བདེ་འཇགས་ཡོད་ཚད། ཚེ་སྲོག་གི་རྟེན་གཞི། --རྩེ་ཁོག་རྫོང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣ་མ་བུན་ཡས་བློ་མཐུན་གྱི་བྱས་རྗེས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-03-12   རྩོམ་གྱི་ཡོང་ཁུངས།

        ལས་རིགས་གང་ཞིག སྤྱིར་བཏང་གི་ཁྲོད་དུ་རླབས་ཆེན་གྱི་བྱ་གཞག་མངོན་ཐུབ། ཕུགས་འདུན་གང་ཞིག་ལག་ལེན་གྱི་སྟེང་ནས་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་མངོན་ཐུབ།  མུ་མཐའ་མེད་པའི་རྩེ་གཞུང་རྩ་ཐང་གི་འོད་སྣང་དེས་ང་ཚོའི་འཚོ་བར་བདེ་སྐྱིད་བསྐྲུན་ཡོད་ལ།  ང་ཚོའི་འཚོ་གནས་ལ་རེ་བ་བསྩལ་ཡོད། གཟུགས་མེད་ཀྱི་འོད་སྣང་དེ་ནི།  འཛམ་གླིང་སྟེང་ཆེས་མཛེས་ཤིང་སྡུག་པའི་འོད་སྣང་མིན་ལ།  ཆེས་འོད་མདངས་བཀྲ་བའི་མཛེས་སྡུག་ཞིག་ཀྱང་མིན།  ཡིན་ནའང་ལྷག་བསམ་ཟོལ་མེད་ཀྱིས་བཤད་ན། ཁོ་ནི་མི་ཚེ་ཡི་འགྲུལ་བཞུད་སྟེང་མར་མེ་རྐང་གཅིག་ཡིན།  མུན་ཁྲོད་དུ་འཁྱམས་པའི་སྐྱེ་བོ་གྲངས་མེད་པ་འོད་ཀྱི་ལམ་སྟོན་གནང་། ཚེ་སྲོག་གི་འགག་རྩ་ལྷུང་བའི་ཉམ་ཐག་གི་སྐྱེ་འགྲོ་ལ་ཡངས་བའི་ལམ་ཆེན་བསྟན།

        མི་ལོ་༣༧ལ་སོན་པའི་མ་བུན་ཡས་ནི་ཧའེ་རིགས་ཀྱི་སྨན་པ་ཞིག་ཡིན།  ༡༩༩༥ལོར་མཚོ་སྔོན་གསོ་རིག་སློབ་གླིང་ནས་མཐར་ཕྱིན་རྗེས་བྱ་བའི་སྟེང་ཞུགས།  གཞི་རིམ་གྱི་བྱ་བ་བསྒྲུབ་ནས་ལོ་ངོ༡༨འགོར་ཡོད་ལ།  ལོ་ངོ་འདི་དག་གི་རིང་ལ།  ཁོའི་མགོ་མཇུག་བར་གསུམ་དུ་བྱ་བར་གཟབ་ནན་ཡིན་ལ།  གཤགས་བཅོས་སོགས་ཕྱོགས་ཡོངས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་གསོག་ཡོད།  བརྩེ་སེམས་དང་རྣམ་པར་དག་པའི་སྨན་པ་ཞིག་གི་མཚན་ཉིད་ཐོབ་ཡོད།  སྨན་པ་ཞིག་ལ་མཚོན་ན།རང་ཉིད་ཀྱི་ཐོབ་ཐང་ལ་རེ་བ་ནན་མོ་བཟུང་ནས་མི་རེ་རེའི་ཚེ་སྲོག་ལ་བརྩི་འཇོག་བྱེད་དགོས།ཁོ་དང་ནད་པའི་བར་ལ་གཏད་ནས་འགལ་བ་བྱུང་མྱོང་མེད་ལ།  ལས་གྲོགས་ཀྱི་སེམས་གཏིང་ནས་ཁོ་ལ་བཅིངས་བའི་ལྟ་ཚུལ་བཟང་ལ་ལས་གྲོགས་ལ་མཐུན་སྒྲིལ་བྱས་ཏེ་ལོ་ངོ་བཅུ་འདི་དག་གི་རིང་ལ། ལསཁུངས་ཀྱི་ལས་གྲོགས་དང་རྒྱ་ཆེ་བའི་ནད་པའི་ཁོ་ལ་གཟེངས་བསྟོད་དང་བྱ་དགའ་གང་མང་ཐོབ་མྱོང་།བདེ་འཇགས་ཡོད་ཚད། ཚེ་སྲོག་གི་རྟེན་གཞི།  གསོ་རིག་གི་ལས་ཀར་ཞུགས་པ་ནས་བཟུང་མ་བུན་ཡས་ཡི་ཕྲག་ཏུ་བབས་པའི་ལས་འགན་ཧ་ཅང་ལྕི་ལ།  ནང་སྒོས་སུ་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་ལ་མཚོན་ན།ཟུག་གཟེར་ཆེ་བའི་ནད་པ་དང་རྨས་སྐྱོན་ཕོག་པའི་ནད་པ་སོགས་ལ་གཉོར་སྐྱོང་དང་བདག་གཉེར་བྱེད་པའི་སེམས་རྒྱུད་དང་བྱམས་བརྩེ་ནམ་ཡང་ཁོའི་བརྗེད་མྱོང་མེད།  གལ་ཏེ་ང་ནི་ནད་པ་ཞིག་ཡིན་ན།  རང་ཉིད་ཀྱི་བྱ་སྤྱོད་མཛུབ་སྟོན་བྱེད་ངེས།  མ་སྨན་པའི་མིག་མདུན་ནས།  ནད་པའི་ལས་གནས་མཐོ་དམའ་མེད།  དབུལ་ཕྱུག་ལ་དབྱེ་བ་མེད།ནད་པ་ཡོངས་རྫོགས་ལ་གུས་གུས་ཞུམ་ཞུམ་བྱེད་པའི་གོམས་སྲོལ་ཡོད། ཁོའི་མཛུམ་མདངས་དང་སྙིང་བརྩེ་བའི་ངང་ནས་ནད་པར་སེམས་ཁུར་ཚད་མེད་བྱེད་བཞིན་ཡོད།ཉེ་བའི་ལོ་འགའི་རིང་།  མ་བུན་ཡས་ཡིས་མཛུབ་སྟོན་འོག་རྩེ་ཁོག་རྫོང་སྨན་ཁང་ལ་འཕེལ་རྒྱས་བཏང་སྟེ།  མཆིན་པའི་སྲིན་སྐྲན།  རླིག་རླུག  རྐང་ལག་གཅོད་པ།  ནུ་སྐྲན།  ཕོ་ཁ་རྡོལ་བ།  ད་དུང་གཞང་འབྲུམ་དང་གཞང་ཁར་ནང་འགྱུར་བྱུང་བ་སོགས་གཤགས་བཅོས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཏེ་རྒྱ་ཆེ་བའི་ནད་པ་ཡོངས་ནས་གཅིག་གྱུར་ཀྱིས་བཟང་བསྟོད་ཐོབ།  སྨན་ཁང་ཀྱི་ཕྱོགས་ཡོངས་ནས་གཤགས་བཅོས་ཀྱི་ཡོང་འབབ་དང་སྨན་ཀྱི་ཐོན་ཁུངས་མངོན་གསལ་ངང་ཤུགས་སྣོན་བྱུང་།  ཕྱི་ཚན་སྨན་པ་ཞིག་ལ་མཚོན་ན།  མ་སྨན་པ་ལྟར་གཉིད་བཅག་ཟས་བརྗེད་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་སྙིང་རུས་ཡོད་དགོས་ལ་ལས་མི་སྒེར་གྱི་ཁེ་ཕན་དང་ནད་པའི་ཁེ་ཕན་ལ་གནོད་པའི་བྱ་བ་གཏད་ནས་བསྒྲུབ་མ་མྱོང་། ནད་པའི་དངོས་ཟོག་ཕྱིན་ནས་བཀའ་དྲིན་ཞུ་སྐབས།  ཁོང་གིས་སྔོན་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་བ་དང་རྗེས་སུ་དངོས་ཟོག་གང་འདོད་དུ་བླངས་ན་སྲིད་ཇུས་དང་མི་མཐུན་པའི་གནས་ལུགས་གསལ་བཤད་བྱེད་ལ།  ལས་ཁུངས་གཞན་དང་འདྲ་བའི་ཡོང་འབབ་ཀྱང་མེད།  བྱ་བ་འགའ་ཞིག་ཟླ་ཐོག་ལོ་བརྩེགས་ནས་བྱ་བ་སྣ་གཅིག་བསྒྲུབ་དགོས་པ་མ་ཟད།  མཐའ་ན་ཉིན་མཚན་ལ་དབྱེ་བ་མེད་པར་གཟའ་མཇུག་ངལ་གསོ་མེད་པར་དུས་རྒྱུན་དུ་སྤྲོ་སེམས་འཁོལ་བའི་ངང་ནས་ལས་གནས་ལ་དགའ་སྣང་དང་མཐོང་ཆེན་བྱེད་པའི་འདུ་ཤེས་ཡོད། མ་བུན་ཡས་ཡིས་སྨན་ཁང་ནད་གི་ལས་གཉེར་བ་སྨན་བཅོས་བྱེད་དུ་འགྲོ་རུ་མངགས་ཀྱང་འོན་ཀྱང་འབྲོག་པ་མང་ཚོགས་ཀྱི་རེ་ལྟོས་བྱེད་ས་ནི་ཁོ་གཅིག་པུ་ཡིན།  ཁོས་དུས་ངེས་མེད་དུ་རྒྱ་ཆེ་བའི་མང་ཚོགས་ལ་སེམས་ཁུར་བྱེད་པ་མ་ཟད་ཁོའི་ལས་གནས་འདི་འདེམས་རྗེས་འགྱོད་སེམས་མེད་པར་མུ་མཐུད་དུ་དཀའ་ངལ་དང་ལེན་དང་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་རྒྱུན་འཁྱོངས་བྱས་པས་མི་རེའི་འཚོ་བ་སྤྲོ་སྣང་བསྩལ་བྱུང་།

      ༢༠༡༡ལོར།རང་རྫོང་བྱང་དར་ཞང་གི་མང་ཚོགས་ཞིག་སྨན་ཁང་ནང་དུ་སྨན་པ་སྟོན་པར་འོངས།  ཁོ་ལ་ནད་ཚབས་ཆེན་ཞིག་ཕོག་ཡོད།  སྨན་ཁང་ནང་དུ་གཤགས་བཅོས་བྱེད་སྐབས་དུས་ཚོད༢འགོར་རྗེས་ད་གཟོད་ལེགས་འགྲུབ་བྱུང་།  མ་སྨན་པ་ཐེངས་འགར་ནོར་སྲིད་ཅུའུ་ནང་ལ་སོང་ནས་སྨན་རིན་མེད་པར་བཟོས།  མ་སྨན་པའི་གཞུང་ལུགས་ཤེས་བྱ་སློབ་སྦྱོང་དང་ཆེད་ལས་ཤེས་བྱ་ཞིབ་འཇུག་ནན་མོ་བྱས།ཞིང་ཆེན་ནང་ཁུལ་ཀྱི་སློབ་སྦྱོང་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་གཤགས་བཅོས་བྱེད་ཕྱོགས་ལ་མཛུབ་ཁྲིད་གནང་།  ནང་སྒོས་སུ་ནད་པ་གཙོ་བོ་བཟུང་ནས་རང་རྫོང་གི་མང་ཚོགས་བྱས་རྗེས་བླ་མེད་བཞགམ་བུན་ཡས་བྱ་བའི་ཉམས་འགྱུར་འབུར་ཐོན་དང་བྱ་བ་ཞིབ་ཆགས་ངང་བསྒྲུབ་པའི་པ་མ་ཟད་གཞུང་རྒྱུད་དྲང་བའི་སྨན་པ་ཞིག་ཡིན།  ཁོ་ལ་རྩེ་ཁོག་མི་དམངས་ཀྱིས་ཡིད་ཆེས་དང་བཟང་བསྟོད་ཚད་མེད་ཐོབ་པ་མ་ཟད།  ཁོའི་བྱས་རྗེས་ནི་མི་རིགས་མཐུན་སྒྲིལ་གྱི་བྱ་བ་གཙིགས་འཛིན་བྱས་པས་སྤྱི་ཚོགས་ཡོངས་ཀྱི་སློབ་སྦྱོང་དང་མིག་དཔེ་ལྟ་ས་ཞིག་ཡིན།

གོང་མ།:null
འོག་མ།:མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ།བློ་མཐུན་ལྦང་ཀྲན་ཧཱ་ཡི་བྱ་བའི་མཛད་རྗེས།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ&  
“ས་ཁུལ་གསུམ”འཛུགས་སྐྲུན་ལ་སྟོབ&#  
མགོ་ལོག་དང་ཡུས་ཧྲུའུ་སོགས་ས་'  
མཚོ་ལྷོ་ཁུལ་གྱིས་གནས་སྐོར་ལས&  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།