྟེན་གཞི། --རྩེ་ཁོག་རྫོང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣ་མ་བུན་ཡས་བློ་མཐུན་གྱི་བྱས་རྗེས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
རྩེ་ཁོག་རྫོང་གི་ཧོས་རིགས་སྨན&  
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ&  
“ས་ཁུལ་གསུམ”འཛུགས་སྐྲུན་ལ་སྟོབ&#  
མགོ་ལོག་དང་ཡུས་ཧྲུའུ་སོགས་ས་'  
མཚོ་ལྷོ་ཁུལ་གྱིས་གནས་སྐོར་ལས&  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།