ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བསྒྲུབས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འཆམ་མཐུན་གྱི་ལས་ལ་མཐའ་གཅིག་ཏུ་གཞོལ་བ
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

རོང་བོ་གྲོང་རྡལ་རོང་བོ་སྲང་ལམ་སྡེ་ཁུལ་གྱི་ཀྲུའུ་རིན་གཞོན་པ།  མཱ་ཀྲུང་ཡུན།

        རོང་བོ་སྲང་ལམ་སྡེ་ཁུལ་ནི་དགུ་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་ལ། གནས་འདིར་བོད་རིགས་དང་རྒྱ་རིགས། ཧེ་རིགས། ཟ་ལར་རིགས་སོགས་མི་རིགས་བཅུ་ཁ་ལྷག་དང་ཁྱིམ་ཚང་སྟོང་ལ་ཉེ་བ་འདུས་སྡོད་བྱས་ཡོད། གནས་བབ་གསར་པའི་འོག་འཆམ་མཐུན་ཁྱིམ་གཞི་འཛུགས་པའི་གོ་རིམ་ཁྲོད། རོང་བོ་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་ཀྱིས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་རོལ་ཐུབ་པ་ནི། སྡེ་ཁུལ་གྱི་ཀྲུའུ་རིན་གཞོན་པ་མཱ་ཀྲུང་ཡོན་གྱི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པ་རེད། བློ་མཐུན་མཱ་ཀྲུང་ཡོན་གྱིས༡༩༩༨ལོར་རོང་བོ་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར་བ་དང་། ༢༠༠༣ལོའི་ཟླ༣པར་སྡེ་ཁུལ་བཙུགས་རྗེས་སུ་སྡེ་ཁུལ་གྱི་སྡོད་དམངས་རྣམས་ཀྱིས་རོང་བོ་སྲང་ལམ་སྡེ་ཁུལ་གྱི་ཀྲུའུ་རིན་གཞོན་པར་བདམས་པ་རེད། སྡེ་ཁུལ་གྱི་ཀྲུའུ་རིན་གཞོན་པའི་འགན་འཁུར་བ་ནས་བཟུང་། བློ་མཐུན་མཱ་ཀྲུང་ཡུན་གྱིས་དཀའ་སྡུག་ལ་མགོ་མི་སྒུར་ཞིང་། སྡེ་ཁུལ་གྱི་བྱ་བ་དང་མང་ཚོགས་ཀྱི་བདེ་སྡུག་གི་ཆེད་དུ། ནམ་ཡང་ཁོམ་ལོང་མེད་པར་གྱུར་བ་རེད། ཏང་ཡོན་ཞིག་ཡིན་པའི་ཆ་ནས་ཁོས་མི་དམངས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་ནམ་ཡང་སེམས་ལ་དམ་པོར་བཅངས་ཡོད་ཅིང་། ཁོས་རང་ཉིད་ཀྱི་བབ་ཆགས་མངོན་ཆུང་གི་གཏམ་སྤྱོད་རེ་རེས་གྲགས་མེད་འགུལ་མེད་ངང་གཞན་གྱི་ཆེད་དུ་ཡོད་ཚད་བློས་གཏོང་བཞིན་ཡོད་པ་རེད།

          རོང་བོ་སྲང་ལམ་སྡེ་ཁུལ་གྱི་ཆེས་ཆེ་བའི་འགྱུར་ལྡོག་ནི་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་དེ་རེད། སྔོན་ཆད། རོང་བོའི་སྲང་ལམ་འགྲམ་གཉིས་སུ་གད་སྙིགས་དང་གཅིན་སྐྱགས་གང་སར་མཐོང་ཐུབ་ལ། སྲང་ལམ་ངོས་སུ་བཙོག་ཆུ་གང་སར་བཞུར་བཞིན་ཡོད་པ་མ་ཟད། དྲི་ངན་གང་སར་ཁྱབ་ཡོད་ལ། སྡོད་དམངས་རྣམས་ཀྱིས་རང་རང་གི་སྒོ་སྔུན་དུ་དངོས་རྫས་རྩག་རྩིག་གང་འདོད་དུ་འཇོག་པ་དང་སྤུངས་ཏེ། སྲང་ལམ་གྱི་སྣང་བཪྙན་དང་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པ་རེད། སྡེ་ཁུལ་གྱི་ཀྲུའུ་རིན་གཞོན་པ་ཡིན་པའི་ཆ་ནས་ཁོས་གསལ་བོར་ཤེས་ཡོད་པ་ནི། མང་ཚོགས་ཀྱི་ལག་ནས་གྲོན་དངུལ་བསྡུས་ཏེ་ཁོར་ཡུག་གི“བཙོག་རྫོབ་ཞན་གསུམ”གྱི་རྣམ་པ་གཙང་དག་བྱེད་པ་ནི། སྐབས་རིམ་པའི་ཀྲུའུ་རིན་རྣམ་པའི་སྤྱོད་པའི་བྱེད་ཐབས་ཤིག་ཡིན་ལ། འོན་ཀྱང་དུས་རྒྱུན་རྣམ་པ་ཙམ་བསྒྱུར་བ་ལས་ངོ་བོའི་སྟེང་ནས་བསྒྱུར་ཐུབ་མེད་ལ། རོང་བོ་སྲང་ལམ་གྱི་ཁོར་ཡུག་གི་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས་ན། ངེས་པར་ཡུན་རིང་ཕན་འབྲས་ལྡན་པའི་གཙང་སྦྲའི་ནང་རྐྱེན་ཞིག་འཛུགས་དགོས་པ་གསལ་བོར་ཤེས་ཡོད། དེར་བརྟེན། ཁོས་ཁོར་ཡུག་སྲུང་སྐྱོབ་ཅུའུ་དང་ལས་ཞུགས་ཅུའུ་སོགས་ལས་ཁུངས་མང་པོར་རེ་ཞུ་བྲིས་ཏེ། རོང་བོ་སྲང་ལམ་སྡེ་ཁུལ་གྱི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་པའི་སྡོད་དམངས་འཕྲོད་བསྟེན་གཙང་སྲུང་པར་བཀོད་སྒྲིག་བྱེད་པའི་རེ་བ་ཞུས་ཤིང་། ལོ་ཕྱེད་རིང་གི་ཧུར་བརྩོན་དང་མཐུན་སྦྱོར་བྱས་པ་བརྒྱུད། མཇུག་མཐར་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ཡང་བསྐྱར་ལས་ཞུགས་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་གསར་གཏོད་བྱས་ཏེ་ཁོར་ཡུག་གཙང་སྲུང་མི་སྣ་ཐག་གཅོད་བྱས་པ་མ་ཟད། རོང་བོ་སྲང་ལམ་བང་སོའི་སྐྱེད་ཚལ་ལམ་དང་ཨི་སི་ལིམ་ཆོས་ཁང་། ཞི་བདེའི་སྲང་ལམ་སོགས་ལའང་ཁོར་ཡུག་གཙང་སྲུང་མི་སྣ་བཀོད་སྒྲིག་བྱས་ནས། དུས་ལྟར་རང་རང་ལ་གཏན་འཁེལ་བྱས་པའི་གནས་སུ་གཙང་སྦྲ་བྱེད་པ་དང་གད་སྙིགས་གཙང་ཕགས་བྱས་ཏེ། རོང་བོ་སྲང་ལམ་སྡེ་ཁུལ་གྱི་ཁོར་ཡུག་རྩ་བ་ནས་བཅོས་སྒྱུར་བྱས་པ་དང་ཆབས་ཅིག  ཁོས་སྡེ་ཁུལ་གྱི་སྡོད་དམངས་ལ་ཧུར་ཐག་གིས་སྡེ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། ལོ་རྒྱུས་རིག་གནས་གནའ་མཁར་གྲགས་ཅན་གྱི་སྣང་བཪྙན་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་གཙང་སྦྲའི་གལ་ཆེན་རང་བཞིན་དྲིལ་བསྒྲགས་བྱས་ཏེ། སྡེ་ཁུལ་སྡོད་དམངས་ཡོངས་ཀྱིས་སྔོན་ཆད་ཀྱི་གོམས་གཤིས་ངན་པ་བསྒྱུར་ཏེ།  ཁོར་ཡུག་འཕྲོད་བསྟེན་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད། སྡེ་ཁུལ་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་འདྲ་ལ། དེའི་ཁྱིམ་བདག་ལ་མཚོན་ན་ཁྱིམ་མི་ཚང་མ་གཅེས་པར་སྐྱོང་དགོས་པ་རེད། རོང་བོ་སྲང་ལམ་སྡེ་ཁུལ་དུ་ཨ་ཅེ་རྒན་མོ་མཱ་ཧེ་སོགས་ཁེར་འདུག་བཅུ་ཁ་ལྷག་ཡོད་ལ། སྡེ་ཁུལ་གྱི་ཀྲུའུ་རིན་མཱ་ཀྲུང་ཡུན་ལ་མཚོན་ན་ནམ་ཡང་ལོ་ལོན་འདི་དག་གི་འཚོ་བར་སེམས་ཁུར་བྱས་ཡོད་ལ།ལོ་ལོན་འདི་དག་ལ་འཚོ་བའི་ཐད་ནས་གཟིགས་སྐྱོང་དཔེ་མེད་གནང་བཞིན་ཡོད། ཨ་ཅེ་རྒན་མོ་མཱ་ཧེ་ལ་མཚོན་ན་ལོ་ན་མཐོ་ཞིང་། གཉེན་ཉེ་མེད་པར་རྟེན་ས་ཁེན་ས་གཅིག་ཀྱང་མེད་པས། མོ་ལ་ནད་ལྕི་མོས་མནར་བའི་སྐབས་སུ།  ཀྲུའུ་རིན་མཱ་ཀྲུང་ཡུན་གྱིས་སྨན་ཁང་ལ་འདུག་པའི་སྨན་རིན་བསྡུ་རུབ་བྱས་ཏེ་ཧུར་ཐག་གིས་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་ལ་འབད་ཀྱང་གོ་མ་ཆོད་པར་ཁོ་མོ་ཚེ་ལས་འདས་པ་རེད། ཁོ་མོར་འདས་མཆོད་ལེགས་པོ་ཞིག་བསྒྲུབ་ཆེད། སྡེ་ཁུལ་གྱི་སྡོད་དམངས་ཁྲོད་ནས་མ་དངུལ་གྲབས་གསོག་མཛད་པ་ལས་གཞན་དམངས་སྲིད་ཅུའུ་དང་ཨི་སི་ལིམ་ཆོས་ཁང་ལ་མ་དངུལ་སྒོར་སྟོང་ལྷག་བསླངས་ཏེ་མོའི་འདས་མཆོད་བསྒྲུབས། སྡེ་ཁུལ་དུ་རྒྱུན་སྡོད་བྱེད་པའི་མཱ་ཧྲི་ཡུག་པུའུ་དང་མཱ་ཀྲུང་ཞའོ་གཉིས་ལ་ཁྱིམ་ཐོ་དང་སྡོད་ཁང་མེད་ལ་དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད་པས། མཐའ་འཁོར་མང་ཚོགས་ཀྱི་རོགས་རམ་དང་སྦྱིན་པ་བཏང་བ་ལ་བརྟེན་ནས་འཚོ་བའི་རྒྱུན་བསྲིངས་ཡོད་པ་རེད། ཀྲུའུ་རིན་མཱ་ཡིས་ཧུར་ཐག་གིས་སྤྱི་བདེ་དང་དམངས་སྲིད་སོགས་སྡེ་ཁག་ལ་གནས་ཚུལ་ཡར་ཞུ་བྱས་ཤིང་། ཁོང་གིས་འབད་འབུངས་ལྷོད་མེད་བྱས་པ་ལ་བརྟེན་ནས་མཱ་ཧྲི་ཡུག་པུའུ་ཡི་ཁྱིམ་ཐོ་ཐག་གཅོད་བྱས་པ་མ་ཟད། ཁོ་རང་ཉིད་བར་བ་བྱས་ཏེ་མཱ་ཧྲི་ཡུག་པུའུ་ལ་ཆུང་མ་བླངས་པ་དང་། ཁྱིམ་ཚང་གང་བོ་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་དུ་བཅུག་པ་དང་། གོང་བདེ་གླ་ཁང་དུ་སྡོད་པའི་གྲས་སུ་བཞག་པས། མིག་སྔར་མཱ་ཧྲི་ཡུག་པུའུ་ཁྱིམ་ཚང་གང་བོས་འཚོ་བ་སྐྱིད་པོ་ཞིག་རོལ་བཞིན་ཡོད་ལ། ཇི་ལྟར་དབུལ་ཐར་ཕྱུག་འགྱུར་བྱེད་པའི་ཐད་ལ་འབད་བཞིན་པ་རེད། མཱ་ཀྲུང་ཞའོ་ལ་མཚོན་ན་ཐུན་རིན་ལ་ཐོན་ནས་ལོ་ངོ་སུམ་ཅུ་བཞི་ཅུ་ལྷག་འགོར་བའི་འཁྱམ་པོ་ཞིག་ཡིན་ལ། སྔོན་ཆད་ཡིན་ན་མཱ་ཀྲུང་ཞའོ་ཡི་གནད་དོ་རྩད་གཅོད་བྱེད་མཁན་གཅིག་ཀྱང་མེད་མོད། འོན་ཀྱང་ཀྲུའུ་རིན་མཱ་ལ་མཚོན་ན་ཁོས་ལས་གནས་འདིའི་འགན་འཁུར་བ་ནས་བཟུང་།མཱ་ཀྲུང་ཞའོ་ཡི་འཚོ་ཚིས་ཐག་གཅོད་བྱེད་པར་བསམ་མནོ་གང་མང་ཞིག་བཏང་མཐར།

          མཱ་ཀྲུང་ཞོ་ཡི་ཉིན་གཅིག་གི་ཇ་ཐུན་གསུམ་གྱི་འཚོ་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ལ། ཁ་བ་བབས་ཏེ་འགྲོ་ལམ་མི་བདེ་ནའང་རང་ཉིད་ཀྱི་ཉེན་ཁར་མི་འཛེམས་པར་མཱ་ཀྲུང་ཞའོ་ཡི་སྡོད་སར་ཁོ་ལ་ལྟ་རུ་སོང་ནས་ཉལ་ཆས་བྱིན་པ་དང་། མཱ་ཀྲུང་ཞའོ་ལ་སྡེ་ཁུལ་གྱི་ཁྱིམ་ཚང་ཆེན་པོའི་ནང་དུ་འཚོ་བ་རོལ་བའི་དྲོད་ཁོལ་མྱངས་སུ་བཅུག གནས་ཚུལ་ཤེས་མཁན་དག་གིས་རྩེ་ཚར་གྱིས་མཱ་ཀྲུང་ཞའོ་ལཀྲུའུ་རིན་ཨ་ནེཞེས་འབོད་བཞིན་ཡོད།

         མི་རིགས་མཐུན་སྒྲིལ་གྱི་བྱ་བའི་ཕྱོགས་ནས་ཀྲུའུ་རིན་མཱ་ཡིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཞིང་། ཁོས་མི་རིགས་མཐུན་སྒྲིལ་གྱི་བྱ་བའི་ཐད་ལ་མཐོང་ཆེན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་བྱ་བའི་དོན་སྙིང་གལ་ཆེན་གཏིང་ཟབ་སྒོས་ངོས་འཛིན་བྱས་ཏེ། དུས་རྒྱུན་དུ་བོད་རིགས་དང་རྒྱ་རིགས།  མི་རིགས་གཞན་པ་གང་ཞིག་ཡིན་ཡང་མི་རིགས་ཀྱི་དུས་ཆེན་སྐབས་སུ་ཀྲུའུ་རིན་མཱ་འཚམས་འདྲི་རུ་སྐྱོད་པ་ཡིན་པས། ཨི་སི་ལིམ་ཆོས་ཁང་བསྐྱར་བསྐྲུན་བྱེད་སྐབས་ཀྱང་རང་གཞན་དང་མི་རིགས་ཀྱི་དབྱེ་བ་མེད་སྟབས། སྤྱི་ཚོགས་ལས་རིགས་ཁག་གིས་ཨི་སི་ལིམ་ཆོས་ཁང་བསྐྱར་བསྐྲུན་བྱེད་པར་འཚང་ཁ་ཤིག་ཤིག་གིས་ཞལ་འདེབས་ཕུལ་བར་མ་ཟད། ལྷག་པར་དུ་ད་ལོའི་ཟླ་བཞི་བར་རྨ་ལྷོ་ཁུལ་དགེ་འདུན་བཟང་པོ་དགེ་རྩ་ཚོགས་པའི་ཚོགས་གཙོ་དགེ་འདུན་བཟང་པོས་ཐུན་རིན་རྫོང་གི་ཨི་སི་ལིམ་ཆོས་ཁང་བསྐྱར་བསྐྲུན་ཐད་ལ་སྒོར་ཁྲི་བཅུའི་ཞལ་འདེབས་ཕུལ་ལ། འདི་དག་ཚང་མས་མི་རིགས་ཕན་ཚུན་བར་གྱི་མཐུན་སྒྲིལ་རོགས་རེས་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་མཛེས་སྡུག་གི་རེ་འདུན་དང་དོན་དངོས་ཀྱི་ལག་ལེན་མཚོན་ཡོད། ཀྲུའུ་རིན་མཱ་ལབཟང་ཆཆེས་ལེགས་པོ་ཞིག་ལྡན་པ་ནི་སྡོད་དམངས་ཀྱི་དངོས་ཡོད་དཀའ་ཁག་སེལ་མཁས་བོ་དང་། མང་ཚོགས་ཀྱི་བྱ་བའི་ཆེད་དུ་ཁོ་གང་སར་རྒྱུགས་ནས་དཀའ་ཁག་བརྗོད་པ་དང་རོགས་སྐྱོར་ཞུ་བ་དེ་ཡིན། སྡེ་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་མིའི་འགྲོ་འདུག་ལ་སྟབས་བདེ་བསྐྲུན་པ་དང་འཚོ་བའི་དཀའ་ཁག་གི་གནད་དོན་ཐག་གཅོད་བྱེད་ཆེད། ཁོས་ཐེངས་མང་པོར་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་མཐུན་ཚོགས་ལ་སོང་ནས། དབང་བོ་སྐྱོན་ཅན་དག་གི་ཚབ་བྱས་ཏེ་དཀའ་ཁག་ཞུས་ནས། རྣ་རོགས་ཉན་ཆས་དང་སྐུབ་སྟེགས་འཁོར་ལོ་ཅན། ལག་རྟེན། ཕྱེ་སོགས་ཐག་གཅོད་བྱས་ཤིང་། དབང་བོ་སྐྱོན་ཅན་ཚོས་རང་ལ་མཁོ་བའི་དངོས་པོ་བླངས་རྗེས་བཀའ་དྲིན་ཚད་མེད་ཞུ་སྐབས།  ད་གཟོད་ཁོས་ངལ་དུབ་ཡོད་ཚད་གར་སོང་ཆ་མེད་དུ་གྱུར། ཧན་ཨར་ལིས་ནི་སྡེ་ཁུལ་ཁྲོད་ཀྱི་དམིགས་བསལ་ཅན་གྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཞིག་ཡིན་ལ། གཞོན་པའི་དུས་སུ་ཆུང་མ་ཚེ་ལས་འདས་པ་དང་། ཆུང་མར་སྨན་བཅོས་བྱེད་ཆེད་དངུལ་བུན་མང་པོ་ཞིག་བསྐྱིས་ཡོད་སྟབས། གནོན་ཤུགས་ཤིན་ཏུ་ཆེ་བས་དབང་བོ་རྒྱུན་ལྡན་མིན་པར་གྱུར་ལ། ཁོའི་བུ་མོའང་ཁོ་དང་འདྲ་བར་གནོན་ཤུགས་ཆེན་པོས་འོག་དབང་བོ་རྒྱུན་ལྡན་མིན་པར་གྱུར་ཡོད། གནས་ཚུལ་དེ་ཤེས་རྗེས་ཀྲུའུ་རིན་མཱ་ཡིས་མི་དམངས་དངུལ་ཁང་དང་ཨེ་སི་ལིམ་ཆོས་ཁང་ལ་འབྲེལ་གཏུག་བྱས་ཏེ་ཧན་ཨར་ལིས་ཀྱི་འཚོ་བའི་གྲོན་དངུལ་ཁག་ཅིག་དང་ཕྱེ་སོགས་ཐག་གཅོད་བྱས་པ་དང་། རྗེས་སུ་ཧན་ཨར་ལིས་ཀྱི་བུ་མོ་སྨན་བཅོས་བྱ་ཆེད།ཀྲུའུ་རིན་མཱ་དམངས་སྲིད་ཅུའུ་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། འཕྲོད་བསྟེན་ཅུའུ། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་བཟོ་འགོད་གླིང་སོགས་ལས་ཁུངས་སུ་སོང་ནས་ཞལ་འདེབས་རོགས་སྐྱོར་ཞུས་ཏེ།  སྨན་རིན་སྒོར་ཁྲི་གཅིག་དང་སྟོང་ལྔ་བསྡུ་རུབ་བྱས་པར་མ་ཟད། ཁོས་རང་འགུལ་གྱིས་སྒོར༨༠༠བྱིན་ནས་ཞིང་ཆེན་དུ་སྨན་པ་སྟོན་དུ་སྐྱོད་པ་དང་། ནད་དྲགས་ནས་སྨན་ཁང་ལས་བུད་རྗེས།ཀྲུའུ་རིན་མཱ་ཡིས་ད་རུང་ཧན་ཨར་ལིས་ཀྱི་ཁྱིམ་ཚང་གི་འཚོ་བའི་ཆེད་དུ་འབད་འབུངས་བྱས་ལ། ཁོའི་ཟླ་ཕོགས་དེ་འདྲ་མཐོ་རྒྱུ་མེད་ནའང་ཪྙོག་འཛིང་ཆེ་བའི་སྡེ་ཁུལ་གྱི་བྱ་བའི་མདུན་ནས་ཕྱིར་བྱོལ་གཏན་ནས་བྱས་མ་མྱོང་ཞིང་། སྡེ་ཁུལ་གྱི་བྱ་བ་ལྷག་བསམ་རྣམ་དག་གིས་བསྒྲུབས་པ་ལས། རང་ཉིད་ཀྱི་ཐོབ་ཤོར་ལ་ནམ་ཡང་མི་བལྟ་བར། མང་ཚོགས་ཀྱི་དཀའ་སྡུག་ལ་སེམས་ཁུར་དང་མང་ཚོགས་ལ་དངོས་སུ་ཕན་ཁེ་ཞིག་ཐོབ་པར་ཐུགས་ཁུར་མཛད་བཞིན་ཡོད་ལ།ཀྲུའུ་རིན་མཱ་ནི་སྡེ་ཁུལ་གྱི་བྱ་སྒྲུབ་མི་སྣའི་ཁྲོད་ལོ་ན་ཆེས་ཆེ་བ་ཡིན་རུང་། ཁོས་ཐོབ་ཐང་གཏན་ནས་མི་གླེང་བར་མ་ཟད། དམངས་འཚོ་དང་འབྲེལ་བ་ཡོད་པའི་བྱ་བ་རྩག་རྩིག་ཅིག་ཡིན་འང་ཁོས་དངོས་སུ་བསྒྲུབ་པ་ཡིན་ལ། སྡེ་ཁུལ་གྱི་ན་གཞོན་བློ་མཐུན་ཚོས་མང་ཚོགས་ཀྱིས་བྱ་བ་སྣ་ཚོགས་ཀྱི་འགྲོ་ལུགས་བསྒྲུབ་པ་དང་འདྲི་རུ་ཡོང་ཚེ་སུན་སྣང་སྐྱེས་པ་ལ། ཁོས་ནམ་ཡང་སུན་སྣང་མེད་པར་འགྲེལ་བཤད་བྱེད་པ་དང་ལས་བསྒྲུབས་བྱས་པས།  དེ་ལྟར་དུས་ཡུན་རིང་བོ་ཞིག་འགོར་པས། རོང་བོ་ལམ་སྡེ་ཁུལ་གྱི་མང་ཚོགས་མང་པོ་ཞིག་ཁོམ་ལོང་རེ་ཡོད་ཚེ་བྱ་བ་མེད་ནའང་སྡེ་ཁུལ་དུ་ཡོང་ནས་སྐོར་བ་བྱེད་པས།  སྡེ་ཁུལ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཟབ་པོ་རུ་གྱུར་ཏེ། སྡེ་ཁུལ་དང་མང་ཚོགས་ཀྱི་བར་ཐག་ཇེ་ཉེ་རུ་བཏང་ཡོད། སྡེ་ཁུལ་གྱི་ཀྲུའུ་རིན་གཞོན་པ་ཞིག་ཡིན་པའི་ཆ་ནས། ཁོས་སྡེ་ཁུལ་གྱི་བྱ་བ་མང་པོ་ཞིག་གི་སྟེང་ནས་སྡེ་ཁུལ་གྱི་སྡོད་དམངས་རྣམས་ལ་དཔེ་སྟོན་གྱི་ནུས་པ་ཐོན་ཡོད་པར་མ་ཟད། སྡེ་ཁུལ་གྱི་སྡོད་དམངས་རྣམས་ཧུར་ཐག་གིས་སྣེ་ཁྲིད་བྱས་ཏེ། སི་ཁྲོན་བིན་ཁྲོན་གྱི་ས་འགུལ་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་འབུལ་བའི་བྱ་འགུལ་ཁྲོད། ཁོས་རང་ཉིད་ཀྱི་ཡོང་འབབ་ཉུང་ཡང་སྒོར་སུམ་བརྒྱ་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་ཏེ། རོང་བོ་ལམ་སྡེ་ཁུལ་གྱི་མང་ཚོགས་རྣམས་ཧུར་ཐག་གིས་ཞལ་འདེབས་འབུལ་བའི་བྱ་འགུལ་དུ་ཞུགས་པར་སྣེ་ཁྲིད་བྱས་ནས། མཇུག་མཐར་བསྡོམས་པས་སྒོར་ཁྲི་ལ་ཉེ་བ་ཞིག་ཞལ་འདེབས་སུ་ཕུལ།  ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱེད་སྐབས་ཁོས་ཆུ་རྐ་ནང་གི་བཙོག་པ་དང་དྲི་ངན་ལ་མི་འཛེམས་པར་སྣེ་ཁྲིད་ནས་གནོམ་དཀའ་ཞིང་དྲི་ངན་འཐིལ་བའི་གད་སྙིགས་གཙང་ཕགས་བྱས་པས། མཐའ་སྐོར་མང་ཚོགས་ཀྱིས་རང་འགུལ་སྒོས་རྩ་འཛུགས་དང་མཉམ་དུ་གཙང་ཕགས་བྱེད་པར་ཕན་ནུས་ལྡན་པའི་སྣེ་ཁྲིད་བྱས་པར་མ་ཟད། ཁོ་ཚོར་ཁོར་ཡུག་སྲུང་སྐྱོང་ཁྲོད་ཞུགས་པའི་འདུ་ཤེས་སྐྱེས་པར་བྱེད་ཆེད། སྔོན་ཆད་ཀྱིརང་གི་སྒོ་མདུན་ཁོ་ན་གཙང་སྦྲ་བྱེད་པའིའདུ་ཤེས་ཪྙིང་བ་དེ་རྩ་བ་ནས་བཅོས་བསྒྱུར་བྱས།  ཁོ་ལ་མཚོན་ན་སྡེ་ཁུལ་གྱི་ཪྙོག་འཛིང་ལྡན་པའི་བྱ་བ་རྩག་རྩིག་དང་།  ཁྱིམ་ཚང་གི་བྱ་བ་ཆེ་ཆུང་མང་པོ་སྣང་མེད་དུ་གཏན་ནས་བསྐྱུར་མ་མྱོང་། མང་ཚོགས་ཀྱི་འགལ་བ་འདུམ་འགྲིག་ཐད་ནས་ཀྱང་ཧུར་ཐག་གིས་ཐག་གཅོད་བྱེད་པ་ཡིན་ལ། ཁྱིམ་མཚེས་བར་གྱི་འགལ་བ་ཡིན་ནའང་འདྲ།  མནའ་མ་དང་ཨ་ནེ་བར་འགྲིག་མཐུན་མི་ཡོང་བ་གང་ཡིན་ཡང་། ཀྲུའུ་རིན་མཱ་ཡིས་གང་ནུས་ཀྱིས་འགལ་བ་རྣོ་ངར་ཅན་ནས་ཇེ་ཆུང་དུ་གཏོང་བ་དང་ཆུང་བ་ནས་མེད་པར་བཟོ་བ་ཡིན་ལ། ཆད་པ་བཅད་པའི་དུས་ཡུན་ལོངས་ནས་བཙོན་གྲོལ་བཏང་བའི་མི་སྣར་སྡོད་གནས་བཀོད་སྒྲིག་དང་འཚོ་བའི་ཡོ་ཆས་ཐག་གཅོད་བྱེད་པ་རེད། སྡེ་ཁུལ་དུ་རྟེན་ས་ཁེན་ས་མེད་ཅིང་ཚེ་ལས་འདས་རྗེས་དུར་འཇུག་བྱེད་སའི་ས་ཡང་མེད་པའི་འདས་པོར་ཡང་། ཀྲུའུ་རིན་མཱ་ཡིས་རང་གིས་ས་ཆ་མཁོ་འདོན་བྱས་ཏེ་ཤི་བོ་དུར་འཇུག་བྱེད་པ་རེད།

       སྔོན་ཆད་ཀྱི་མི་སྐད་གྲགས་ཅན་ཞིག་གིས་བཤད་པའི“ཟོག་གིས་ཟོས་པ་ནི་རྩྭ་ཡིན་ལ།  བཞོས་ནས་ཐོན་པ་ནི་འོ་མ་ཡིན”ཞེས་པའི་སྐད་ཆ་འདི། གལ་ཏེ་ཀྲུའུ་རིན་མཱ་ཡི་སྟེང་དུ་སྦྱར་ཚེ་ཅུང་ཙམ་ཡང་ཚད་ལས་བརྒལ་མེད་པ་རེད། ཁོས་དུས་རྒྱུན་སྡེ་ཁུལ་གྱི་བྱ་བ་རྩག་རྩིག་ལ་འབད་དེ་ཁོམ་ལོང་མེད་ན་ཡང་། རང་ཉིད་ཀྱི་ཐོབ་ཤོར་ལ་སྣང་དོགས་གཏན་ནས་མི་མཛད་པ་རེད། ཁོ་ལ་མཚོན་ན་ལོ་མང་པོར་སྡེ་ཁུལ་གྱི་བྱ་བ་བསྒྲུབས་པའི་གོ་རིམ་ཁྲོད་སྔོན་ཐོན་བྱ་སྒྲུབ་མཁན་གྱི་གཟི་བརྗིད་མཚན་སྙན་མང་པོ་ཞིག་བླངས་ཡོད་ནའང་། ཁོས་ང་རྒྱལ་དང་རང་རློམ་གཏན་ནས་མི་བྱེད་པར། ནན་ནན་ཏིག་གིས་སྔར་བཞིན་མང་ཚོགས་ལ་ཐུགས་ཁུར་མཛད་པ་རེད། བྱ་བ་བསྒྲུབས་པའི་ཁྲོད། ཁོས་རྩ་དོན་རྒྱུན་འཁྱོངས་བྱས་རྐྱེན་མི་ཉུང་ཤས་ཤིག་ལ་ཕོག་ཐུག་བཟོས་ཡོད་ལ། མང་ཚོགས་ཁ་ཤས་ཀྱིས་ཁེ་ཕན་རག་ཡོད་ནའང་སྔར་བཞིན་ཁོའི་སྟེང་མི་དགའ་བའི་རྣམ་འགྱུར་སྟོན་སྐབས། སྡེ་ཁུལ་གྱི་བྱ་སྒྲུབ་མི་སྣ་གཞན་དག་གིས་ཁོས་ཆེད་ལ་བདེན་ལུགས་རྩོད་སྐབས།  ཁོས་སྣང་དོགས་མེད་པར་འཛུམ་དང་བཅས་ལས་གྲོགས་ཚོར་ཁ་ལ་བྱེད་པ་དང་།  ནམ་རྒྱུན་གནས་ཚུལ་འདིའི་རིགས་ལ་འཕྲད་སྐབས། ཁོས་བཤད་པའི་སྐད་ཆ་ནི“སྐྱོན་མེད། ཁོ་ཚོར་ཅི་ལྟར་བཤད་ཀྱང་བཤད་དུ་ཆུག”ཅེས་པ་དེ་རེད།

      ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བསྒྲུབས་པ་དང་དམངས་ཀྱི་ཆེད་དུ་དཀའ་ཁག་སེལ་བའི་ཁོ་ལ་མཚོན་ན། སྡེ་ཁུལ་མང་ཚོགས་ཀྱི་འཆམ་མཐུན་འཚོ་བའི་ཆེད་དུ་མཐའ་གཅིག་ཏུ་འབད་འབུངས་བྱེད་པ་ཡིན་ལ། རྫོང་དང་གྲོང་རྡལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག  སྡེ་ཁུལ་གྱི་སྡོད་དམངས་དང་སྡེ་ཁུལ་བྱ་སྒྲུབ་མི་སྣས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་མཉམ་དུ་འབད་འབུངས་བྱས་ཚེ། སྡེ་ཁུལ་གྱི་མ་འོངས་པ་ནི་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡིན་པ་ཁོ་ལ་ཡིད་ཆེས་བརྟན་པོ་ཡོད་པ་རེད།།

གོང་མ།:མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ།བློ་མཐུན་ལྦང་ཀྲན་ཧཱ་ཡི་བྱ་བའི་མཛད་རྗེས།
འོག་མ།:རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མཚོ་སྐྱེལ་འདྲེན་རླངས་འཁོར་ཞབས་ཞུ་ཚད་ཡོད་འགན་ལེན་ཀུང་ཟིའི་ཏང་ཀྲི་པུའུ་ཡི་གནས་ཚུལ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།