མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ།བློ་མཐུན་ལྦང་ཀྲན་ཧཱ་ཡི་བྱ་བའི་མཛད་རྗེས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

      ཝང་ཀྲན་ཧཱ།  ཕོ།   ཧེ་རིགས།  ༡༩༦༢ལོའི་ཟླ་༥བར་སྐྱེས་ཤིང་།  ཀྲུང་གུང་ཏང་ཡོན་དང་སློབ་ཆུང་གི་རིག་གནས་ཆུ་ཚད་ཡིན།  ཏ་ལྟ་གཅན་ཚ་རྫོང་ཁང་ཡང་གྲོང་བརྡལ་ཤེ་མ་ལ་སྡེ་བའི་ཀྲུ་པུ་ཧྲུའུ་ཅིའི་འགན་བཞེས་ཡོད། ཁོ་བོས་འགན་འདི་བཞེས་བའི་ཚུན་ལ།  རྒྱུན་དུ་མང་ཚོགས་ཀྱི་ཁྲོད་དུ་ཞུགས་ཏེ་དམངས་ཀྱི་འདོད་བློར་རྒྱུས་ལོན་དང་སྲིད་ཞུགས་སྲིད་གླེང་གི་བྱ་བར་འབད་ནས། ཏང་དང་སྲིད་གཞུང་ལ་གསར་སྐྲུན་རང་བཞིན་གྱི་བསམ་འཆར་དང་ལྟ་ཚུལ་གང་ལེགས་བཏོན་པར་མ་ཟད།  ད་དུང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྐོར་ལ་མཛད་རྗེས་མི་དམན་པ་བཞག་པས་སྤྱི་ཚོགས་ཀྱི་ལས་རིགས་ཁག་ཡོངས་ནས་བསྟོབསྔགས་ཐོབ་ཅིང་། ཐེངས་མང་པོར་གྲོང་བརྡལ་གྱི་སྔོན་ཐོན་མི་སྣ་དང་ཕུལ་བྱུང་སྡེ་བའི་ལས་བྱེད་མི་སྣར་འདེམས་ལ།  ༢༠༡༠ལོར་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་དང་༢༠༡༡ལོར་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཏང་གི་འཐུས་མིར་འདེམས་པ་རེད།

གཅིག  ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་ལྟ་བ་གསལ་བོའི་སྒོ་ནས་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ།

      ཁོ་བོ་གཞི་རིམ་གྱི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཀུན་སྤྱོད་བློ་སྦྱོང་གཙུགས་སུ་འཛིན་པ་དང་།  རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱས་ཏེ་རྩ་དོན་དང་མཐུན་སྒྲིལ།  བདེ་འཇགས་སོགས་ལ་ཧུར་བརྩོན་སྒོས་སློབ་སྦྱོང་དང་སྡེ་མིའི་ཚོགས་འདུ་བསྡུས་ཏེ་ཏང་གི་མི་རིགས་སྲིད་ཇུས་དང་གཞུང་ལུགས།    ཁྲིམས་སྲོལ་བཅས་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་།  སྒོས་སུ་བོད་ཁུལ་བདེ་སྲུང་གི་བྱ་བའི་ཁྲོད་དུ་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་རྣམས་ལ་ཁ་འབྲལ་ཐབས་མེད་པ་གསུམ་ གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ།  དུས་དང་རྣམ་པ་ཀུན་ཏུ་ལངས་ཕྱོགས་བརྟན་པོ་དང་ལྟ་བ་རྣམ་དག་གིས་མི་རིགས་ཁ་བྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པར་རྒྱུན་འཁྱོངས་བྱས། 

གཉིས། ལས་བྱེད་དང་མང་ཚོགས་ལ་འབྲེལ་བ་དམ་པོས་སྣེ་ཁྲིད་བྱེད་པ།

      ཁོ་བོ་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས།  ཉེ་ཁོར་གྱི་ལས་གྲོགས་དང་རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་ལེགས་པོ་བྱས་ཏེ་ནན་ཏན་གྱིས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པ་དང་།  ཧུར་ཐག་གིས་རྒྱ་ཆེའི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་རང་རྟོགས་ཀྱི་ནུས་པ་མཐོར་འདེགས་སུ་བཏང་སྟེ།   ཁྲིམས་ལུགས་ཁྱབ་བརྡལ་དང་ཁྲིམས་ལྟར་སྡེ་སྐྱོང་།  བདེ་འཇགས་སྡེ་བའི་འཛུགས་སྐྲུན་གྱི་་འགོ་ཁྲིད་ཚན་ཆུང་སོགས་བཙུགས་ནས།  སྡེ་དམངས་ཚོགས་འདུ་དང་ཁྱིམ་མིའི་འཐུས་མི་ཚོགས་འདུ།  དེ་མིན་གྲོང་བརྡལ་ནས་སྡེ་བར་མངགས་པའི་སྡེ་དཔོན་གཞོན་པ་སོགས་དང་མཉམ་དུ་ས་ཞིང་དང་ནགས་ཚལ།   ཁོར་ཡུག་སྲུང་སྐྱོབ་དང་གཉེན་སྒྲིག་གི་ཁྲིམས་ལུགས་སོགས་བསྒྲགས་ཏེ། སྡེ་དམངས་ཡོངས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་།

 གསུམ། དམངས་གཙོས་གྲོས་ཐག་གཅོད་པའི་ལམ་ལུགས་བཙུགས་ཏེ་སྡེ་ དམངས་རང་སྐྱོང་བྱེད་པ་ལག་ལེན་དུ་བསྟར་བ།

      ཉེ་བའི་ལོ་འགའི་རིང་ལ་ཁོ་བོའི་སྣེ་ཁྲིད་འོག་སྡེ་དམངས་ཡོངས་ལ་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོ་བྱ་ཐབས དང་སྡེ་མི་ཨུ་ཡོནལྷན་ཁང་གི་རྩ་འཛུགས་བྱ་ཐབསསོགས་དྲིལ་བསྒྲགས་བྱས་པས།  མང་ཚོགས་ཀྱིས་ཀྱང་སྡེ་བའི་གནས་ཚུལ་གསལ་བོར་རྟོགས་པ་དང་།   དེ་མིན་སྡེ་བའི་ཨུ་ཡོན་གཉིས་ཀྱི་ཁོངས་མི་དང་འདུམ་འགྲིག་ཨུ་ཡོན་ལྷན་ཁང་།  བུད་མེད་ཨུ་ཡོན་ལྷན་ཁང་།  འཆར་ལྡན་བུ་སྐྱེས་ཀྱི་མཐུན་ཚོགས་སོགས་ཚང་མ་ཁྲིམས་ལུགས་གཞིར་བཟུང་ནས་དམངས་གཙོས་འདེམ་དགོས་པ།  སྡེ་བའི་དོ་དམ་དང་གྲོས་ཆོད་ལའང་དམངས་གཙོས་དོ་དམ་དང་དམངས་གཙོས་གྲོས་ཆོད་བྱེད་པ་ལག་བསྟར་བྱས་པས།  ཤེ་མ་ལ་སྡེ་བའང་རྫོང་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་གི་མིག་དཔེ་ཅན་གྱི་སྡེ་བར་གྱུར་ཡོད།

བཞི།  མང་ཚོགས་ལ་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།

     ཁོ་བོ་ནི་དཔེ་མཚོན་རང་བཞིན་གྱི་བརྩོན་འགྲུས་ཅན་ཞིག་ཡིན་པས།   ཆུང་དུས་ནས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྙེགས་ཤིང་།  ནམ་ཡང་མི་བཟང་དོན་བཟང་གི་བྱ་བ་སྒྲུབ་ཅིང་།  མང་ཚོགས་ལ་རོགས་རམ་བྱེད་རྒྱུ་ནི་ཁོ་བོའི་འདུན་པ་ཉག་གཅིག་ཡིན་པས། མང་ཚོགས་ལ་སྐུལ་སློང་བྱས་ཏེ་སིལ་ར་བསྐོར་བ་དང་།  དྲོད་ཁང་ནང་ཚོད་མ་འདེབས་པ།  ནོར་ལུག་འཚོ་སྐྱོང་བྱེད་པ་བཅས་ཀྱི་ཐབས་ལམ་བསྒྲགས་པར་མ་ཟད།  ད་དུང་མ་དངུལ་མི་འདང་བའི་སྡེ་མི་དང་དཀའ་ངལ་ཅན་ལ་རང་ཉིད་ཀྱི་སྒོར་བསྐྱིས་པ་དང་དངུལ་ཁང་གི་བར་སྡོད་སོགས་བྱས་པས།  ༢༠༠༣ལོའི་ལོ་མཇུག་སླེབས་དུས་སྡེ་བའི་ནང་དུ་དུད་ཁྱིམ་སོ་ལྔས་ནོར་ལུག་འཚོས་བར་མ་ཟད།  ཁྱིམ་ཚང་༡༢ད་དུང་གཞི་ཁྱོན་ཆེན་པོའི་གྲས་སུ་ཚུད་ཅིང་།     ཁྱིམ་ཚང་བཞི་བཅུ་ལྷག་གིས་སྔོ་ཚོད་སྣ་ཚོགས་བཏབ་པསདབུལ་ཕོངས་ལས་ཐར་བ་དང་། ད་ལྟ་སྡེ་བའི་ཁེ་ལས་གསུམ་དང་སྒེར་གཉེར་ཁེ་ལས་དགུ། སྐྱེལ་འདྲེན་རླངས་འཁོར་ཆེན་པོ་བརྒྱད་ཡོད་ལ།  ལས་ཞུགས་མི་སྣ་ཞེ་བརྒྱད་ལྷག་ལ་སླེབས་པས།  ལོ་རེའི་ཡོང་སྒོ་འཕར་སྣོན་བྱུང་བ་དང་བསྟུན་ནས་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ།  འཕྲུལ་རྟ་དང་ཁྱིམ་སྤྱོད་གློག་ཆས་སོགས་ཁྱིམ་ཚང་ཡོངས་ནས་སྤྱོད་ཐུབ་པ་བྱུང་།

ལྔ།  འགལ་བ་འདུམ་འགྲིག་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ།

     ཁོ་བོས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་ཅིང་།  ཏང་ཡོན་དང་ལས་བྱེད་མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་བྱ་བར་འབད་འབུངས་བྱས་པས། སྡེ་བའི་གོམས་སྲོལ་ཇེ་ལེགས་དང་ལས་བྱེད་བར་གྱི་འབྲེལ་བ་ཇེ་བཟང་ལ་སོང་སྟེ།  སྤྱི་ཚོགས་སྟེང་རྣམ་པ་གསར་བའི་ཉམས་སྣང་ཞིག་མངོན་འདུག  ཉེ་བའི་ལོ་འགའི་རིང་ལ་ཁང་ཡང་གྲོང་བརྡལ་གྱི་འཕེལ་རྒྱས་ཅུང་མགྱོ གས་ཤིང་།  དེ་དང་ བསྟུན་ནས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁང་བཤིག་གནས་སྤོར་དང་དཔལ་འབྱོར་སྐྱིན་ཚབ་ཐད་ཀྱི་བྱ་བ་དང་འགལ་བ་མང་པོ་ཞིག་བྱུང་རྐྱེན།  མི་རིགས་མཐུན་སྒྲིལ་དང་འགལ་བ་འདུམ་སྒྲིག  སྤྱི་ཚོགས་བདེ་སྲུང་ལ་སོགས་པའི་བྱ་བ་དེ་འགངས་ཆེན་དུ་གྱུར་ཡོད་སྟབས། ཁོ་བོས་རང་གི་མཚན་སྙན་ལ་བརྟེན་ནས་འགལ་བ་ཉི་ཤུ་ལྷག་འདུམ་སྒྲིག་བྱས་ཤིང་།  སྒོས་སུ་མི་རིགས་བར་གྱི་མཐུན་སྒྲིལ་དང་མང་ཚོགས་ལ་སློབ་གསོ་གཏོང་བ་གཙོ་བྱས་སྟབས།  སྡེ་བའི་ནང་གི་ཁྱིམ་མཚེས་ཕན་ཚུན་བར་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དང་།   མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་སྲུང་གི་འདུ་ཤེས་ཀྱང་ཇེ་དྲག་ཏུ་ཕྱིན་པ་དང་ཆབས་ཅིག   སྡེ་བ་ཡོངས་ཀྱི་དཔལ་འབྱོར་ཉིས་ལྡན་ཅན་དང་ཁྲིམས་བརྩི་སྒྲིག་སྲུང་གི་དུད་ཁྱིམ་ གྱི་བསྡུར་ཚད་དེ་ལོ་རེ་ནས་ལོ་རེར་ཇེ་མཐོར་སོང་བ་རེད། 

 དྲུག  སློབ་ཡོན་རམ་འདེགས་བྱས་ཏེ་མིག་དཔེའི་ནུས་པ་འདོན་པ།

      ཁོ་བོ་ཇི་ལྟར་ཕྱུག་པོར་གྱུར་ཡང་སློབ་གསོའི་བྱ་བཞག་ནམ་ཡང་བརྗེད་མེད་དེ།  སློབ་གྲྭའི་སློབ་གསོའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད་ཁོས་སྒོར་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ་ཞལ་འདེབས་སུ་ཕུལ་བ་དང་། ལོ་རེའི་དྲུག་གཅིག་བྱིས་པའི་དུས་ཆེན་སྟེང་སློབ་གྲྭར་སྒོར་ལྔ་བརྒྱ་རེ་སྦྱིན་པར་མ་ཟད།  རང་སྡེ་བའི་སློབ་ཤོར་སློབ་མ་དྲུག་ཙམ་ལ་རོགས་རམ་བྱེད་བཞིན་ཡོད།  དེ་ལས་གཞན་ད་དུང་ཁཱང་ཅ་སློབ་ཆུང་གི་སློབ་མ་ཡོངས་ཀྱི་ལས་བྱ་འབྲི་དེབ་ཁྱོན་བསྡོམས་ཆིག་སྟོང་ལྔ་བརྒྱ་དང་།  ཡང་ཅ་སློབ་ཆུང་ལ་ཅོག་ཙེ་དང་རྐུབ་སྟེགས་ཉིས་བརྒྱ་ལྷག་སྦྱིན་ལ། ཁྱིམ་ཚང་དཀའ་ཁག་ཅན་དྲུག་ལ་དམངས་སྒོར་ཉིས་སྟོང་ལྷག་གིས་རོགས་རམ་བྱས་ཡོད་པས།  དངོས་ནས་ཏང་ཡོན་ཞིག་གི་སྔོན་ཐོན་དཔེ་ལེགས་ཀྱི་ནུས་པ་བཏོན་པར་མ་ཟད།  གཞི་རིམ་གྱི་ཏང་ཡོན་ལས་བྱེད་མི་སྣར་མིག་དཔེ་ལེགས་པོ་ཞིག་བསྟན་ཡོད།

 བདུན།  གཞན་དོན་སྒྲུབ་པར་རྒྱུན་འཁྱོངས་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ།

       དུས་ཡུན་རིང་བོར་ཁོས་མང་ཚོགས་ཀྱི་ཁེ་ཕན་དང་སྐྱིད་སྡུག་གཙོ་བོར་བཟུང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་དོན་བཟང་གང་མང་སྒྲུབ་ཡོད་ལ། འགྲོ་གྲོན་སྒོར་ཁྲི་སོ་བརྒྱད་བཏང་སྟེ་སྡེ་བའི་ས་ཆུ་ཤོར་བའི་བྱེ་ཐང་ཞིང་སར་བསྒྱུར་ཏེ་སྡོང་བོ་དང་གཡེར་མ་སོགས་བཙུགས་པར་མ་ཟད།   གོང་རིམ་གྱི་མ་དངུལ་གཏོང་བ་དང་ཐུན་མོང་རང་གྲབས་ཀྱི་ཐབས་ལ་བརྟེན་ནས་སྒོར་ཁྲི་བཅུ་བདུན་ལྷག་གིས་སྡེ་བའི་ནང་དུ་མུས་གྲུ་བཞི་མ་ཉིས་བརྒྱ་དྲུག་ཅུ་ཙམ་གྱི་ཕྱོགས་བསྡུས་གཞུང་སྒྲུབ་ཁང་ཞིག་ཀྱང་བཞེངས་པ་རེད།  ས་ལེ་མོ་སྡེ་བའི་འཐུང་ཆུའི་སྦུ་གུ་ཆུ་ལོག་གིས་ཁུར་རྗེས་ཁོས་མྱུར་དུ་འགན་དང་ལེན་གྱིས་རང་གི་ལྗིད་འདེགས་འཕྲུལ་ཆས་སྤྱད་དེ་མུས་སུམ་བརྒྱ་ལྔ་བཅུ་ལྷག་གི་རང་འབབ་ཆུ་བོའི་སྦུ་གུ་སླར་གསོ་བྱས་པ་དང་།   ཡང་ཅཱ་དང་གུ་ཆུ་སྡེ་བ་གཉིས་ཀྱི་ཆུ་བསྡུ་ས་ཚིགས་གཡས་གཡོན་གྱི་འདམ་བག་ཧྥང་སུམ་སྟོང་བརྒྱ་ལྷག་གཙང་ཕགས་བྱས་ཤིང་།  གྲོང་བརྡལ་ཡོངས་ཀྱི་ཆུ་འགོག་གནོད་སྐྱབས་ཀྱི་རོགས་སྐྱོར་ཁྲོད་དམངས་སྒོར་ཉིས་སྟོང་ཞལ་འདེབས་སུ་ཕུལ་བ་དེས་ཡང་ཅཱ་སྡེ་བའི་རྨོ་ཞིང་མུའུ་སྟོང་གསུམ་ལྷག་གི་ཆུའི་གནད་དོན་ཐག་བཅད་ཅིང་།   སྔ་གཞུག་ཏུ་ཞིང་སྡེའི་མི་ཆིག་སྟོང་ལྔ་བརྒྱའི་ལས་ཞུགས་གནད་དོན་ཐག་བཅད་དེ་ཁོ་ཚོ་ཕྱུག་འགྱུར་ གྱི་ལམ་དུ་བཅུག

      བློ་མཐུན་ལྦང་ཀྲན་ཧཱ་ལགས་ནི་འདི་ལྟ་བུའི་སྒེར་སེམས་མེད་པའི་དྲང་བདེན་སྐྱོང་མཁན་ཞིག་དང་མཐུན་སྒྲིལ་ལྷག་བསམ་ཅན་གྱི་ལས་བྱེད་མི་སྣ་བཟང་བོ་ཞིག་ཡིན་པས།  ཁོའི་སྣེ་ཁྲིད་འོག་ཤེ་མ་ལ་སྡེ་བའི་ཏང་གི་རྩ་འཛུགས་ཀྱི་ནུས་པ་དང་སྟོབས་ཤུགས་ཀྱང་མུ་མཐུད་དུ་ཡར་རྒྱས་སུ་འགྲོ་བཞིན་པར་མ་ཟད།   དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་མཉམ་གཅིག་གིས་འཕེལ་རྒྱས་སུ་འགྲོ་བའི་དམིགས་འབེན་ཡང་མངོན་འགྱུར་བྱས་ཡོད་ལ།  རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བཞག་ལའང་མིག་དཔེ་བཟང་བོ་ཞིག་བཞག་ཡོད་པ་རེད།

གོང་མ།:བདེ་འཇགས་ཡོད་ཚད། ཚེ་སྲོག་གི་རྟེན་གཞི། --རྩེ་ཁོག་རྫོང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣ་མ་བུན་ཡས་བློ་མཐུན་གྱི་བྱས་རྗེས།
འོག་མ།:ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བསྒྲུབས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འཆམ་མཐུན་གྱི་ལས་ལ་མཐའ་གཅིག་ཏུ་གཞོལ་བ
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།